གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

ཕུཊ་སཱལ་གྱི་ ལིག་སྐོར་ཐེངས་དང་པ་ ད་རིས་ མཇུག་བསྡུ་ནི།

༦/༧/༢༠༡༣   ༉ སྤྱི་ཟླ་༧ པའི་ཚེས་༡ ལས་ ལིག་སྐོར་ཐེངས་དང་པའི་ ཕུཊ་སཱལ་འགྲན་བསྡུར་འབད་མི་དེ་ ད་རིས་ སྡེ་ཚན་༨ ཀྱི་བར་ན་ རྩེད་འགྲན་འབད་ཐོག་ལས་ མཇུག་བསྡུ་ནི་ཨིན་པས།
དེ་ཡང་ དྲོ་པའི་ཆུ་ཚོད་༡༡ ལས་༡༢ ཚུན་ གཏེར་སྟོན་དང་ རི་ཀོ་བ་རི་ ཡུ་ནའི་ཊེ་ འཇམ་པི་ ཡུ་ནའི་ཊེ་དང་ ལྕང་ ཨེསི་ཊོ་ཤཱན་ ཞོང་ཨིསི་ཊར་དང་ ཞོང་ཨིསི་ཊར་ ཨེཕི་སི་ དེ་ལས་ རི་ཡུ་ནའི་ཡཱན་དང་ ཞོང་ གཱ་ནརསི་སྡེ་ཚན་༤ གི་བར་ན་ རྩེད་འགྲན་འབད་ནི་ཨིན་པས།



ཁ་ཙ་ བི་བི་ཁི་བི་དང་ མུ་ཊིག་ཐང་སྡེ་ཚན་༢ ཀྱི་བར་ན་ རྩེད་འགྲན་འབདཝ་ད་ བི་བི་ཁི་བི་སྡེ་ཚན་གྱིས་ གཱོལ་༤ བཙུགས་ཏེ་ སྐུགས་༣ ཐོབ་ད་ མུ་ཊིག་ཐང་གིས་ གཱོལ་༢ ལས་བརྒལ་བཙུགས་མ་ཚུགསཔ་ལས་ སྐུགས་༡ ཡང་ ཐོབ་མ་ཚུགས།
དེ་ཡང་ དུས་ཡུན་སྐར་མ་༡༥ འི་ནང་ སྡེ་ཚན་༢ ཆ་རའི་ཁ་ཐུག་ལས་ དོ་འགྲན་ཅན་དང་ རིག་རྩལ་ལེགས་ཤོམ་སྦེ་སྟོན་ཐོག་ལས་ རྩེད་འགྲན་འབད་ཡོདཔ་ལས་ གཱོལ་ག་གི་ཧོང་ལུ་ཡང་ བཙུགས་མ་ཚུགསཔ་ལས་ ལྟདམོ་ལྟ་མི་ཚུ་ སྤྲོ་བ་སྦོམ་བྱུང་ཡོདཔ་ཨིན།
ཤུལ་མམ་གྱི་ དུས་ཡུན་སྐར་མ་༡༥ འི་ནང་ བི་བི་ཁི་བི་སྡེ་ཚན་གྱིས་ གཱོལ་༤ བཙུགསཔ་ད་ མུ་ཊིག་ཐང་གི་ རྩེད་འགྲན་འབད་མི་ཚུ་གིས་ གཱོལ་༢ ལས་བརྒལ་བཙུགས་མ་ཚུགསཔ་ལས་ ཕམ་ཡོདཔ་ཨིན།
དེ་བཟུམ་སྦེ་ ཉིན་མའི་ཆུ་ཚོད་༢ ལས་༤ ཚུན་ ཀུན་འབྱུང་གིས་ གཱོལ་༡༡ བཙུགས་ཏེ་ འབྲུག་ཀེ་ལ་ལིང་ཕམ་བཏངམ་ད་ བྱང་ཕྱད་ཀྱིས་ གཱོལ་༡ ལས་བཙུགས་ཡོདཔ་ད་ གི་རིན་ཌའི་གཱོན་དང་ སྤུན་ཆ་༢ ཀྱི་བར་ན་ རྩེད་འགྲན་འབདཝ་ད་ སྤུན་ཆ་གིས་གཱོལ་༦ དང་ གཞན་མི་སྡེ་ཚན་གྱིས་ གཱོལ་༥ བཙུགས་ཡོདཔ་ཨིན་པས།
གཞན་མི་རྩེད་འགྲན་ནང་ པེཌ་སི་ཊི་དང་ རྫོང་རིག་སྡེ་ཚན་༢ ཀྱི་བར་ན་ དུས་ཡུན་སྐར་མ་༣༠ ཚུན་ དོ་འགྲན་འབད་ཡོད་རུང་ སྡེ་ཚན་ག་གི་ཧོང་ལུ་ཡང་ གཱོལ་བཙུགས་མ་ཚུགསཔ་ལས་ སྐུགས་རེ་རེ་ འདྲན་འདྲ་ཐོབ་ཅི།
ལིག་སྐོར་ཐེངས་༢ པའི་གོ་སྐབས་དེ་ བཅའ་མར་གཏོགས་མི་ སྡེ་ཚན་༡༦ ཡོད་པའི་གྲས་ལས་ ད་ཚུན་ ལེགས་ཤོམ་སྦེ་ རྩེད་འགྲན་འབད་མི་སྡེ་ཚན་༨ ཀྱིས་ ལྷོད་ནི་ཨིན་པའི་གནས་ཚུལ།

བཀྲིས་ཕུན་ཚོགས།

No comments:

Post a Comment