གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

ལོ་༥ འི་ཧེ་མར་ སྤྱང་ཀ་ཅིག་སྦེ་གནས་ཡོད་རུང་ ད་རེས་ གོང་འཕེལ་སོང་ཡོདཔ།

༢/༧/༢༠༡༣   ༉ དང་ཕུ་ འབྲུག་དང་བོད་ཀྱི་བར་ན་ ཚོང་འབྲེལ་འཐབ་སྡོད་པའི་ ནམ་དུས་ལུ་ རྒྱལ་ཁབ་ཀྱི་ རྫོང་ཁག་ཚུ་གི་གྲས་ལས་ ལྷུན་རྩེ་རྫོང་ཁག་དེ་ ཕྱུགཔོ་ཅིག་སྦེ་ སྡོད་ཡོདཔ་ཨིན་རུང་ དེ་གི་ཤུལ་ལས་ འདས་པའི་ལོ་༥ ཚུན་ལུ་ གཞན་མི་རྫོང་ཁག་ཚུ་ གོང་འཕེལ་སོང་རུང་ ལྷུན་རྩེ་དེ་ གོང་འཕེལ་གཏང་མ་ཚུགས་པར་ ལུས་ཡོདཔ་ཨིན་པས།
འབྲུག་ཕུན་སུམ་ཚོགས་པའི་གཙོ་འཛིན་ འཇིགས་མེད་འཕྲིན་ལས་ གདུང་དཀར་ལུ་ བསྐུལ་བསྒྲགས་འབད་བར་ འགྱོ་བའི་བསྒང་།


