གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

དམ་ཅན་སྡེ་ཚན་གྱིས་ རྒྱལ་རྟགས་ཐོབ་ཡོདཔ།

༢/༧/༢༠༡༣   ༉ སྤྱི་ལོ་༢༠༡༣ གྱི་ ཁྲི་ལོ་༢༥ འཁོར་བའི་ ཕྱི་རྒྱལ་གྱི་མདའ་གཞུའི་ཐོག་ལུ་ རྒྱལ་ཡོངས་མདའ་རྩེད་འགྲན་བསྡུར་ནང་ལས་ དམ་ཅན་སྡེ་ཚན་གྱིས་ ཨང་དང་པ་ཐོན་ཡོདཔ་ལས་ དུས་ཅི་གི་རྩིསཝ་ད་ རྒྱལ་རྟགས་ཀྱི་གསོལ་རས་ ཚར་༢ ཐོབ་ཨིན་པས།
དམ་ཅན་སྡེ་ཚན་གྱིས་ རྒྱལ་རྟགས་ཀྱི་ རྟེན་འབྲེལ་ལུ་ དཔལ་ལྡན་འབྲུག་པ་ཟེར་ ལགཔ་འཐུ་བའི་བསྒང་།


དེ་ཡང་ མདའ་རྩེད་འགྲན་བསྡུར་ ཉིནམ་དང་པའི་ནང་ དམ་ཅན་གྱིས་ སྐུགས་དང་པ་ཆོད་ཡོད་རུང་ སྐུགས་༢ པམ་དེ་ ཆོད་མ་ཚུགསཔ་ལས་ ཁ་ཙ་ འཕྲོ་མཐུད་རྩེད་འགྲན་གྱི་སྐོར་ཐེངས་༤ པ་ཚུན་ རྩེད་འགྲན་འབདཝ་ད་ དམ་ཅན་གྱིས་ རྒྱལ་ཁའི་མིང་གཏམ་ཐོབ་པའི་གྲངས་སུ་ གནས་ཐོ་བཀོད་ཚུགས་ཡོདཔ་ཨིན་པས།
ཡར་བསྐྱེད་སྡེ་ཚན་གྱིས་ ཉིནམ་དང་པའི་འཕྲོ་མཐུད་རྩེད་འགྲན་ནང་ སྐུགས་༡༡ ཐོབ་པའི་སྐབས་ དམ་ཅན་གྱིས་ སྐུགས་༢༥ ཐོབ་མི་དང་འབྲེལ་ སྐུགས་༢ སྦྱེལཝ་སྦྱེལ་སར་ ཆོད་དཔ་ལས་ སྤྱི་ལོ་༢༠༡༣ གྱི་ རྒྱལ་རྟགས་ཀྱི་གྲངས་སུ་ཚུད་ཡོདཔ་ཨིན་པས།
འབྲུག་རྒྱལ་ཡོངས་མདའ་རྩེད་ཚོགས་པ་གིས་ ཨང་དང་པ་ཐོན་མི་ལུ་ རྒྱལ་རྟགས་དང་སྦྲགས་ མི་ངོ་རེ་ལུ་ གསོལ་རས་དངུལ་ཀྲམ་༡༤,༠༠༠ གནས་པའི་ ཊི་སོཌ་ཆུ་ཚོད་ག་རཱི་རེ་དང་ ལག་ཁྱེར་ཚུ་ བྱིན་ཡོདཔ་ད་ ཨང་༢ པ་ཐོན་མི་ལུ་ རྒྱལ་རྟགས་དང་ དངུལ་ཀྲམ་༡༢,༠༠༠ གནས་པའི་ ཊི་སོཌ་ཆུ་ཚོད་ག་རཱི་རེ་དང་ ལག་ཁྱེར་ཚུ་ སྐུ་མགྲོན་གཙོ་བོ་ འབྲུག་སླར་འབྱུང་གློག་མེ་ལས་འཛིན་གྱི་དྲགོས་ ཚེ་དབང་རིན་ཆེན་གྱིས་ བྱིན་ཡི།
མཐའ་བཅད་འགྲན་བསྡུར་ཉིནམ་ ཕྱེད་དང་གཉིས་ཚུན་ རྩེད་འགྲན་འབད་མིའི་གྲས་ལས་ དམ་ཅན་གྱི་ རྩེད་འགྲན་པ་ མགོནམ་ཚེ་རིང་གིས་ སྐོར་ཐེངས་༢༠ འི་ནང་ བཀག་རེག་༢༠ ཕོག་མི་དང་ རྡོ་རྗེ་རྒྱལ་མཚན་གྱིས་ སྐོར་ཐེངས་༡༦ ནང་ བཀག་རེག་༡༦ ཕོག་ཡོདཔ་བཞིན་དུ་ བསོད་ནམས་རྒྱ་མཚོ་གིས་ སྐོར་ཐེངས་༦༢ ནང་ དོབ་སྦྱེལ་༩ ཕོག་མི་ལུ་བརྟེན་ མདའ་རྩེདཔ་དྲགོས་ཀྱིས་ གསོལ་རས་ དངུལ་ཀྲམ་༡༢,༠༠༠ གནས་པའི་ ཊི་སོཌ་ཆུ་ཚོད་ག་རཱི་རེ་བྱིན་ཡི།
དེ་བཟུམ་སྦེ་ ཡར་བསྐྱེད་སྡེ་ཚན་ལས་ ཨྱོན་རྡོ་རྗེ་གིས་ སྤྱི་ལོ་༢༠༡༣ ཟླ་༥ པའི་ཚེས་༢༡ ལས་ ཟླ་༦ པའི་ཚེས་༢༧ ཚུན་ སྐོར་ཐེངས་༧༨ ནང་ བཀག་རེག་༥༦ ཕོག་སྟེ་ ཨང་དང་པ་ཐོན་ཡོདཔ་ལས་ སྤྱི་ལོ་༢༠༡༣ གྱི་ ཁྲི་ལོ་༢༥ འི་ མདའ་རྩེདཔ་དྲགོས་སྦེ་ བཙག་འཐུ་གྲུབ་ཡོདཔ་ལས་ གསོལ་རས་དངུལ་ཀྲམ་༢༥,༠༠༠ གནས་པའི་ ཊི་སོཌ་ཆུ་ཚོད་ག་རཱི་ཅིག་བྱིན་ཡོད་པའི་གནས་ཚུལ།

བཀྲིས་ཕུན་ཚོགས།

No comments:

Post a Comment