གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

ཨ་ཐང་ཐེད་ཚོ་གི་ འདེམས་ངོའི་རྩོད་འགྲན་ལུ་ ངལ་རངས་བྱུང་ཡོདཔ།

༦/༧/༢༠༡༣   ༉ མ་གཞི་ དབང་འདུས་ཕོ་བྲང་གི་ མི་སེར་ཚུ་གིས་ ཨ་ཐང་ཐེད་ཚོ་གི་ འབྲུག་ཕུན་སུམ་ཚོགས་པའི་འདེམས་ངོ་ པ་སངས་འཕྲིན་ལས་དང་ མི་སེར་དམངས་གཙོ་ཚོགས་པའི་འདེམས་ངོ རྟ་མགྲིན་དབང་ཕྱུག་གི་བར་ན་ སྤྱི་ཟླ་༧ པའི་ཚེོས་༤ གི་ཕྱི་རུ་ རྒྱང་བསྒྲགས་དངོས་མཐོང་གི་ རྩོད་འགྲན་ལས་རིམ་ འགོ་འདྲེན་འཐབ་པའི་སྐབས་ལུ་ གཅིག་གིས་གཅིག་ལུ་ སྐྱོན་བརྗོད་དང་འབྲེལ་བའི་ རྩོད་འགྲན་འབད་འོང་ཟེར་ ཚ་གྱང་ལང་ཡོད་རུང་ ལས་རིམ་ནང་ མཐུན་འགྲིག་ཐོག་ལས་ ལེགས་ཤོམ་སྦེ་ འགོ་འདྲེན་འཐབ་ཚུགས་མི་ལུ་ལྟ་སྟེ་ གྲལ་གཏོགས་འབད་མི་ཚུ་ག་ར་ ངལ་རངས་བྱུང་ཡི།
ཨ་ཐང་ཐེད་ཚོ་གི་ མི་སེར་དམངས་གཙོ་ཚོགས་པའི་འདེམས་ངོ་ རྟ་མགྲིན་དབང་ཕྱུག་(གཡོན་ཁ་ཐུག་)དང་ འབྲུག་ཕུན་སུམ་ཚོགས་པའི་འདེམས་ངོ་ པ་སངས་འཕྲིན་ལས།


