གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

མགར་ས་ལུ་ རྟ་རྒྱལ་ཁ་ཐོབ་དགོ་པའི་རྒྱབ་ཁུངས།

༡༦/༧/༢༠༡༣   ༉ མགར་ས་རྫོང་ཁག་ ཁ་སྨད་དང་ ལུང་ནག་ནང་འདེམས་ཁོངས་ཀྱི་ འབྲུག་ཕུན་སུམ་ཚོགས་པའི་འཐུས་མི་ ཀུན་ལེགས་རྡོ་རྗེ་གིས་ ཁོ་ལོག་སྟེ་ར་ བཙག་འཐུ་གྲུབ་ནི་ཨིན་ཟེར་སླབ་མི་དེ་ མ་བདེན་པའི་འཐོར་གཏམ་བཟུམ་ཅིག་ལུ་ གྱུར་ཡོད་མི་དེ་ཡང་ མི་སེར་དམངས་གཙོ་ཚོགས་པའི་འདེམས་ངོ་ པདྨ་འབྲུག་པ་གིས་ ཚོགས་རྒྱན་༢ ཐེབས་ཐོབ་སྟེ་ བཙག་འཐུ་གྲུབ་མི་ལུ་བརྟེན་ཨིན་པས།
མགར་སའི་ཨམ་སྲུ་ཚུ་ ཚོགས་རྒྱན་བཙུགས་ནིའི་དོན་ལུ་ སྒུག་སྡོད་པའི་བསྒང་།