དེ་ཡང་ སྤྱི་ཟླ་༦ པའི་ཚེས་༣༠ ལུ་ ལྷུན་རྩེ་རྫོང་ཁག་ གདུང་དཀར་ལུ་ཡོད་པའི་ གདུང་དཀར་སློབ་གྲྭ་ཆུང་བའི་ སྤྱི་དོན་ཁང་ནང་སྦེ་ བསྐུལ་བསྒྲགས་འབད་བའི་སྐབས་ འབྲུག་ཕུན་སུམ་ཚོགས་པའི་གཙོ་འཛིན་ འཇིགས་མེད་འཕྲིན་ལས་ཀྱིས་ མི་སེར་ཚུ་ལུ་ གོ་བ་བཤད་དེ་ སླབ་ཡོདཔ་ཨིན།
གཙོ་འཛིན་གྱིས་འབད་བ་ཅིན་ ལྷུན་རྩེའི་ མི་མང་ཤོས་ཅིག་གིས་ སྔོན་མ་ རང་གི་ཕམ་ཚུ་གིས་རྐྱབ་མི་ ཁྱིམ་སྦོམ་ཚུ་ཡང་ སྒོ་བསྡམས་བཞག་ཐོག་ལས་ དམིགས་བསལ་དུ་ ཐིམ་ཕུ་ལས་ཕར་ གནས་སྤོ་སོང་ནུག་ཟེར་ཨིནམ་ད་ ད་རེས་ འབྲུག་ཕུན་སུམ་ཚོགས་པ་གིས་ རྫོང་ཁག་ནང་ གོང་འཕེལ་གྱི་ལས་སྣ་ཚུ་ འདྲ་མཉམ་སྦེ་ འགོ་འདྲེན་འཐབ་སྟེ་ གོང་འཕེལ་སྦོམ་བཏང་མི་དང་འཁྲིལ་ ད་རེས་ རྫོང་ཁག་གཞན་ཁར་ལས་ཕར་ སོང་སྟེ་ཡོད་མི་ མི་ཚུ་གིས་ཡང་ གཡུས་ཁར་ལོག་འཐོན་འོང་ཟེར་སླབ་ཅི།
ཁོ་གིས་འབད་བ་ཅིན་ དེ་དང་འཁྲིལ་ མི་སེར་དང་གཞུང་ གཅིག་གིས་གཅིག་ ལག་པར་བཤེད་དེ་ ཡར་འཐེན་ཐོག་ལས་ གོང་འཕེལ་གཏང་དགེ་ཟེར་ སླབ་ཡོདཔ་ཨིན།
བསྐུལ་བསྒྲགས་འགོ་བཙུགས་པའི་སྐབས་ སྐྱེལ་ལོ་༦༠ རེ་གྲངས་ནང་འབད་བའི་ ཕོ་སྐྱེས་ཅིག་གིས་ ཁོ་གི་གཡུས་ཁར་ འཐུང་ཆུ་མ་ལང་པའི་ དཀའ་ངལ་གྱི་སྐོར་ལས་ ཞུ་བའི་སྐབས་ གཙོ་འཛིན་གྱིས་ ས་གནས་ནང་ ཡུན་བརྟན་གྱི་ རྐ་ཅིག་ཡོད་པ་ཅིན་ དཀའ་ངལ་དེ་ འཇམ་ཏོང་ཏོ་སྦེ་ བསལ་ཚུགས་ཟེར་སླབ་ཅི།
དེ་མ་ཚད་ མི་སེར་ཚུ་ལུ་ ཞིང་ཆུ་ལངམ་སྦེ་བཏོན་ནི་དེ་ འཆར་གཞི་༡༡ པའི་ གཙོ་རིམ་དང་པའི་ནང་ར་ ཚུད་དེ་ཡོདཔ་ལས་ ཚ་གྱང་ལང་དགོཔ་མེད་ཟེར་སླབ་ཅི།
དེ་ལས་ གཙོ་འཛིན་འཇིགས་མེད་འཕྲིན་ལས་ཀྱིས་ མི་སེར་ཚུ་གིས་ གཞུང་ག་བཟུམ་ཅིག་ བཙག་འཐུ་འབད་དགོཔ་ཨིན་ནའི་སྐོར་ལས་ གོ་བརྡ་སྤྲོད་པའི་སྐབས་ ཨམ་སྲུ་༢ དེ་ཅིག་གིས་ འབྲུག་ཕུན་སུམ་ཚོགས་པ་ལུ་ རྒྱབ་སྐྱོར་ཡོདཔ་སྦེ་སླབ་ཅི།
འདས་པའི་གཞུང་སྐྱོང་གི་སྐབས་ལུ་ ག་ཅི་ར་ འབད་ཡོདཔ་ཨིན་ནའི་སྐོར་ལས་ དྲན་གསོ་འབད་མིའི་ནང་ འབྲུག་ཕུན་སུམ་ཚོགས་པའི་གཞུང་གིས་ རྒྱལ་ཁབ་ཀྱི་ རྫོང་ཁག་ཚུ་ནང་ བསྡོམས་ཀྱིས་ འཕྲུལ་གླང་པ་ཝར་ཊི་ལར་༦,༠༠༠ དེ་ཅིག་ མཁོ་སྒྲུབ་འབད་དེ་ སྤྲོད་ཡོདཔ་ཨིན་རུང་ ད་ལྟོའི་བར་ན་ཡང་ འཁོ་འདོད་གྲུབ་མ་ཚུགས་པར་ ཡོད་ཟེར་ཨིན་པས།
དེ་འབད་ནི་དེ་གིས་ ད་ལས་ཕར་ ད་ལྟོའི་གནས་སྟངས་ནང་བཟུམ་སྦེ་ ཇ་པཱན་རྒྱལ་ཁབ་ རྐྱངམ་གཅིག་ནང་ལས་མེན་པར་ སྤུས་ཚད་ཅན་གྱི་ འཕྲུལ་ཆས་བཟོ་སྐྲུན་འབད་མི་ རྒྱལ་ཁབ་གཞན་ཚུ་ལས་ཡང་ ཉོ་སྒྲུབ་འབད་ཐོག་ལས་ རྫོང་ཁག་རེ་ནང་ འཕྲུལ་ཆས་གླ་ཁར་ལེན་ནི་ཚུ་ གཞི་བཙུགས་འབད་ནི་ཨིན་ཟེར་ ཁས་བླངས་གསལ་བསྒྲགས་འབད་ཡི།
