གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

འབྲུག་མཉམ་རུབ་ཚོགས་པའི་ འདེམས་ངོ་བགྲེསཔ་ཚུ་ལུ་དྲི་དཔྱད།

༢/༧/༢༠༡༣    ༉ འདས་པའི་བདུན་ཕྲག་ནང་ བཀྲིས་སྒང་རྫོང་ཁག་ནང་ མི་མང་རྩོད་བསྡུར་འགོ་འདྲེན་འཐབ་པའི་སྐབས་ ཧེ་མའི་ འབྲུག་མཉམ་རུབ་ཚོགས་པའི་གཙོ་འཛིན་ རྡོ་རྗེ་ཆོས་སྒྲོན་དང་ མོ་གི་ཆ་རོགས་ ནོར་བུ་དབང་ཕྱུག་གིས་ སྤྱིར་བཏང་བཙག་འཐུའི་ནང་ དོ་འགྲན་འབད་ནིའི་དོན་ལུ་ མི་སེར་དམངས་གཙོ་ཚོགས་པའི་ འདེམས་ངོ་བགྲེསཔ་ཚུ་ལས་ གོ་སྐབས་འཕྱོག་མིའི་སྐོར་ལས་ དྲི་བ་ཚུ་བཀོད་ནུ


རྡོ་རྗེ་ཆོས་སྒྲོན་དེ་ འགོ་ཐོག་བཙག་འཐུའི་སྐབས་ཀྱི་ མི་སེར་དམངས་གཙོ་ཚོགས་པའི་འདེམས་ངོ་ ཁྲིམས་ཤིང་-རྐང་པར་ལས་ བསོད་ནམས་དཔལ་འབྱོར་གྱི་ ཚབ་སྦེ་དང་ ནོར་བུ་དབང་ཕྱུག་གིས་ བཀང་ལུང་-བསམ་མཁར་འདེམས་ཁོངས་ཀྱི་ མི་སེར་དམངས་གཙོ་ཚོགས་པའི་འདེམས་ངོ་ རྡོ་རྗེ་འབྲུག་པའི་ཚབ་ལུ་ ཐོན་ཡོདཔ་ཨིན་པས།
དེ་ལས་ འབྲུག་མཉམ་རུབ་ཚོགས་པའི་ ར་ལྡི་-སག་སྟེང་འདེམས་ཁོངས་ཀྱི་འདེམས་ངོ་ ཀུན་ལེགས་རྡོ་རྗེ་དེ་ མི་སེར་དམངས་གཙོ་ཚོགས་པའི་ འདེམས་ངོ་བགྲེསཔ་ གོང་སར་ཀརྨ་ཆོས་འཕེལ་གྱི་ཚབ་སྦེ་ བཙུགས་ཡོདཔ་ཨིན་པས།
མི་མང་རྩོད་བསྡུར་འབད་བའི་ཤུལ་ལུ་ བཀང་ལུང་-བསམ་མཁར་འདེམས་ཁོངས་ལས་ ན་གཞོན་ཅིག་གིས་ ནོར་བུ་དབང་ཕྱུག་ལུ་ མི་སེར་དམངས་གཙོ་ཚོགས་པའི་འདེམས་ངོ་ རྡོ་རྗེ་འབྲུག་པ་གིས་ འགོ་ཐོག་བཙག་འཐུ་སྐབས་ ཅི་དྲག་གང་དྲག་སྦེ་ རྩ་འགེངས་མི་ལུ་བརྟེན་ ཚོགས་པ་དེ་ སྤྱིར་བཏང་བཙག་འཐུའི་ནང་ ལྷོད་ཚུགས་ཡོད་རུང་ ཁོ་གི་ཚབ་སྦེ་ འཛུལ་དགོ་པའི་ གནད་དོན་ག་ཅི་ཨིན་ན་ཟེར་ དྲི་བ་བཀོད་ནུག།
ན་གཞོན་ལུ་ བཙག་འཐུའི་ནང་ དོ་འགྲན་འབད་ནི་གི་ མནོ་བསམ་ཡོདཔ་འོང་ནི་ཨིན་རུང་ རྒན་ཤོས་ཁྱོད་བཟུམ་གྱིས་ གོ་སྐབས་ལེན་མི་ལུ་ལྟཝ་ད་ ང་བཟུམ་མའི་ ན་གཞོན་ལུ་ ཚ་གྱང་ལང་དགོཔ་ བྱུང་ཡི་ཟེར་ ཚེ་རིང་ནོར་བུ་གིས་ བཤད་པའི་ཁར་ རྡོ་རྗེ་འབྲུག་པ་ལུ་ གོ་སྐབས་མ་བྱིན་པར་ འདེམས་ངོ་ཚབ་བཙུགས་དགོ་པའི་ གནད་དོན་ག་ཅི་ཨིན་ན་ མི་སེར་ཚུ་གིས་ ཤེས་དགོཔ་འདུག་ཟེར་ དྲི་ཡོདཔ་ཨིན་པས།
