གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

ཚོགས་པའི་གཙོ་འཛིན་༢ ཆ་ར་གིས་ ཅང་ཅེ་དང་ རྩི་རང་སྟོད་བར་ནའི་འཁོར་ལམ་ ལེགས་བཅོས་འབད་ནི་ལུ་ཁས་བླངས།

༢/༧/༢༠༡༣   ༉ རྩི་རང་རྫོང་ཁག་ ཅང་ཅེ་དང་ རྩི་རང་སྟོད་བར་ནའི་འཁོར་ལམ་ ལེགས་བཅོས་འབད་ནི་དེ་ བདུན་ཕྲག་ཧེ་མའི་ རེས་གཟའ་སྤེན་པ་ལུ་ ལྟ་སྐོར་འབད་མི་ མི་སེར་དམངས་གཙོ་ཚོགས་པའི་གཙོ་འཛིན་དང་ སྤྱི་ཟླ་༦ པའི་ཚེས་༢༡ ལུ་ ལྟ་སྐོར་འབད་མི་ འབྲུག་ཕུན་སུམ་ཚོགས་པའི་གཙོ་འཛིན་༢ ཆ་ར་གིས་ ཁས་བླངས་འབད་ཡོད་མི་ལུ་ མི་སེར་མང་ཤོས་ར་ སེམས་དགའ་ཡོདཔ་ཨིན་པས།
ཉེན་ཁ་ཅན་གྱི་གནས་སྟངས་ནང་ཡོད་པའི་ ཟམ་གྱི་མཐོང་སྣང་།


