གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

གཞུང་ཁྱིམ་ནང་ ཚུལ་མིན་ཐོག་ལུ་ སྡོད་སྤྱོད་འབད་མི་ཚུ་ ཐོན་འགྱོ་དགོ་པའི་ཡིག་འཕྲིན་བཏང་ཡོདཔ།

༢/༧/༢༠༡༣   ༉ རྒྱལ་ཡོངས་ཁྱིམ་བཟོ་གོང་འཕེལ་ལས་འཛིན་གྱིས་ ཐིམ་ཕུ་ལྕང་ཇི་ཇི་གི་ གཞུང་ཁྱིམ་ནང་ ཐོ་བཀོད་འབད་དེ་ཡོད་མི་ ཞི་གཡོགཔ་མེན་པར་ རང་གི་སྤུན་ཆ་བཞག་སྟེ་ཡོདཔ་ བདའ་བཟུན་མི་ལུ་བརྟེན་ ཟླ་ངོ་༡ གི་ནང་འཁོད་ལུ་ར་ ཐོན་འགྱོ་དགོཔ་སྦེ་ཡི་གུ་བཏང་ཡོད་མི་ལུ་བརྟེན་ ད་ལྟོ་སྡོད་ཁྱིམ་ནང་སྡོད་མི་ཚུ་གིས་ སྤྱི་ཟླ་༧ པའི་ ཟླ་མཇུག་ལུ་ ཁྱིམ་སྟོངམ་གཏོན་ནི་ཟེར་ ཁ་བཟེད་ཡོད་ཟེར་ ཡོངས་ཁྱབ་འཛིན་སྐྱོང་པ་ ཕྱག་རྡོར་ཝའི་རྒྱ་མཚོ་གིས་ སླབ་ཨིན་པས།
ཐིམ་ཕུ་ལྕང་ཇི་ཇི་ ཞི་གཡོགཔ་དབྱེ་རིམ་༩ ཡན་ཆད་འབད་མི་ཚུ་གི་ གཞུང་མིན་གྱི་ མཐོང་སྣང་།


