གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

འགྲེམ་ཐོག་ཚོགས་རྒྱན་ལོག་སྤྱོད་འབད་བའི་ ཁ་ཉེས་དང་ དོགས་སྣང་།

༡/༧/༢༠༡༣   ༉ འབྲུག་གི་བཙག་འཐུའི་ ལམ་ལུགས་ནང་ འགྲེམ་ཐོག་ཚོགས་རྒྱན་གྱི་ ཐོབ་ལམ་དེ་གིས་ རང་མོས་དང་ རྣམ་དག་གི་ བཙག་འཐུའི་ བྱ་རིམ་ཚུ་ལུ་ བར་ཆད་རྐྱབ་ནིའི་ ཉེན་ཁ་འདུག་ཟེར་ མི་མང་གིས་ བསམ་འཆར་བཀོདཔ་ཨིན་པས།


དེ་ཡང་ འགྲེམ་ཐོག་ཚོགས་རྒྱན་དེ་ མི་ངོ་སོ་སོའི་ ལག་པར་ལྷོད་ཞིནམ་ལས་ སྒེར་གྱི་རང་དབང་ཐོག་ སྲིད་ཚོགས་དང་ འདེམས་ངོ་གདམ་ཁ་རྐྱབ་ནིའི་ནང་ གཞན་གྱིས་ རྒྱུད་བསྐུལ་དང་ བཙན་བསྐུལ་འབད་བའི་ དོགས་པ་ཡོད་མི་ལུ་བརྟེན་ཨིན་པས།
གལ་སྲིད་ འགྲེམ་ཐོག་ཚོགས་རྒྱན་ནང་ ཚུལ་མིན་ལག་ལེན་འཐབ་པ་ཅིན་ བཙག་འཐུ་དེ་ རང་མོས་དང་ དྲང་བདེན་མི་འོང་ནི་ཨིན་མི་དེ་ཡང་ འདས་པའི་བཙག་འཐུ་དང་ཕྱདཔ་ད་ ལྷག་པར་དུ་ ཞི་གཡོགཔ་དང་ ལས་འཛིན་གྱི་ལས་བྱེདཔ་ དེ་ལས་ དྲག་ཁག་གསུམ་གྱི་ དམག་མི་ཚུ་གི་ བཟའ་ཚང་ཚུ་ལུ་ཡང་ འགྲེམ་ཐོག་ཚོགས་རྒྱན་གྱི་ ཐོབ་ལམ་སྤྲོད་ཡོད་མི་ལུ་བརྟེན་ འགྲེམ་ཐོག་ཚོགས་རྒྱན་བཙུགས་མི་ འབོར་ཆེ་ཏོག་ཏོ་སྦེ་ ཡོད་ནི་དེ་གིས་ཨིན་པས།
དུས་ཅི་ རྒྱལ་ཡོངས་ཚོགས་སྡེའི་ནང་ འགྲེམ་ཐོག་ཚོགས་རྒྱན་གྱི་དོན་ལུ་ ཐོ་བཀོད་འབད་མི་༧༡,༨༠༣ ཡོད་མི་ལས་ ཞུ་ཡིག་བཙུགས་མི་༤༠,༧༠༡ ཐོན་ཡོདཔ་ད་ འགྲེམ་ཐོག་ཚོགས་རྒྱན་༢༣,༩༦༧ ཚུལ་མཐུན་ཐོག་ ལྷོད་མི་ལུ་བརྟེན་ ངོས་ལེན་འབད་ནུག།
དེ་བཟུམ་སྦེ་ རྒྱལ་ཡོངས་ཚོགས་འདུའི་ འགོ་ཐོག་བཙག་འཐུའི་དོན་ལུ་ འགྲེམ་ཐོག་ཚོགས་རྒྱན་གྱི་ ཐོ་བཀོད་འབད་མི་༧༩,༦༩༨ ཡོད་མི་ལས་ ཞུ་ཡིག་༥༠,༨༥༣ ལྷོད་ཡོདཔ་ཨིན་རུང་ ཚོགས་རྒྱན་ཡོངས་བསྡོམས་༣༧,༩༨༣ ངོས་ལེན་འབད་ཡོདཔ་ལས་༥,༢༢༢ ཆ་མེད་བཏང་ནུག།
དེ་འབདཝ་ལས་ འབྲུག་གི་མི་རློབས་ཆུང་ཀུ་ཅིག་ནང་ འགྲེམ་ཐོག་ཚོགས་རྒྱན་གྱི་ གྲངས་འབོར་དེམ་ཅིག་ཡོད་མི་དེ་ ཚུལ་མིན་ཐོག་ ཚོགས་རྒྱན་བཙུགས་པ་ཅིན་ བཙག་འཐུའི་དམིགས་དོན་ལས་ འགལ་ནི་མས་ཟེར་ མི་མང་གིས་ བཤདཔ་ཨིན་པས།
སློབ་གྲྭའི་སློབ་དཔོན་ བསོད་ནམས་ཚེ་དབང་གིས་ བཤད་མིའི་ནང་ མ་གཞི་ འགྲེམ་ཐོག་ཚོགས་རྒྱན་དེ་ དགོས་མཁོ་ཡོད་རུང་ མི་ངོ་ཚུ་གིས་ གསང་བའི་ཚོགས་རྒྱན་གྱི་རང་དབང་ ལག་ལེན་འཐབ་ཚུགས་མི་ཚུགས་ དོགས་པ་སྦོམ་ཡོད་ཟེར་ཨིན་པས།