འཕྲུལ་གླང་ཚུ་ ཕྲངམ་ཕྲང་ས་ མི་སེར་ཚུ་ལུ་ མི་སྤྲོད་ནི་ཨིན་མི་དེ་ཡང་ མི་སེར་ཚུ་གིས་ བདག་འཛིན་འཐབ་མ་ཚུགས་ནི་དེ་གིས་ ཨིན་ཟེར་ཨིན་པས།
ད་རེས་ བཙག་འཐུ་རན་མི་དང་འཁྲིལ་ འབྲུག་ཕུན་སུམ་ཚོགས་པ་ལུ་ མ་དགའ་མི་ཚུ་གིས་ གཏམ་འདྲ་མིན་སྣ་ཚོགས་ སླབ་དོ་ཡོད་མི་ལུ་ ཡིད་ཆེས་བསྐྱེད་ནི་མི་འོང་ཟེར་ཨིནམ་ད་ འཆར་གཞི་༡༡ པ་དང་༡༢ པ་ལ་སོགས་པ་ཚུ་ གཞུང་གིས་བཟོ་དགོཔ་ཨིནམ་ ཤེས་དགོཔ་འདི་ ཁག་ཆེ་ཟེར་ཨིནམ་ད་ གལ་སྲིད་གཞུང་མེད་པ་ཅིན་ འཆར་གཞི་ཚུ་ འོང་ར་མི་འོང་ཟེར་ཨིན་པས།
དེ་སྦེ་སླབ་མི་དེ་ཡང་ སྲིད་ཚོགས་གཞན་མི་དེ་གིས་ འཆར་གཞི་༡༠ པ་དེ་ དམངས་གཙོའི་གཞུང་གི་ ཧེ་མ་ལས་ར་ཡོདཔ་ད་ མ་དངུལ་ཚུ་ཡང་ ཧེ་མ་ལས་ཡོད་ནི་དེ་གིས་ འབྲུག་ཕུན་སུམ་ཚོགས་པ་གིས་ ག་ཅི་ཡང་ འབད་འབདཝ་མེད་ཟེར་ སླབ་མི་ལུ་བརྟེན་ཏེ་ཨིན་པས།
གཙོ་འཛིན་འཇིགས་མེད་འཕྲིན་ལས་ཀྱིས་འབད་བ་ཅིན་ གཞུང་དེ་ ལེགས་ཤོམ་ཡོད་པ་ཅིན་ འཆར་གཞི་ཚུ་ཡང་ ལེགས་ཤོམ་སྦེ་ བརྩམ་ཐོག་ལས་ ལག་ལེན་འཐབ་ཚུགས་ནི་ཨིན་རུང་ གལ་སྲིད་ གཞུང་དེ་ ལེགས་ཤོམ་མེད་པར་ འཆར་གཞིའི་ལཱ་ཚུ་ ལེགས་ཤོམ་སྦེ་ བརྩམ་མ་ཚུགས་པ་ཅིན་ གཞུང་གི་འཐུས་ཤོར་སྦོམ་ཤོས་ཅིག་ ཨིན་ཟེར་ཨིན་པས།
དེ་ལས་ ཉིན་མའི་ལྟོ་བཟའ་ཞིནམ་ལས་ གཙོ་འཛིན་གྱིས་ ཕུ་ཡུམ་འབྲིང་རིམ་སློབ་གྲྭ་གོང་མིའི་ སྤྱི་དོན་ཁང་ནང་སྦེ་ བསྐུལ་བསྒྲགས་འབད་བའི་སྐབས་ ད་རེས་ཁམས་ སྲིད་ཚོགས་གཞན་མི་དེ་གིས་ འཆར་གཞི་༡༡ པའི་དོན་ལུ་ མ་དངུལ་ཡོདཔ་ལས་ དེ་གིས་ གནམ་གྲུ་ཧེ་ལི་ཀོབ་ཊར་ཚུ་ ཉོ་ནི་ཨིན་ཟེར་ སླབ་ཡོདཔ་ཨིན་རུང་ དེ་ལུ་ འབྲུག་ཕུན་སུམ་ཚོགས་པའི་ གཙོ་འཛིན་གྱིས་ ད་ལྟོ་ འཆར་གཞི་མེད་པའི་ཁར་ མ་དངུལ་ཚུ་ཡང་ རྩ་ལས་ར་མེད་ཟེར་ དོགས་སེལ་འབད་ཡི།
ཕྱི་རུ་ཁམས་ཅིག་ཁར་ ལྷུན་རྩེ་ལས་ མོང་སྒར་ལུ་ལྷོད་དེ་ མོང་སྒར་ཁྲོམ་ཁར་སྦེ་ བསྐུལ་བསྒྲགས་འབད་ཡོདཔ་ད་ དེ་ནང་ཡང་ རྫོང་ཁག་གཞན་ཚུ་ནང་བཟུམ་སྦེ་ རྒྱལ་ཡོངས་ཀྱི་བུ་ལོན་དང་ འབྲུག་ཕུན་སུམ་ཚོགས་པའི་ འདས་པའི་ལོ་༥ འི་རིང་གི་གྲུབ་འབྲས་ དེ་ལས་ ཚོགས་རྒྱན་བཙུགས་པའི་སྐབས་ རིགཔ་བསྒྱིམ་དགོ་པའི་ ཁ་བཀོད་བྱིན་ཡོདཔ་ཨིན།
གཙོ་འཛིན་གྱིས་ བཤད་མིའི་ནང་ གཞན་ལས་ ནང་གསུག་ལེན་ནི་དེ་ ལས་སྦོམ་ཅིག་དང་ དམ་ཉམས་ཀྱི་ ཟས་ཅིག་འབདཝ་ལས་ རྩ་ལས་ར་ ལེན་མ་རུངམ་ཨིན་རུང་ ག་དེམ་ཅིག་སྦེ་ རང་གི་དགོས་མཁོ་དང་བསྟུན་ ལེན་དགོཔ་ཐོན་པ་ཅིན་ ལས་དེ་ སངས་ཐབས་ལུ་ ཚོགས་རྒྱན་དེ་ སྲིད་ཚོགས་གཞན་མི་དེ་ལུ་ བཙུགས་དགོཔ་སྦེ་ སླབ་ཡོད་པའི་གནས་ཚུལ།

ཉི་མ་དབང་འདུས།

No comments:

Post a Comment