མི་སེར་དམངས་གཙོ་ཚོགས་པའི་གཙོ་འཛིན་ ཚེ་རིང་སྟོབས་རྒྱས་ཀྱིས་ སླབ་མིའི་ནང་ ཚོགས་པ་གིས་ གལ་སྲིད་རྒྱལ་ཁ་འཐོབ་པ་ཅིན་ འཁོར་ལམ་དེ་ ལེགས་བཅོས་འབད་ནི་ཨིན་པའི་ཁར་ རྩི་ནག་ཡང་ བཏང་བྱིན་ནི་ཟེར་སླབ་ཡོདཔ་ཨིན་པས།
དེ་བཟུམ་སྦེ་ར་ འབྲུག་ཕུན་སུམ་ཚོགས་པའི་གཙོ་འཛིན་ འཇིགས་མེད་འཕྲིན་ལས་ཀྱིས་ཡང་ འཁོར་ལམ་དེ་ སྐྱོ་དྲགས་སྦེ་ཡོད་རུང་ འབྲུག་ཕུན་སུམ་ཚོགས་པ་གཞུང་གིས་ བཏོན་བཏོནམ་མེན་ཟེར་སླབ་ཡོདཔ་ད་ རྒྱལ་ཁ་འཐོབ་པ་ཅིན་ ལམ་དེ་ ལེགས་བཅོས་འབད་ནི་ཨིནམ་མ་ཚད་ རྩི་ནག་ཡང་ བཏང་བྱིན་ནི་ཟེར་ སླབ་ཡོདཔ་ཨིན་པས།
རྩི་རང་སྟོད་ལས་ སྐྱེས་ལོ་༥༨ ལང་མི་ ཧིམ་ལཱལ་གྱིས་ སླབ་མིའི་ནང་ ལམ་བདའ་སྟེ་ འགྲོ་འགྲུལ་འབད་ནི་དེ་ ཉེན་སྲུང་དང་ལྡནམ་སྦེ་མེད་ནི་དེ་གིས་ ཨ་རྟག་ར་ ཚ་གྱང་འབག་སྟེ་འགྱོ་དགོ་མི་ལུ་བརྟེན་ གཞུང་གསརཔ་གིས་ ལེགས་བཅོས་འབད་ནི་ཨིན་ཟེར་སླབ་མི་ལུ་བརྟེན་ སེམས་དགའ་ཡི་ཟེར་ཨིན་པས།
ལམ་དེ་ གསེར་གྱི་ཐང་རྒེད་འོག་དང་ ཕུན་བརྟན་ཆུ་ དེ་ལས་ རྩི་རང་སྟོད་རྒེད་འོག་༣ གྱི་མི་སེར་ཚུ་ འགྲམ་ཕུག་ཁྲོམ་དང་ མཐུད་སྦྲེལ་འབད་དོ་ཡོདཔ་ད་ གསེར་གྱི་ཐང་དེ་ འགྲམ་ཕུག་ཁྲོམ་ལས་ ཀི་ལོ་མི་ཊར་༤༠ ལྷགཔ་ཅིག་ཡོདཔ་ད་ ཕུན་བརྟན་ཆུ་རྒེད་འོག་དེ་ཀི་ལོ་མི་ཊར་༣༥ དེ་ལས་ རྩི་རང་སྟོད་རྒེད་འོག་དེ་ དུམ་གྲ་ཅིག་ ལམ་ཐུང་དོ་ཡོདཔ་ཨིན་པས།
ཕུན་བརྟན་ཆུ་དང་ གསེར་གྱི་ཐང་རྒེད་འོག་༢ ནང་ སྣུམ་འཁོར་ཊཱག་གི་ མི་མང་སྐྱེལ་འདྲེན་ཞབས་ཏོག་བཙུགས་མི་ དི་ན་ ནཱཐི་གིས་ སླབ་མིའི་ནང་ ལམ་ལེགས་ཤོམ་མེད་མི་ལུ་བརྟེན་ ཉེན་སྲུང་མེད་པའི་ཁར་ ཞབས་ཏོག་ཚུ་ཡང་ མེདཔ་ཐལ་དོ་ཡོདཔ་ལས་ གྱོང་རྒུད་ཐོག་ལུ་ཡོད་ཟེར་ཨིན་པས།
ཨིན་རུང་ རྩི་རང་སྟོད་ སོན་བཏབ་ས་ལས་ སྐྱེས་ལོ་༧༠ ལང་མི་ ཨང་རྒས་བཟངམོ་དེ་ ཁས་བླངས་དེ་ལུ་ ཡིད་ཆེས་འདྲོང་མ་ཚུགས་པར་ཡོདཔ་ད་ མོ་གིས་ སླབ་མིའི་ནང་ གནམ་གྲུ་ཧེ་ལི་ཀོབ་ཊར་དེ་ ཆུང་ཀུ་ཅིག་ར་ཨིནམ་ལས་ དེ་བ་ སྣུམ་འཁོར་ལམ་ལེགས་ཤོམ་ཅིག་ཡོད་རུང་ སེམས་དགའ་ནི་མས་ཟེར་ཨིན་པས།
