གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

སྤུན་ཆ་ཨ་ལུ་༢ ལུ་ཤི་རྐྱེན།

༢/༧/༢༠༡༣   ༉ མོང་སྒར་རྫོང་ཁག་ དགྲ་མེད་རྩེ་རྒེད་འོག་ སེར་ཁག་པོ་གཡུས་ཚན་ནང་ སྐྱེས་ལོ་༤ ལང་མི་ བུམོ་ཅུང་ཅིག་དང་ སྐྱེས་ལོ་༢ ལང་མི་ བུཚ་ཅིག་ལུ་ ཤི་རྐྱེན་བྱུང་ཡོད་པའི་སྐོར་ལས་ རྫོང་ཁག་གི་ ཁྲིམས་སྲུང་འགག་པ་ཚུ་གིས་ ཞིབ་དཔྱད་འབད་བའི་བསྒང་ཡོདཔ་ཨིན་པས


སྤུན་ཆ་༢ པོ་དེ་ སྤྱི་ཟླ་༦ པའི་ཚེས་༢༧ ལུ་ ཤི་རྐྱེན་བྱུང་ཡོདཔ་ཨིན་པས།
དེ་ཡང་ ཨ་ལུ་༢ ཀྱི་ཨའི་དེ་ གཡུས་ཚན་དེ་ནང་གི་ ཁྱིམ་གཞན་ཅིག་ནང་ དགེ་རྩའི་དོན་ལུ་སོང་སྟེ་ ཕྱི་རུའི་ཆུ་ཚོད་༧:༣༠ དེ་ཅིག་ལུ་ ལོག་ཁྱིམ་ནང་ལྷོདཔ་ད་ བུམོ་ཅུང་དེ་ ཧེ་མ་ལས་ར་ ཤི་ཚར་ཡོདཔ་སྦེ་ མཐོང་ཡོདཔ་ཨིན་པས།
ཨིན་རུང་ བུཚ་དེ་ དབུགས་མ་ཆད་པར་ཡོདཔ་ལས་ དེ་འཕྲོ་ལས་ དགྲ་མེད་རྩེ་སྨན་ཁང་ནང་ བསྐྱལ་བའི་ཤུལ་ལས་ བཀྲིས་སྒང་སྨན་ཁང་ནང་ སྐྱེལ་བའི་ལམ་ཁར་ དགྲ་མེད་རྩེ་ལས་ ཀི་ལོ་མི་ཊར་༨ དེ་ཅིག་གི་ས་གནས་ གོཔ་ཟེར་སར་ལྷོདཔ་ད་ ཤི་སོཔ་ཨིན་པས།
ས་གནས་ཀྱི་མི་ཚུ་གིས་ སླབ་མིའི་ནང་ ཨམ་སྲུ་དེ་ལུ་ ཨ་ལུ་༦ ཡོད་པའི་གྲས་ལས་ ཆུང་ཤོས་ར་ ཚེ་འདས་༢ པོ་དེ་ ཨིནམ་བཞིན་དུ་ ཨ་རྟག་ར་ ཁྱིམ་ནང་སྡོད་དོ་ཡོདཔ་ལས་ རྐྱེན་ངན་དེ་ རྒྱུ་རྐྱེན་ག་ཅི་ལུ་བརྟེན་ཏེ་ བྱུང་བྱུངམ་ཨིན་ན་ ཧ་གོ་མི་ཚུགས་པས་ཟེར་ཨིན་པས།
གནད་དོན་དེ་གི་སྐོར་ལས་ ཚེ་འདས་ཀྱི་ཨའི་གིས་ དེ་འཕྲོ་ལས་ སྤུན་ཆ་ཚུ་ལུ་ བརྡ་ལན་འབད་བའི་ཤུལ་ལས་ རྒེད་འོག་གི་ འགོ་དཔོན་དང་ ཁྲིམས་སྲུང་འགག་པ་ལུ་ སྙན་ཞུ་འབད་དེ་ ཞིབ་དཔྱད་ཚུ་འབད་ནི་ འགོ་བཙུགས་ཡོདཔ་ཨིན་པས།
བརྟག་ཞིབ་འབདཝ་ད་ ཚེ་འདས་སྤུན་ཆ་༢ ཀྱི་གཟུགས་ཁར་ གནོད་སྐྱོན་ལ་སོགས་པ་ཚུ་ ག་ནི་ཡང་ བྱུང་བྱུངམ་མེདཔ་ཨིན་པས།
རྒྱལ་པོའི་གཟིམ་དཔོན་ཡིག་ཚང་གི་ཁ་ཐུག་ལས་ ཚེ་འདས་ཀྱི་ཕམ་ལུ་ སེམས་གསོ་དངུལ་ཀྲམ་༡༠,༠༠༠ གནང་ཡོདཔ་ཨིན་པའི་གནས་ཚུལ།

མོང་སྒར་ལས་ བདེ་ཆེན་ཚེ་རིང་།

No comments:

Post a Comment