ཡོངས་ཁྱབ་འཛིན་སྐྱོང་པ་གིས་འབད་བ་ཅིན་ དེ་བཟུམ་སྦེ་ དོགས་པ་ཡོད་མི་ ལྕང་ཇི་ཇི་གཞུང་ཁྱིམ་ནང་སྡོད་མི་༤ ཡོད་ཟེར་ཨིནམ་ད་ ག་དེམ་ཅིག་སྦེ་ ལོ་རྒྱུས་དེ་བདེནམ་སྦེ་ཐོན་སོ་པ་ཅིན་ ཁོང་ཚུ་ཡང་ གཏོན་གཏང་དགོཔ་འོང་ཟེར་ཨིན་པས།
ལྕང་ཇི་ཇི་གི་གཞུང་གི་སྡོད་ཁྱིམ་ནང་ སྡོད་མི་ཚུ་ ཐོ་བཀོད་འབད་དེ་སྡོད་མི་ ཁོང་ར་མེན་པར་ གཞན་བཞག་ཡོད་མི་ཚུ་ རྒྱལ་ཡོངས་ཁྱིམ་བཟོ་གོང་འཕེལ་ལས་འཛིན་གྱིས་ བཏོན་བཏང་ནི་གི་ལས་རིམ་དེ་ ལོ་༢ ཀྱི་ཧེ་མ་ལས་ འགོ་བཙུགས་ཅི་ཟེར་ཨིནམ་ད་ ད་ལྟོ་ཚུན་ཚོད་ཀྱི་བར་ན་ བཟའ་ཚང་༢༠ དེ་ཅིག་ བཏོན་བཏང་ཡི་ཟེར་ཨིན་པས།
ཡོངས་ཁྱབ་འཛིན་སྐྱོང་པ་ ཕྱག་རྡོར་གྱིས་འབད་བ་ཅིན་ ཞི་གཡོགཔ་གི་མིང་ཐོ་ཁར་ སྡོད་ཁྱིམ་ལེན་ཞིནམ་ལས་ ཁོང་རའི་ཆ་རོགས་དང་ སྤུན་ཆ་ལུ་ བྱིན་མི་གི་ཐད་ཁར་ ད་ལྟོ་ཁྲིམས་འདུན་ལུ་ རྩོད་གཞི་ཁག་༤ བཙུགས་ཏེ་ཡོད་ཟེར་ཨིན་པས།
 ཁྲིམས་འདུན་ནང་ རྩོད་གཞི་བཙུགས་ཏེ་ ལོ་༡ ལང་སོང་རུང་ གྲོས་ཐག་མ་བཅད་ནི་དེ་གིས་ མི་ཚུ་གཞུང་ཁྱིམ་ནང་ར་ སྡོད་དོ་ཡོདཔ་ཨིན་རུང་ ཕྱག་རྡོར་གྱིས་འབད་བ་ཅིན་ གནད་དོན་དེ་ འཕྲལ་མགྱོགས་ར་ སེལ་ཚུགས་པའི་རེ་བ་བསྐྱེད་དོ་ཟེར་ཨིན་པས།
རྒྱལ་ཡོངས་ཁྱིམ་བཟོ་གོང་འཕེལ་ལས་འཛིན་གྱི་ འགོ་དཔོན་ཚུ་གིས་འབད་བ་ཅིན་ མི་ཚུ་ གཞུང་ཁྱིམ་ནང་ལས་ཐོན་འགྱོ་བའི་སྐབས་ ཁང་གླ་མ་སྤྲོད་པ་འགྱོ་མི་ཡང་ཡོདཔ་མ་ཚད་ ལ་ལུ་ཅིག་གིས་ གཞུང་གི་ཁྱིམ་ལེན་ཞིནམ་ལས་ དེ་ནང་མ་སྡོད་པར་ གཞན་ལུ་ ཁང་གླ་ནང་སྤྲོད་མི་ཡང་ཡོད་པའི་ ལོ་རྒྱུས་འདུག་ཟེར་ཨིན་པས།
འགོ་དཔོན་ཚུ་གིས་འབད་བ་ཅིན་ དབྱེ་ཞིབ་འབད་བ་འགྱོ་བའི་སྐབས་ ལས་རིམ་བཟོ་སྟེ་མིན་པར་ རེ་ཚེ་སྐབས་ ཧང་སྟོང་མར་ ས་གནས་ནང་ དབྱེ་ཞིབ་འབདཝ་ཨིན་ཟེར་ཨིན་པས།
ལྕང་ཇི་ཇི་ས་གནས་ཀྱི་ཚོགས་པ་ལུ་ སྡོད་ཁྱིམ་ལྟ་རྟོག་འབད་ནི་གི་ འགན་ཁུར་སྤྲོད་དེ་ཡོདཔ་ལས་ སྡོད་ཁྱིམ་ཚུ་ ག་གིས་ལག་ལེན་འཐབ་དོ་ཡོདཔ་ཨིན་ན་གི་སྐོར་ལས་ ཁོ་ལས་ཤེས་ཚུགསཔ་མ་ཚད་ ས་གནས་ནང་སྡོད་མི་ ཁྱིམ་ཚང་ཚུ་གིས་ཡང་ སླབ་མི་ཐོནམ་མས་ཟེར་ འགོ་དཔོན་ཚུ་གིས་སླབ་ཨིན་པས།
ཞི་གཡོགཔ་ཅིག་གི་ མིང་ཐོག་ཁ་ཡོད་མིའི་གཞུང་གི་སྡོད་ཁྱིམ་དེ་ ཚར་༡ གཞུང་གི་ལོག་རྩིས་ལེན་ཞིནམ་ལས་ ཤུལ་ལས་ཞི་གཡོགཔ་དེ་ གཞུང་གི་ཁྱིམ་ ག་ཅི་བཟུམ་ཅིག་ར་སྟོངམོ་ཐོན་རུང་ ཐོབ་ལམ་མེད་ཟེར་ ཕྱག་རྡོར་ཝའི་རྒྱ་མཚོ་གིས་སླབ་ཨིན་པས།
ག་དེམ་ཅིག་སྦེ་ གཞུང་གི་སྡོད་ཁྱིམ་ནང་ལས་ཐོན་འགྱོ་དགོཔ་སྦེ་ སླབ་སྟེ་འབད་རུང་ ཐོན་འགྱོ་མ་བཏུབ་འདྲཝ་ཅིག་འབད་བ་ཅིན་ རྒྱལ་ཡོངས་ཁྱིམ་བཟོ་གོང་འཕེལ་ལས་འཛིན་གྱིས་ གནད་དོན་དེ་ ཁྲིམས་བདུན་ལུ་ བཀལ་ཐོག་ལས་ རྩོད་གཞི་ཕྱེ་ནི་ཟེར་ཨིན་པས།
ཡོངས་ཁྱབ་འཛིན་སྐྱོང་པ་གིས་ འབད་བ་ཅིན་ སྤྱི་ལོ་༢༠༠༣ ལུ་ ལྕང་ཇི་ཇི་གི་ཁྱིམ་ཚུ་འགོ་དང་པ་ བགོ་བཀྲམ་འབད་བའི་སྐབས་ ཞི་གཡོགཔ་གི་ གོ་གནས་དབྱེ་རིམ་༩ པ་མན་ཆད་ཚུ་ལུ་བྱིན་ཡོདཔ་བཞིན་དུ་ ད་ལྟོ་ཁོང་ཚུ་ དབྱེ་རིམ་༧ པ་ནང་ ལྷོད་མི་ཡང་འོང་ཟེར་ཨིན་པས།
ཨིན་རུང་ ལ་ལུ་ཅིག་གིས་ གཞུང་གི་སྡོད་ཁྱིམ་ཚུ་ གོ་གནས་མཐོ་བའི་ འགོ་དཔོན་ཚུ་ལུ་ བྱིནམ་མས་ཟེར་ ཉོགས་བཤད་བཀོད་དོ་ཡོདཔ་ཨིན་རུང་ གོ་གནས་ཡར་སེང་འགྱོཝ་ད་ གཞུང་གི་སྡོད་ཁྱིམ་ནང་ལས་ འཐོན་འགྱོ་དགོཔ་སྦེ་ ལམ་ལུགས་དང་ ཁྲིམས་ལུགས་ཚུ་ནང་ འཁོད་དེ་མིན་འདུག་ཟེར་ཨིན་པས།
རྒྱལ་ཡོངས་ཁྱིམ་བཟོ་གོང་འཕེལ་ལས་འཛིན་གྱིས་ རྒྱལ་ཁབ་ནང་འཁོད་ལུ་ སྡོད་ཁྱིམ་༢༠༠༠ ལྷགཔ་ཅིག་ཡོད་མིའི་ནང་ལས་༡༡༠༠ དེ་ ཐིམ་ཕུ་རྒྱལ་ས་ལྟེ་བ་ལུ་ ཡོདཔ་ཨིན་པའི་གནས་ཚུལ།

ཡེ་ཤེས་སྒྲོལ་མ།

No comments:

Post a Comment