གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

གློག་མེ་ལུ་བརྟེན་པའི་ ཐབ་ཆས་ཚུ་ཉོ་མི་ ཡར་སེང་སོང་ཡོདཔ།

༡༠/༧/༢༠༡༣   ༉ འདས་པའི་བདུན་ཕྲག་ནང་ མེ་རླུང་གེསི་རྒྱ་རྫི་གི་རིན་གོང་ ལོག་ལྟབ་ཀྱིས་ ཡར་སེང་སོང་མི་ལུ་བརྟེན མི་ཚུ་གིས་ གློག་མེ་ལུ་བརྟེན་པའི་ ཐབ་ཆས་ཚུ་ ཉོ་ནི་འགོ་བཙུགས་ཡོདཔ་ཨིན་པས།
ད་རེས་ མེ་རླུང་གེསི་རྒྱ་རྫི་གི་ རིན་གོང་ཡར་སེང་འབད་དེ་ བདུན་ཕྲག་༡ ལང་དོ་ཡོདཔ་ད་ ཇ་ཚོང་འཐབ་མི་ སྐྱེས་ལོ་༣༨ ལང་མི་ ཊི་ཀ་རམ་ དར་ལ་མི་དང་ ཁོ་གི་གནས་ཚང་གིས་ མེ་རླུང་ལག་ལེན་འཐབ་ནི་ལས་ ཟད་འགྲོ་ཉུང་སུ་གནས་མི་ གློག་མེའི་ཐབ་ཅིག་ མཁོ་སྒྲུབ་འབད་ཡོདཔ་ཨིན་པས།