མོ་གིས་ སླབ་མིའི་ནང་ མོ་ར་ ལོ་ན་རྒས་མི་ལུ་བརྟེན་ ལམ་འགྱོ་མ་ཚུགས་ནི་དེ་གིས་ ཕར་ཚུར་ སྣུམ་འཁོར་ནང་འགྲོ་འགྲུལ་འབད་བའི་སྐབས་ སྣུམ་འཁོར་ཕར་ཚུར་བསྒྱིར་འགྱོ་བའི་སྐབས་ ས་ཁོངས་ནང་མ་ལྷོད་ཚུན་ ཚ་གྱང་ལང་སྟེ་ འགྱོ་དགོ་པས་ཟེར་ཨིན་པས།
མོ་གིས་ སླབ་མིའི་ནང་ གཙོ་འཛིན་༢ ཆ་རའི་ འཛོམས་འདུ་ཚུ་ནང་ བཅའ་མར་གཏོགས་ཡོདཔ་ད་ ཁོང་གིས་ བྱིན་གེ་ཟེར་སླབ་མི་དེ་ ཚོགས་རྒྱན་དགོ་ནིའི་དོན་ལུ་རྐྱངམ་གཅིག་ཨིནམ་འོང་ཟེར་ཨིན་པས།
མོ་གིས་འབད་བ་ཅིན་ མོ་ར་ ལམ་དེ་ཁ་ལས་ སེམས་སྡུག་ཐོག་ ལོ་༩ དེ་ཅིག་ འགྲོ་འགྲུལ་འབད་ཡོད་རུང་ ཁོང་གིས་ ཧེ་མ་ཡང་ ཚར་གཅིག་ཡང་ གཡུས་ཁར་མ་འོངམ་ལས་ ཚོགས་རྒྱན་དགོ་ནིའི་དོན་ལུ་རྐྱངམ་གཅིག་འོང་ཟེར་ཨིན་པས།
མོ་གིས་ སླབ་མིའི་ནང་ མོ་ར་ ལོ་ན་རྒས་ཡོདཔ་ལས་ སྣུམ་འཁོར་གྱི་ཐུག་རྐྱེན་ནང་ ཤི་ནིའི་མནོ་བསམ་མེད་པར་ མགུ་ཧང་གུ་བཀལ་ཏེ་ར་ ཤི་ནིའི་མནོ་བསམ་ཡོདཔ་ལས་ ལམ་དེ་ལེགས་ཤོམ་ཅིག་ཡོད་པ་ཅིན་ སེམས་དགའ་ནི་མས་ཟེར་ཨིན་པས།
འཁོར་ལམ་དེ་ རྒྱ་ཆུང་བའི་ཁར་ ཧ་ཀ་ཧོ་ཀ་ལེ་ཤ་ཡོདཔ་མ་ཚད་ གྱེན་གཟར་དྲགས་དང་་ སྒོར་ལྟབ་ལེ་ཤ་འདུག་ཟེར་ཨིན་པས།
ལམ་དེ་ སོ་ལིང་མ་རྐྱབ་ནི་དེ་གིས་ གནམ་བྱཱར་གྱི་དུས་ཚོད་ལུ་ ཆརཔ་གིས་ ཧེང་སྐལ་མེདཔ་བཏང་ཡོདཔ་ལས་ ད་རེས་ནངས་པ་ ཕོར་ཝིལ་ཡོད་མི་སྣུམ་འཁོར་ཚུ་གིས་རྐྱངམ་གཅིག་ ཐལ་དོ་ཡོདཔ་ད་ དེ་ཡང་ ལཱ་ཁག་རྐྱབ་དོ་ཡོདཔ་ཨིན་པས།
དེ་མ་ཚད་ ཅང་ཅེ་རོང་ཆུའི་མགུ་ལས་ ཟམ་མེད་མི་ལུ་བརྟེན་ གནམ་བྱཱར་ཆུ་བྲེས་པའི་སྐབས་ ལམ་མི་ཐལ་དོ་ཡོདཔ་ཨིན་པས།
ཨིན་རུང་ ལམ་ཕྱེད་ཀ་ཚུན་ མཐུད་ནིའི་དོན་ལུ་ ད་རེས་ནངས་པ་ ལྟག་ལས་ཕྲང་སྟེ་ ཀི་ལོ་མི་ཊར་༢.༦ འབད་མི་ ཟུར་ལམ་ཅིག་སེལ་བའི་བསྒང་ཡོདཔ་ད་ དེ་གིས་ ཀི་ལོ་མི་ཊར་དག་པ་ཅིག་གིས་ ཐུང་ཀུ་བཟོ་ཚུགས་ནི་ཨིན་པས།
ཟུར་ལམ་ཁར་ ཅང་ཅེ་ཆུ་གུ་ལས་ ལྕགས་ཟམ་ཅིག་རྐྱབ་ཡོད་མི་དེ་ འདས་པའི་ཟླཝ་༩ དེ་ཅིག་གི་ཧེ་མར་ རྟེན་འབྲེལ་བརྩི་ཡོདཔ་ད་ ཟུར་ལམ་བཟོ་སྐྲུན་གྱི་དོན་ལས་ ཁག་འབག་ལུ་ སྤྱི་ཟླ་༧ པའི་ཚེས་༡༠ ཚུན་ དུས་ཚོད་བྱིན་ཏེ་ཡོདཔ་བཞིན་དུ་ རྒེད་འོག་༣ གྱི་མི་སེར་ཚུ་གི་དོན་ལུ་ དུམ་གྲ་ཅིག་ དཀའ་ངལ་བསལ་ཚུགས་ནི་ཨིན་པའི་གནས་ཚུལ།

རྩི་རང་ལས་ ཚེ་རིང་རྣམ་རྒྱལ།

No comments:

Post a Comment