གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

འཐུང་ཆུའི་སྐོར་ལས་ མོང་སྒར་རྫོང་ཁག་གི་ ཁྲིམས་འདུན་ལུ་ རྩོད་གཞི་ཕྱེ་བའི་བསྒང་ཡོདཔ།

༡༠/༧/༢༠༡༣   ༉ མོང་སྒར་རྫོང་ཁག་ དགྲ་མེད་རྩེ་རྒེད་འོག་ སྦིས་མཁར་དང འུང་མཁར་གཡུས་ཚན་ལས་ ཁྱིམ་གུང་པ་༣༧ དེ་ཅིག་གི་ མི་སེར་ཚུ་ ན་རང་རྒེད་འོག་གི་ མི་ཚུ་དང་གཅིག་ཁར་ འཐུང་ཆུའི་སྐོར་ལས་ མ་འགྲིག་པར་ཡོད་མི་དེ་ མོང་སྒར་རྫོང་ཁག་གི་ ཁྲིམས་འདུན་ལུ་ རྩོད་གཞི་ཕྱེ་བའི་བསྒང་ཡོདཔ་ཨིན་པས།
སྦིས་མཁར་དང་ འུང་མཁར་གྱི་གཡུས་མི་ཚུ་ ཁྲིམས་ཀྱི་འདུན་སར་ རྩོད་གཞི་ཕྱེ་བར་འགྱོ་བའི་བསྒང་།