རྡོ་རྗེ་འབྲུག་པའི་ སྲིད་དོན་ཚེ་གཡོག་གི་ གོ་སྐབས་འཕྱོག་ཡོད་པའི་ ཁ་ཉེས་བཀལ་མི་ཚུ་ བདེན་པ་མེད་པའི་ ཁུངས་བཀལཝ་དང་འབྲེལ་ ནོར་བུ་དབང་ཕྱུག་གིས་ སླབ་མིའི་ནང་ འབྲུག་མཉམ་རུབ་ཚོགས་པ་གིས་ མི་སེར་དམངས་གཙོ་ཚོགས་པའི་ནང་ འཛུལ་ཞུགས་འབད་ནི་གི་ ཐག་བཅད་ཚུགས་ཚུགས་ལུ་ ལཱ་ཁག་བཏང་ཡི་ཟེར་ཨིནམ་ད་ འདེམས་ངོ་ཚབ་སྦེ་ འཛུལ་ཞུགས་འབད་མིའི་ཐད་ལུ་ ཁོ་རའི་ ཁ་ཐུག་ལས་ འཛུལ་ནི་གི་ སྤྲོ་བ་བསྐྱེདཔ་མིན་པར་ རྡོ་རྗེ་འབྲུག་པ་ཁོ་ར་གིས་ བརྒྱུད་འཕྲིན་ལན་ཐེངས་ལེ་ཤ་བཏང་སྟེ་ ཁོ་གི་ཚབ་སྦེ་ མི་སེར་དམངས་གཙོ་ཚོགས་པའི་ནང་ འཛུལ་དགོཔ་སྦེ་ ཨུ་ཚུགས་བསྐྱེད་ཅི་ཟེར་ ནོར་བུ་དབང་ཕྱུག་གིས་ དོགས་སེལ་འབད་ཡི།
ང་བཅས་ཀྱིས་ དམངས་གཙོའི་རིང་ལུགས་ཀྱི་ མཐའ་དོན་ལུ་ མནོ་བསམ་བཏང་ཐོག་ལས་ མི་སེར་ལུ་ གདམ་ཁ་རྐྱབ་ནི་གི་ གོ་སྐབས་བྱིན་ཐབས་ལུ་ མི་སེར་དམངས་གཙོ་ཚོགས་པའི་ནང་ འཛུལ་ཡི་ཟེར་ ཁོ་གིས་ སླབ་ཨིན་པས།
དེ་ལས་ མི་རྒས་ཤོས་ཀྱིས་ ན་གཞོན་ལས་ གོ་སྐབས་འཕྱོག་པའི་ཐད་ལུ་ ཁོ་ཡང་ གཞོན་ཤོས་ཅིག་ར་ཨིན་ཟེར་ ནོར་བུ་དབང་ཕྱུག་གིས་ དགོད་བྲ་དང་བཅས་སྦེ་སླབ་ནུག།
ད་རུང་ སྤྱི་ཟླ་༦ པའི་ཚེས་༢༩ ལུ་ འབྲུག་ཕུན་སུམ་ཚོགས་པའི་ ཁྲིམས་ཤིང་-རྐང་པར་གྱི་འདེམས་ངོ་ ཆོས་སྐྱིད་དབང་མོ་གིས་ཡང་ རྡོ་རྗེ་ཆོས་སྒྲོན་ལུ་ ཁ་ཉེས་ཅོག་འཐདཔ་སྦེ་བཀལ་ཡོདཔ་ཨིན་པས།
ང་གིས་ ལྟ་བ་ཅིན་ ཁྱོད་ཀྱིས་ མི་སེར་དམངས་གཙོ་ཚོགས་པའི་ འདེམས་ངོ་གི་ གོ་སྐབས་འཕྱོག་ཡོདཔ་བཟུམ་སྦེ་ མཐོང་སྣང་བྱུང་ཡི་ཟེར་ ཆོས་སྐྱིད་དབང་མོ་གིས་ བཤདཔ་ཨིན་པས།
དེ་འབདཝ་ད་ འབྲུག་མཉམ་རུབ་ཚོགས་པའི་ གཙོ་འཛིན་གྱིས་ མི་སེར་དམངས་གཙོ་ཚོགས་པའི་ འདེམས་ངོ་བགྲེསཔ་ཚུ་གི་ གོ་སྐབས་འཕྱོག་ནུག་ཟེར་ སླབ་མི་དེ་ མི་བདེན་ཟེར་ བཤད་པའི་ཁར་ མོ་ མི་སེར་དམངས་གཙོ་ཚོགས་པའི་ནང་ འཛུལ་མི་དེ་ གོ་སྐབས་འཕྱོགཔ་མིན་པར་ དམངས་གཙོའི་རིང་ལུགས་ཀྱི་ གཞི་འགྱམ་སྒྲིང་སྒྲིང་བཟོ་ཐབས་ལུ་ཨིན་ཟེར་ བཤདཔ་ཨིན་པས།
ང་ མི་སེར་དམངས་གཙོ་ཚོགས་པའི་ འདེམས་ངོ་བགྲེསཔ་གི་ཚབ་སྦེ་ འཛུལ་མི་དེ་ འབྲུག་ཕུན་སུམ་ཚོགས་པ་གིས་ འདེམས་ངོ་ལེ་ཤ་ཅིག་ ཚབ་བཙུགས་མི་དང་ དབྱེ་བ་ག་ནི་ཡང་མེད་ཟེར་ རྡོ་རྗེ་ཆོས་སྒྲོན་གྱིས་ སླབ་ཨིན་པས།
བསོད་ནམས་དཔལ་འབྱོར་གྱིས་ སླབ་མིའི་ནང་ ཁོ་ ཚོགས་པའི་ནང་ལས་ རྒྱབ་བཤུད་རྐྱབ་མི་ལུ་བརྟེན་ མོ་ ངེ་གི་ཚབ་མ་སྦེ་ འཛུལ་ཡི་ཟེར་ཨིནམ་ད་ ང་གིས་ ཨམ་རྡོ་རྗེ་ཆོས་སྒྲོན་་ལུ་ གོ་སྐབས་བྱིན་མི་དེ་ཡང་ མོ་གིས་ འགོ་ཐོག་བཙག་འཐུའི་སྐབས་ ཚོགས་རྒྱན་མཐོ་ཤོས་ཐོབ་ནི་དེ་གིས་ཨིན་ཟེར་ སླབ་ཨིན་པའི་གནས་ཚུལ།

No comments:

Post a Comment