མི་ལ་ལུ་ཅིག་གིས་འབད་བ་ཅིན་ འགྲེམ་ཐོག་ཚོགས་རྒྱན་དེ་ རང་སོའི་ཕམ་དང་ ཡང་ཅིན་ གཙུག་སྡེ་དང་ ལས་སྡེའི་འགོ་དཔོན་ཚུ་གིས་  དབང་ཤུགས་ཐོག་ལས་ཡང་ ཚོགས་རྒྱན་ཚུ་ བཙུགས་བཅུག་ནི་གི་ ཉེན་ཁ་ཡོད་པའི་ཁར་ ཐ་ན་ བུཚ་ཚུ་གི་ འགྲེམ་ཐོག་ཚོགས་རྒྱན་དེ་ ཨ་པ་གིས་ གདམ་འཐུ་རྐྱབ་ཐོག་ལས་བཙུགས་རུང་ བཙག་འཐུ་དེ་ རང་མོས་དང་ རྣམ་དག་ཐོག་ མི་འགྱོ་ནི་ཨིནམ་ལས་ ལམ་ལུགས་དེ་ རྒྱུན་བརྟན་ཅིག་ མི་འོང་ནི་མས་ཟེར་ཨིན་པས།
ལ་ལུ་ཅིག་གིས་འབད་བ་ཅིན་ གཙུག་སྡེ་ལ་ལུ་གིས་ གཞན་གྱི་དལ་དབང་ལུ་ ཧམ་འཛུལ་འབད་བའི་ ཁ་ཉེས་ཚུ་ཡང་ གོཝ་མས་ཟེར་ཨིནམ་ད་ མ་འོངས་པ་ལུ་ འགྲེམ་ཐོག་ཚོགས་རྒྱན་ཚུ་ ཚུལ་མིན་ལག་ལེན་འཐབ་ནི་གི་ འོས་འབབ་ཡོདཔ་ལས་ ད་ལྟོ་ལས་ར་ ཚུལ་མིན་བཀག་ཐབས་དང་ ཡང་ཅིན་ ཐབས་ལམ་གཞན་ཅིག་ འཚོལ་དགོཔ་འདུག་ཟེར་ ཞི་གཡོགཔ་རྡོ་རྗེ་གིས་ སླབ་ཨིན་པས།
ད་རུང་ ཞི་གཡོགཔ་ཅིག་ཨིན་མི་ ཨོ་རྒྱན་རྡོ་རྗེ་གིས་ སླབ་མིའི་ནང་ འགྲེམ་ཐོག་ཚོགས་རྒྱན་ནང་ ཚུལ་མིན་ལག་ལེན་གྱི་ འོས་འབབ་ཡོད་མི་དེ་ཡང་ ཚོགས་རྒྱན་དེ་ མི་ངོ་ཁོ་ར་གིས་ར་ གདམ་ཁ་རྐྱབ་ཞིནམ་ལས་ བསྐྱུར་དོ་ཡོད་མེད་ ག་གིས་ཡང་ མི་ཤེས་དོ་ཡོད་པའི་ཁར་ བར་ན་སྐྱེལ་འདྲེན་འབད་མི་ཚུ་གིས་ཡང་ འགྲེམ་ཐོག་ཚོགས་རྒྱན་ལ་ལུ་ མ་བསྐྱལ་བར་ བཞག་ནི་གི་ འོས་འབབ་ཡང་འདུག་ཟེར་ཨིན་པས།
དེ་འབདཝ་ལས་ ཐབས་ཤེས་དེ་ ལ་ལུ་གིས་འབད་བ་ཅིན་ གྲོང་གསེབ་ཚུ་ནང་ ད་ལྟོ་བཟུམ་སྦེ་ར་ ཚོགས་རྒྱན་བཙུགས་སའི་ ས་ཁོངས་ཚུ་ནང་སོང་སྟེ་ ཚོགས་རྒྱན་བཙུགས་ནི་དང་ ཁྲོམ་སྡེ་ཁག་ཚུ་ནང་འབད་བ་ཅིན་ འདེམས་ཁོངས་ཆ་མཉམ་གྱི་ ཚོགས་རྒྱན་ཚུ་ ས་གནས་གཅིག་ནང་ལས་ བཙུགས་ནི་གི་ གོ་སྐབས་བཟོ་སྟེ་ འགྲེམ་ཐོག་ཚོགས་རྒྱན་མེདཔ་བཟོ་བ་ཅིན་ དྲག་ནི་མས་ཟེར་ཨིན་པས།
མི་ཚུ་གིས་འབད་བ་ཅིན་ མ་གཞི་ བཙག་འཐུ་ལྷན་ཚོགས་ལུ་ ལཱ་དང་མ་དངུལ་ཐེབས་ གནས་ནི་ཨིན་རུང་ དེ་ཚུ་ ལྷན་ཚོགས་ཀྱི་ལཱ་འགན་དང་ མི་མང་གི་ ཐོབ་ལམ་ཨིནམ་ལས་ བཙག་འཐུ་རང་མོས་དང་ རྣམ་དག་ཐོག་ འགོ་འདྲེན་འཐབ་ཚུགས་ནིའི་དོན་ལུ་ ཐབས་ལམ་གསརཔ་ འཚོལ་ཞིབ་ཐོག་ ལམ་ལུགས་འོས་ལྡན་ཅིག་ གཞི་བཙུགས་འབད་དགོཔ་འདུག་ཟེར་ཨིན་པའི་གནས་ཚུལ།

བསམ་གཏན་ཡེ་ཤེས།

No comments:

Post a Comment