དེ་ཡང་ ན་རང་རྒེད་འོག་གི་ མི་སེར་ཚུ་གིས་ ཁོང་གི་འཐུང་ཆུའི་ ཆུ་དུང་ཚུ་ སྤྱི་ཟླ་༣ པའི་ཚེས་༡༨ ཀྱི་ ཉིན་མར་བཏོགས་བཏང་ཡོདཔ་ལས་ མི་སེར་ཚུ་གིས་ དེ་འཕྲལ་ལས་ རྒེད་འོག་བདག་སྐྱོང་བརྒྱུད་དེ་ རྫོང་ཁག་ལུ་ སྙན་ཞུ་འབད་བའི་ཤུལ་ལུ་ རྫོང་ཁག་ལས་སྡེ་ཚན་ཅིག་གིས་ ཞིབ་དཔྱད་འབད་ཡོདཔ་ཨིན་པས།
རྒེད་འོག་༢ ཀྱི་ མི་སེར་ཚུ་གི་བར་ན་ ཟིང་འཁྲུག་ལང་མ་དགོ་པར་ ན་རང་གི་མི་སེར་ཚུ་གིས་ ཆུ་དུང་ཚུ་ གསརཔ་ཉོ་ཞིནམ་ལས་ བཙུགས་ཏེ་ ནང་འགྲིག་འབད་ཚུགསཔ་ཅིག་ཡོད་པ་ཅིན་འབད་དགོ་པའི་ གན་རྒྱ་བཟོ་ཡོདཔ་ལས་ ན་རང་གི་མི་སེར་ཚུ་གིས་འབད་རུང་ བཀའ་རྒྱ་དང་འཁྲིལ་ ཆུ་དུང་ཚུ་གསརཔ་ བཙུགས་བྱིན་ཡོདཔ་མ་ཚད་ ཆུ་ཡང་ རྐ་ཅིག་ལས་ བགོ་བཤའ་རྐྱབ་ནི་སྦེ་ བཟོ་ཡོདཔ་ཨིན་པས།
ཨིན་རུང་ ནང་འགྲིག་འབད་བའི་སྐབས་ལུ་ རྒེད་འོག་༢ ཀྱི་མི་སེར་ཚུ་མ་འབོ་བར་ རྒེད་འོག་གི་ འགོ་ཁྲིདཔ་ཚུ་གིས་ ནང་འགྲིག་འབད་ཡི་ཟེར་སླབ་མ་བཏོགས་ ཁོང་གིས་འབྲེལ་གཏོགས་འབད་མ་ཚུགསཔ་ལས་ ཤུལ་ལས་བྱ་སྟབས་མ་བདེཝ་འཐོན་སྲིད་ནི་ཨིནམ་ལས་ ཁེ་རྒུད་མ་བཏུབ་མི་དེ་ གནད་དོན་དེ་ལུ་བརྟེན་ ཁྲིམས་འདུན་ལུ་ ཞུ་ཡིག་ཕུལ་ཡི་ཟེར་ཨིན་པས།
དེ་མ་ཚད་ སྦིས་མཁར་དང་ འུང་མཁར་གྱི་ མི་སེར་ཚུ་གིས་ ཁོང་རའི་གཡུས་ཚན་དེ་ནང་ ཁྱིམ་གུང་ལེ་ཤ་ཡོད་མི་ལུ་བརྟེན་ ཆུའི་དཀའ་ངལ་ཡོདཔ་ལས་ ནཱ་རང་གི་ མི་སེར་ཁྱིམ་གུང་པ་༤ དེ་ཅིག་གིས་ འཐུང་དོ་ཡོད་མི་ཆུའི་རྐ་ལས་ ཆུ་བགོ་བཤའ་རྐྱབ་རུང་ ལང་ནི་ཨིནམ་ལས་བརྟེན་ ཆུ་བཏོན་འབག་མི་ལུ་ ཆུ་དུང་ཚུ་ དགའ་དགའཝ་སྦེ་བཏོགས་བཏང་མི་དེ་ ཁྲིམས་འགལ་གྱི་ལཱ་ཅིག་དང་ གཞུང་ལུ་ངོ་རྒོལ་འབད་དོ་བཟུམ་ཅིག་ཨིནམ་ལས་ མི་སེར་ཚུ་གིས་ ལོག་བཟོ་ཡོད་རུང་ ཁེ་རྒུད་ཅིག་ རྩ་ལས་ར་མ་བཏུབ་ལས་བརྟེན་ ཁྲིམས་འདུན་ལུ་བཅར་ཡི་ཟེར་ཨིན་པས།
ན་རང་གི་མི་སེར་ཚུ་གིས་ འཐུང་ཆུའི་རྐ་དེ་ཆུང་ཀུ་ཅིག་ལས་མེདཔ་ལས་བརྟེན་ ཆུ་དེ་ བགོ་བཤའ་རྐྱབ་ནི་ལུ་ མི་ལང་ནི་ཨིན་པའི་སྐོར་ལས་དང་ དེ་བཟུམ་གྱི་སྟབས་མ་བདེཝ་མི་འཐོན་ནིའི་དོན་ལུ་ དགྲ་མེད་རྩེ་རྒེད་འོག་ལུ་ ཡིག་གུ་ཡང་ལེ་ཤ་ཅིག་ར་སྤྲོད་ཡོདཔ་མ་ཚད་ རྫོང་ཁག་ལུ་ཡང་ཕུལ་ཏེ་ཡོད་ ཆ་གནས་ཅིག་འབད་མ་བཏུབ་ཟེར་ཨིན་པས།
གནད་དོན་དེ་གི་སྐོར་ལས་ དགྲ་མེད་རྩེ་གི་ མི་སེར་༢༦ དེ་ཅིག་གིས་ སྤྱི་ཟླ་༥ པའི་ཚེས་༡༦ ལུ་ཡང་ མོང་སྒར་ཁྲིམས་སྲུང་འགག་སྡེ་ལུ་ སྙན་ཞུ་འབད་ཡོདཔ་ད་ དེ་བསྒང་ བཙག་འཐུའི་བྱ་སྟབས་མ་བདེཝ་ལས་བརྟེན་ལུས་ཡོད་རུང་ ཁོང་མི་སེར་ཚུ་གི་སེམས་ཁར་ རྩ་ལས་ར་ བསམ་པ་མ་རྫོགསཔ་ལས་བརྟེན་ རྫོང་ཁག་ཁྲིམས་འདུན་ལུ་ སྤྱི་ཟླ་༥ པའི་ཚེས་༡ ལུ་ ཞུ་ཡིག་ཕུལ་ཡོདཔ་ཨིན་པའི་གནས་ཚུལ།

མོང་སྒར་ལས་ བདེ་ཆེན་ཚེ་རིང་།

No comments:

Post a Comment