དངོས་མཐོང་ལས་རིམ་གྱི་སྐབས་ལུ་ འཐུས་མི་༢ ཀྱི་བར་ནའི་ རྩོད་འགྲན་ལས་ དྲི་བཀོད་ཀྱི་ལས་རིམ་དེ་ སྤྲོ་བ་བྱུང་ཡོདཔ་ད་ དེ་ཡང་ སྦྱེད་ནང་ལས་ མགོནམ་རྡོ་རྗེ་གིས་ དྲི་བཀོད་འབད་མིའི་ནང་ གལ་སྲིད་ གཞུང་སྐྱོང་དེ་ འབྲུག་ཕུན་སུམ་ཚོགས་པ་གིས་ འཐོབ་པ་ཅིན་ ལྡོག་ཕྱོགས་ཡོད་པའི་འཐུས་མི་ཚུ་གིས་ གོང་འཕེལ་ལཱ་གི་གོ་སྐབས་ཚུ་ གཞུང་སྐྱོང་བཟུམ་འཐོབ་ཚུགས་ག་ཟེར་མི་ལུ་ པ་སངས་འཕྲིན་ལས་ཀྱིས་འབད་བ་ཅིན་ འདས་པའི་ལོ་༥ འི་ ནང་འཁོད་ལུ་ ལྡོག་ཕྱོགས་ཚོགས་པའི་འཐུས་མི་༢ ཀྱིས་ ཚོགས་ཁང་ནང་ ཞུ་ནིའི་གོ་སྐབས་ འདྲ་མཉམ་ཐོབ་པའི་ཁར་ ལྡོག་ཕྱོགས་ཀྱི་ཧོང་ལས་ བརྡ་བརྒྱུད་དང་ ངན་ལྷད་བཀག་སྡོམ་ལྷན་ཚོགས་ དེ་ལས་ རྒྱལ་གཞུང་རྩིས་ཞིབ་དབང་འཛིན་གྱིས་ རྒྱབ་སྐྱོར་འབད་ཡི་ཟེར་ཨིན་པས།
དེ་ལས་ མི་སེར་དམངས་གཙོ་ཚོགས་པའི་འདེམས་ངོ་ རྟ་མགྲིན་དབང་ཕྱུག་གིས་ སླབ་མིའི་ནང་ དེ་མི་བདེན་ཟེར་ཨིནམ་ད་ དེ་ཡང་ དེ་བཟུམ་གྱི་ལམ་ལུགས་དེ་ རྩ་ཁྲིམས་ཆེན་མོ་དང་འགལ་བའི་ ལཱ་ཅིག་ཨིན་པའི་ཁར་ ད་རེས་ཀྱི་གནས་སྟངས་ལུ་ལྟ་རུང་ མགར་ས་དང་ ཧཱ་གི་འདེམས་ངོ་༢ ཀྱིས་ གོང་འཕེལ་གྱི་ གོ་སྐབས་འདྲ་མཉམ་སྦེ་ར་ ཐོབ་ཅི་ཟེར་ཨིན་པས།
དེ་ལས་ བ་འཇོ་ལས་ ཕོ་སྐྱེས་ཅིག་གིས་ ཞུ་མིའི་ནང་ དེ་བཟུམ་མའི་ རྩོད་འགྲན་འབད་བའི་སྐབས་ལུ་ རྒྱ་འབྲུག་༢ ཀྱི་མཐུན་ལམ་དང་ འབྲུག་དང་ རྒྱ་ནག་རྒྱལ་ཁབ་ཀྱི་ གནད་དོན་ཚུ་ སྲིད་དོན་ལས་འགལ་བ་ཨིནམ་ལས་ རྩོད་འགྲན་ནང་མ་ཐོན་པ་ཅིན་ ལེགས་ཤོམ་འོང་ནི་མས་ཟེར་ཨིནམ་ད་ གལ་སྲིད་ དེའི་ཐོག་ལུ་ གསུང་གྲོས་མངམ་འབྱུང་པ་ཅིན་ རྒྱལ་ཁབ་ཀྱི་མཐུན་ལམ་ལུ་ ཐོ་ཕོག་ནིའི་ཉེན་ཁ་ འདུག་ཟེར་ཨིན་པས།
དེ་ལས་ གནད་དོན་གཞན་ཡང་ ལོ་༢ དེ་ཅིག་གི་ཧེ་མར་ སྤུ་ན་གཙང་ཆུ་གློག་མེ་ལས་འགུལ་ འགོ་བཙུགས་པའི་སྐབས་ བློན་པོ་ལ་ལུ་ཅིག་གིས་ མི་སེར་ཚུ་ལུ་ ལས་འགུལ་ནང་བཙུག་ནིའི་དོན་ལུ་ སྣུམ་འཁོར་ ཊཱག་ཚུ་ཉོ་ཟེར་ སླབ་མི་དང་འཁྲིལ་ མཁོ་སྒྲུབ་འབད་ཡོདཔ་ཨིན་རུང་ གོ་སྐབས་དེ་ མང་ཤོས་ར་ བློན་པོ་ཁོང་རང་དང་ མི་ཕྱུགཔོ་ཚུ་གིས་ ལེན་ཡི་ཟེར་བའི་གནད་དོན་ཚུ་གི་སྐོར་ལས་ཡང་ དྲི་བཀོད་ལས་རིམ་བྱུང་ཡོདཔ་དང་ ལས་རིམ་ནང་ མི་གྲངས་༣༠༠ དེ་ཅིག་གིས་ བཅའ་མར་གཏོགས་ཡོད་པའི་གནས་ཚུལ།

དབང་འདུས་ལས་ བསྟན་འཛིན་རྣམ་རྒྱལ།

No comments:

Post a Comment