གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

ཨམ་སྲུ་ཚུ་གི་དོན་ལུ་ ཕུཊ་བཱོལ་སློབ་སྟོན་གྱི་ སྦྱོང་བརྡར་འབད་དོ་ཡོདཔ།

༦/༧/༢༠༡༣  ༉ ད་རེས་ནངས་པ་ སྤུ་ན་ཁ་ ཨྱོན་རིག་པའི་འབྱུང་གནས་སློབ་གྲྭ་ཆེ་བ་ནང་སྦེ་ འབྲུག་པའི་ཨམ་སྲུ་༢༢ ལུ་ འབྲུག་ཕུཊ་བཱོལ་ཚོགས་པ་གིས་ སྡེ་ཚན་ག་པའི་ ལག་ཁྱེར་དོན་ལུ་ སྦྱོང་བརྡར་འབད་དོ་ཡོདཔ་ཨིན་པས།
སྦྱོར་བརྡར་ལས་རིམ་དེ་ཡང་ ཨེ་ཤེ་ཡཱན་ ཕུཊ་བཱོལ་ཚོགས་སྡེའི་ རྒྱབ་སྐྱོར་ཐོག་ལས་ འགོ་འདྲེན་འཐབ་དོ་ཡོདཔ་ད་ བཅའ་མར་གཏོགས་མི་ ཨམ་སྲུ་ཚུ་ཡང་ སློབ་གྲྭ་ཁག་གི་ རྩེད་རིགས་སློབ་སྟོན་པ་༡༥ དང་ སློབ་དཔོན་༣ དེ་ལས་ རྒྱལ་ཡོངས་ཕུཊ་བཱོལ་རྩེད་འགྲན་པ་ཚུ་ཨིན་པས།