དེ་ཡང་ བཟའ་ཚང་དེ་གི་ ཚ་གྱང་གཙོ་བོ་ར་ ཁོང་གི་བཙོང་མི་ཇ་དེ་ མོང་སྒར་ལུ་ དངུལ་ཀྲམ་༡༠ སླབ་མི་དེ་ ཡར་སེང་མེད་པར་བཞག་མི་དེ་ གལ་སྲིད་ མེ་རླུང་གེསི་རྒྱ་རྫི་ ལག་ལེན་འཐབ་དགོ་པ་ཅིན་ ལཱ་ཁག་རྐྱབ་ནི་ཨིནམ་ལས་ གློག་མེ་ལུ་བརྟེན་པའི་ ཐབ་ཆས་མཁོ་སྒྲུབ་འབད་ཡོདཔ་ཨིན་པས།
ཁོ་གིས་སླབ་མིའི་ནང་ མེ་རླུང་གེསི་རྒྱ་རྫི་དེ་ ཉིན་གྲངས་༡༥ རེ་ལུ་ ཚར་རེ་སོར་དགོཔ་ད་ ད་རེས་ རིན་གོང་ཡར་སེང་འབད་མི་དེ་གིས་ མ་དངུལ་གྱི་ དཀའ་ངལ་འབྱུང་ཉེན་འདུག་ཟེར་ཨིནམ་ད་ དེ་འབད་ནི་དེ་གིས་ གློག་མེའི་ཐབ་ཅིག་ལུ་ དངུལ་ཀྲམ་༡,༨༥༠ དེ་ཅིག་སྤྲོད་དེ་ མཁོ་སྒྲུབ་འབད་ཡོདཔ་ད་ ཁོ་གིས་འབད་བ་ཅིན་ ཟླ་མཇུག་ལུ་གློག་མེའི་འཐུས་ དངུལ་ཀྲམ་༨༠༠ དེ་ཅིག་འཐོན་སྲིད་ནི་ཨིན་རུང་ མེ་རླུང་རྒྱ་རྫི་རེ་ལུ་ རིན་གོང་དེ་ཚུན་ཚོད་ ཉིནམ་༡༥ རེ་ནང་ཚར་རེ་སྤྲོད་མི་བ་ ལེ་ཤ་གིས་ དྲག་ནི་མས་ཟེར་ཨིན་པས།
ཐབ་ཆས་ཚུ་བཙོང་མི་ ཚོང་ཁང་ཚུ་གིས་ བཤད་མི་དང་འཁྲིལཝ་ད་ འདས་པའི་ཉིནམ་དག་པ་ཅིག་གི་རིང་ གློག་མེ་ལུ་བརྟེན་པའི་ ཐབ་ཆས་ཚུ་ ཉོ་སྒྲུབ་འབད་མི་ལེ་ཤ་ཐོན་ཏེ་ གློག་མེ་ལུ་བརྟེན་པའི་ཐབ་ཆས་ཀྱི་ཚོང་འབྲེལ་ ལེ་ཤ་གིས་ཡར་སེང་སོང་ཡི་ཟེར་ཨིན་པས།
གློག་མེའི་ཐབ་ཆས་བཙོང་མི་དག་པ་ཅིག་གི་ ཚོང་འབྲེལ་ནང་ འགྱུར་བ་མེདཔ་ཨིན་རུང་ ཚོད་བསྲེ་ཁྲོམ་གྱི་ས་ཁོངས་ནང་གི་ ཀུན་དགའ་ཚོང་ཁང་དང་ ཌི་དབང་མོ་ཚོང་ཁང་ཚུ་ནང་འབད་བ་ཅིན་ གློག་མེ་ལུ་བརྟེན་པའི་ཐབས་ཆས་ཚུ་ འདས་པའི་ཉིནམ་དག་པ་ཅིག་གི་རིང་ ཚོང་འབྲེལ་ཡར་སེང་སོང་ཡི་ཟེར་ཨིནམ་ད་ ཚོང་པ་ཅིག་གིས་འབད་བ་ཅིན་ ཧེ་མའི་ཟླཝ་རེ་ལུ་བཙོང་དོ་ཡོད་མི་ གློག་ཐབ་དེ་ ད་རེས་ཁམས་ཅིག་ ཉིནམ་༡ གི་ནང་འཁོད་ལུ་ར་ བཙོང་ཚུགས་པས་ཟེར་ཨིན་པས།
ཁོ་གིས་སླབ་མིའི་ནང་ ཧེ་མ་འབད་བ་ཅིན་ ཟླཝ་རེ་ལུ་ གློག་ཐབ་༢ དང་༣ རེ་མ་གཏོགས་ བཙོང་མ་ཚུགསཔ་ཨིན་རུང་ ད་རེས་སྐབས་ཅིག་ ཉིནམ་རེ་ལུ་ གློག་ཐབ་༦ དང་༡༠ གྱི་བར་ན་ ཉོ་མི་ཐོནམ་མས་ཟེར་ཨིནམ་མ་ཚད་ མི་ཚུ་གིས་ ཐབ་ཆས་མཁོ་སྔགས་འབད་ནིའི་དོན་ལུ་ འགྲུལ་འཕྲིན་ཡང་ ལྷོད་ནི་འདུག་ཟེར་ཨིན་པས།
ཁོ་གིས་ སླབ་མིའི་ནང་ གློག་ཐབ་མ་འདྲཝ་༢ བཙོང་ནི་ཡོད་མི་ལས་༡ བཙོང་ཚར་ཏེ་ ད་རུང་ ནང་འདྲེན་གྱི་དོན་ལུ་ མཁོ་མངགས་འབད་ཡི་ཟེར་ཨིནམ་ད་ ད་རུང་ ཚོང་པ་གཞན་མི་ཅིག་ཨིན་མི་ ཚེ་རིང་དཔལ་འབྱོར་གྱིས་འབད་བ་ཅིན་ ཉིནམ་རེ་ལུ་གློག་ཐབ་༢ དང་༣ རེ་བཙོང་ཚུགས་པས་ཟེར་ཨིན་པས།
བརྒྱ་འཁོར་ཚོད་བསྲེ་ཁྲོམ་གྱི་ས་ཁོངས་ནང་གི་ ཚོང་པ་ཚུ་གིས་སླབ་མིའི་ནང་ ཚོང་མགྲོན་པ་མང་ཤོས་ཅིག་གིས་ ཚོདམ་བསྐོལ་ནི་གི་ གློག་ཆས་ཧོད་དེ་ར་ ཉོཝ་མས་ཟེར་ཨིནམ་ད་ སངས་རྒྱས་ཚོང་ཁང་གི་ ཇོ་བདག་པདྨ་དོན་གྲུབ་ཀྱིས་ སླབ་མིའི་ནང་ ཁོ་གི་ཚོང་ཁང་ནང་ལས་ ཉིནམ་གཅིག་ལུ་ ཚོདམ་བསྐོལ་ནི་གི་གློག་ཧོད་༡༢ དེ་ཅིག་ ཉིནམ་༡ ནང་ར་ བཙོང་ཡི་ཟེར་ཨིན་པས།
ཚོང་པ་དེ་ཚུ་གིས་ སླབ་མིའ་ནང་ ཧེ་མ་འབད་བ་ཅིན་ ཚོདམ་བཙོ་ནི་གི་གློག་ཧོད་༢ དང་༣ རེ་མ་གཏོགས་ བཙོང་མི་ཚུགས་ཟེར་ཨིན་པའི་ཁར་ ཚོང་མགྲོན་པ་ མང་ཤོས་ཅིག་གིས་ར་ མེ་རླུང་རྒྱ་རྫི་གི་ གོང་ཚད་ཡར་སེང་འབད་མི་ལུ་བརྟེན་ གློག་མེ་ལུ་བརྟེན་པའི་ ཐབ་ཆས་དེ་ཚུ་ ཉོ་དོ་ཡོདཔ་སྦེ་ སླབ་མས་ཟེར་ཨིན་པའི་ཁར་ ད་རུང་ ཚོང་མགྲོན་ལ་ལུ་གིས་ གློག་མེ་ལུ་བརྟེན་པའི་ ཐབ་ཆས་ཚུ་གི་ རིན་གོང་དྲི་དཔྱད་འབད་དེ་ ལོག་ཉོ་བར་འོང་མི་ཡང་ འདུག་ཟེར་ཨིན་པས།
གོང་ཚད་དྲི་དཔྱད་འབད་དེ་ ལོག་འོང་མི་ཚོང་མགྲོན་པ་ཚུ་ དང་པ་ར་ གོང་ཚད་དང་ དེ་ལས་ གློག་འཐུས་དང་ མེ་རླུང་རྒྱ་རྫི་གི་ རིན་འཐུས་༢ ཀྱི་བར་ན་ ཟད་འགྲོའི་གནས་ཚད་ཚུ་ དབྱེ་དཔྱད་འབད་དེ་ གློག་ཐབ་དང་ གློག་མེ་ལུ་བརྟེན་པའི་ ཐབ་ཆས་ཚུ་ མཁོ་སྒྲུབ་འབད་ནིའི་དོན་ལུ་ཨིན་མས་ཟེར་ བཤདཔ་ཨིན་པའི་གནས་ཚུལ།

རྩོམ་འབྲི་ལས་བྱེདཔ།

No comments:

Post a Comment