ཕུཊ་བཱོལ་སློབ་སྟོན་གྱི་ སྦྱོང་བརྡར་འབད་མི་ ཨམ་སྲུ་ཚུ།


འབྲུག་ཕུཊ་བཱོལ་ཚོགས་པ་ལས་ ཀུན་ལེགས་དབྱངས་ཅན་གྱིས་ སླབ་མི་དང་འཁྲིལཝ་ད་ འབྲུག་རྒྱལ་ཁབ་ནང་ཡང་ ཕྱིའི་རྒྱལ་ཁབ་ཚུ་ནང་བཟུམ་སྦེ་ ཨམ་སྲུ་ཚུ་གིས་ ཕུཊ་བཱོལ་རྩེད་འགྲན་འབད་མི་དེ་ ཡོངས་གྲགས་འགྱོ་དོ་ཡོདཔ་ལས་ ཨམ་སྲུ་ཚུ་ལུ་ ཕུཊ་བཱོལ་རྩེད་ཐངས་ཀྱི་ ལམ་ལུགས་དང་ རིག་རྩལ་གོང་འཕེལ་གཏང་ནི་དེ་ གལ་ཅན་ཅིག་ཨིན་ཟེར་ཨིན་པས།
ཉིན་གྲངས་༡༤ འབད་མི་ སྦྱོང་བརྡར་ལས་རིམ་དེ་ འབྲུག་ཕུཊ་བཱོལ་ཚོགས་པའི་སློབ་སྟོན་པ་ ཆོས་སྐྱིད་ཉི་མ་གིས་ སྦྱོང་བརྡར་བྱིན་ནི་ཨིནམ་ད་ ཀུན་ལེགས་དབྱངས་ཅན་གྱིས་ འགོ་འདྲེན་འཐབ་དོ་ཡོདཔ་ཨིན་པས།
འབྲུག་པའི་ན་གཞོན་བུམོ་ཚུ་གིས་ ཕུཊ་བཱོལ་རྩེད་འགྲན་འབད་ནིའི་དོན་ལུ་ སྦྱོང་བརྡར་ལག་ཁྱེར་འཆང་མི་དང་ ཤེས་ཡོན་ དེ་ལས་ ཉམས་མྱོང་ཡོད་མི་ཚུ་དགོཔ་ལས་ ལས་རིམ་ཚུ་ འགོ་འདྲེན་འཐབ་ཡོདཔ་མ་ཚད་ འབྲུག་ཕུཊ་བཱོལ་ཚོགས་པའི་ དམིགས་ཡུལ་ལས་འབད་རུང་ ལག་ཁྱེར་འཆང་མི་ཨམ་སྲུ་ཚུ་གིས་ ན་གཞོན་བུམོ་ཚུ་ལུ་ སློབ་སྟོན་འབད་དགོཔ་ཨིན་ཟེར་ སླབ་ཨིན་པས།
འབྲུག་ཕུཊ་བཱོལ་ཚོགས་པའི་ དམིགས་ཡུལ་གཙོ་བོ་དེ་ སློབ་སྦྱོང་འབད་མི་ཚུ་གིས་ རང་སོའི་རྫོང་ཁག་ནང་ སོང་ཞིནམ་ལས་ སློབ་གྲྭ་ཁག་གི་ བུམོ་ཚུ་ལུ་ སྦྱོང་བརྡར་ལས་རིམ་ཚུ་ འགོ་འདྲེན་འཐབ་སྟེ་ བུམོ་ཚུ་གི་བར་ན་ འགྲན་བསྡུར་འགོ་འདྲེན་འཐབ་དགོཔ་ཨིན་པས།
རྩེད་འགྲན་པ་དྲགོས་ཚུ་ གདམ་འཐུ་འབད་ཞིནམ་ལས་ རྒྱལ་ཡོངས་ཀྱི་གནས་ཚད་ལུ་ དོ་འགྲན་འབད་ནི་ དེ་ལས་ རྒྱལ་ཡོངས་ཕུཊ་བཱོལ་རྩེད་འགྲན་པ་སྦེ་ གདམ་འཐུ་འབད་དེ་ ཕྱི་རྒྱལ་ཁབ་ཚུ་ནང་ དོ་འགྲན་འབད་ཚུགས་ནིའི་གོ་སྐབས་ བཟོ་དགོཔ་ཨིན་ཟེར་ཨིན་པས།
དེ་འབདཝ་ལས་བརྟེན་ སློབ་སྦྱོང་ལས་རིམ་ནང་ བཅའ་མར་གཏོགས་མི་ཚུ་ ཕུཊ་བཱོལ་སློབ་སྦྱོང་ག་པའི་ ལག་ཁྱེར་གྱི་དོན་ལུ་ཨིནམ་ད་ སློབ་སྦྱོང་ལས་རིམ་ནང་ལས་ མཐར་འཁྱོལ་དང་མ་འཁྱོལ་དེ་ ཨེ་ཤེ་ཡཱན་ཕུཊ་བཱོལ་ཚོགས་པ་གིས་ ཆོས་རྒྱུགས་རྐྱབ་མི་དེ་ལུ་ ཞིབ་དཔྱད་འབད་དེ་ ལག་ཁྱེར་ཚུ་བྱིན་ནི་ཨིན་པས།
ད་རེས་ནངས་པ་ ཁོང་ཆ་ཁྱབ་ལུ་ དེང་སང་ལམ་ལུགས་ཀྱི་ཐོག་ལས་ ཕུཊ་བཱོལ་སློབ་སྟོན་འབད་ཐངས་དང་ སློབ་སྟོན་འབད་དགོ་པའི་དམིགས་ཡུལ་ རྩེད་འགྲན་འབད་དགོ་པའི་ཁུངས་དང་དགོས་པ་ རིག་རྩལ་གོང་འཕེལ་གཏང་ཐངས་ དེ་ལས་ གཞན་དགོས་མཁོ་ཆེ་བའི་ལམ་ལུགས་ཚུ་ལུ་ སྦྱོང་བརྡར་འབད་ནི་ཨིན་པས།
སྦྱོང་བརྡར་ལས་རིམ་དེ་ སྤྱི་ཟླ་༧ པའི་ཚེས་༡༦ ལུ་ མཇུག་བསྡུ་ནི་ཨིན་པའི་གནས་ཚུལ།

བཀྲིས་ཕུན་ཚོགས།

No comments:

Post a Comment