ཀུན་ལེགས་རྡོ་རྗེ་གིས་ རེ་བ་བསྐྱེད་མི་དེ་ཡང་ ཁོ་སྤྱི་ཚོགས་ཀྱི་འཐུས་མི་སྦེ་ ཕྱག་ཞུ་བའི་སྐབས་ ལུང་ནག་ནང་རྒེད་འོག་ནང་ལུ་ འཐུང་ཆུ་དང་ ཉིན་དྲོད་སོ་ལར་བཀྲམ་སྤེལ་འབད་ཡོདཔ་མ་ཚད་ འགྲུལ་འཕྲུལ་གྱི་ཞབས་ཏོག་བྱིན་པའི་ཁར་ ཁ་སྨད་རྒེད་འོག་ནང་འབད་བ་ཅིན་ ལྷ་ཁང་༤ གསར་བཞེངས་འབད་ཡོདཔ་མ་ཚད་ ལ་ལུ་ཉམས་གསོ་ཞུ་བའི་ཁར་ འཐུང་ཆུ་ཚུ་ཡང་ བཀྲམ་སྤེལ་འབད་ནུག་ཟེར་ཨིན་པས།
ཁོ་གིས་ ལུང་ནག་ནང་ལུ་ གོང་འཕེལ་གྱི་ལཱ་འབད་བའི་དགའ་ཚོར་ལུ་ རྒེད་འོག་གི་མི་སེར་ཚུ་གིས་ ཁོ་ལུ་ ཚོགས་རྒྱན་གྱི་རྒྱབ་སྐྱོར་འབད་རུང་ ཁོ་རའི་རྒེད་འོག་ལས་ རྒྱབ་སྐྱོར་མེད་པའི་ཁར་ འགྲེམ་ཐོག་ཚོགས་རྒྱན་ཡང་ ལེགས་ཤོམ་སྦེ་ མ་ཐོབ་ནི་དེ་གིས་ གཞུང་སྐྱོང་གི་གྲས་ལས་ཕྱིར་འབུད་བཏང་ཡོདཔ་ཨིན་པས།
ཁོ་གིས་ ཚོགས་རྒྱན་༣༥༦ ཐོབ་མི་ལས་ འགྲེམ་ཐོག་ཚོགས་རྒྱན་༡༥ ལས་བརྒལ་མ་ཐོབ་ཨིན་པས།
མི་སེར་དམངས་གཙོ་ཚོགས་པའི་འདེམས་ངོ་ པདྨ་འབྲུག་པ་གིས་ ཚོགས་རྒྱན་ཡོངས་བསྡོམས་༣༥༨ ཐོབ་སྟེ་ རྒྱལ་ཁ་ཐོབ་པའི་སྐབས་སུ་ འགྲེམ་ཐོག་ཚོགས་རྒྱན་༣༤ ཐོབ་ཡོདཔ་ཨིན་པས།
ཀུན་ལེགས་རྡོ་རྗེ་གིས་འབད་བ་ཅིན་ ལོག་བཙག་འཐུ་མ་གྲུབ་མི་ལུ་ སེམས་ཕམ་མེད་རུང་ འབྲུག་ཕུན་སུམ་ཚོགས་པ་ ཕམ་མི་ལུ་སེམས་མ་དགའ་མི་དེ་ རྒྱལ་ཡོངས་ཀྱི་གནས་ཚད་ལུ་བལྟ་བ་ཅིན་ ཧེ་མའི་གཞུང་གིས་ ལས་འགུལ་ཆུང་བའི་ལཱ་ ལེ་ཤ་ཅིག་འགོ་བཙུགས་བཞག་མི་ཚུ་ ག་དེ་སྦེ་ འགྲུབ་ཚུགས་ག་ཟེར་བའི་ ཚ་གྱང་ཡོད་ཟེར་ཨིན་པས།
ཁ་སྨད་རྒེད་འོག་ སྦྱིས་གཤོང་འབྲིང་རིམ་སློབ་གྲྭ་བར་མ་ལས་ སློབ་ཕྲུག་བུམོ་ཅིག་གིས་ སླབ་མིའི་ནང་ མོ་གིས་ ཚོགས་རྒྱན་གྱི་རྒྱབ་སྐྱོར་དེ་ མི་སེར་དམངས་གཙོ་ཚོགས་པ་ལུ་འབད་དེ་ བློ་འགྱོད་བསྐྱེད་དགོ་བྱུང་མི་དེ་ཡང་ འབྲུག་ཕུན་སུམ་ཚོགས་པ་གིས་ གཞུང་སྐྱོང་ཐོབ་མ་ཚུགསཔ་ལས་བརྟེན་ཨིན་ཟེར་ཨིནམ་ད་ མོ་གིས་ མི་སེར་དམངས་གཙོ་ཚོགས་པའི་འདེམས་ངོ་ལུ་ ཚོགས་རྒྱན་བཙུགས་མི་དེ་ སྤྱི་ལོ་༢༠༠༨ བཟུམ་སྦེ་ ལྡོག་ཕྱོགས་ཀྱི་འཐུས་མི་ ཉུང་ནི་ཨིན་མས་ཟེར་མནོ་སྟེ་ ཨིན་ཟེར་ཨིན་པས།
ལ་ལུ་ཅིག་གིས་འབད་བ་ཅིན་ ད་རེས་བསྒྱུར་བཅོས་འགྱོ་མི་དེ་ཡང་ མི་སེར་གྱིས་ ཚོགས་པ་བཙག་འཐུ་འབད་ནིའི་གོ་སྐབས་བཟུམ་ཅིག་མས་ཟེར་ཨིནམ་ད་ གཞུང་དེ་ སྲིད་ཚོགས་ཅིག་གིས་ར་སྐྱོང་པ་ཅིན་ ཚོགས་པ་གཞན་མིའི་ལྕོགས་གྲུབ་ ཧ་གོ་མི་ཚུགས་ནི་མས་ཟེར་ཨིན་པས།
ཁ་སྟོད་དང་ ལ་ཡ་འདེམས་ཁོངས་ནང་འབད་བ་ཅིན་ མི་སེར་དམངས་གཙོ་ཚོགས་པའི་ སྤྱི་ཚོགས་ཀྱི་འཐུས་མི་ བགྲེསཔ་ དམ་ཆོས་རྡོ་རྗེ་གིས་ ཚོགས་རྒྱན་ཡོངས་བསྡོམས་༤༤༤ ཐོབ་སྟེ་ རྒྱལ་ཁབ་ཐོབ་ཡོདཔ་ད་ འབྲུག་ཕུན་སུམ་ཚོགས་པའི་འདེམས་ངོ་ རྡོ་རྗེ་མཁའ་འགྲོ་གིས་ ཚོགས་རྒྱན་༣༥༨ ལས་བརྒལ་ཐོབ་མ་ཚུགས་པས།
དམ་ཆོས་རྡོ་རྗེ་གིས་ བཙག་འཐུ་འགྲུབ་ནི་ཨིནམ་དེ་ བཙག་འཐུ་མ་འབད་བའི་ཧེ་མ་ལས་ མི་སེར་ཚུ་གིས་ཤེས་མི་དེ་ ཁོ་ལུ་ མི་སེར་གྱིས་བློ་བཏད་དང་ ཡིད་ཆེས་ཡོད་མི་ལུ་བརྟེན་ཨིན་ཟེར་ཨིན་པས།
ཁོ་གིས་ ལྡོག་ཕྱོགས་ཀྱི་འཐུས་མི་འབད་བའི་ཁར་ རྩོད་དཔོན་ཡོངས་ཁྱབ་ཀྱི་གོ་གནས་ནང་ཕྱག་ཞུ་བའི་ཁར་ མི་ཚུ་གིས་ད་ལྟོའི་བར་ན་ཡང་ ངོས་ལེན་ལེགས་ཤོམ་བྱུང་མི་དེ་ མགར་ས་རྫོང་ཁག་ནང་ ཤེས་ཚད་ཡོད་མི་ ཉུང་སུ་ཅིག་ལས་བརྒལ་མེད་པའི་ཁར་ ཉམས་མྱོང་ཅན་ཡང་མེདཔ་ཨིན་པས།
ཚོགས་རྒྱན་བཙུགས་པར་འོང་མིའི་གྲས་ལས་ ཀུན་ལེགས་ཀྱིས་སླབ་མིའི་ནང་ འདེམས་ངོ་དེ་ ཉམས་མྱོང་དང་ ལྕོགས་གྲུབ་ཅན་ཅིག་ཡོད་པ་ཅིན་ མི་སེར་ཚུ་ལུ་ཡང་ ཕན་ཐོགས་ནི་མས་ཟེར་ཨིན་པས།
དམ་ཆོས་རྡོ་རྗེ་གིས་ ཁོ་རའི་རྒེད་འོག་ཁ་སྟོད་ལས་ ཚོགས་རྒྱན་གྱི་རྒྱབ་སྐྱོར་ལེགས་ཤོམ་ཐོབ་པའི་ཁར་ འགྲེམ་ཐོག་ཚོགས་རྒྱན་ཡང་༥༧ ཐོབ་མི་དེ་གིས་ ཁོང་༢ ཀྱི་བར་ན་ ཁྱད་པར་སྦོམ་ཐོན་ཡི་ཟེར་ཨིནམ་ད་ ཁོ་གི་དོ་འགྲན་པ་ རྡོ་རྗེ་མཁའ་འགྲོ་གིས་ འགྲེམ་ཐོག་ཚོགས་རྒྱན་༥ ལས་བརྒལ་ཐོབ་མ་ཚུགས་པས།
ཡ་ལ་རྒེད་འོག་དེ་ མགར་ས་རྫོང་ཁག་ནང་ ཁྱད་ཚད་ལྡན་པའི་ཚོགས་རྒྱན་བཙུགས་མི་ མཐོ་ཤོས་ཅིག་ཨིནམ་ལས་ ཁོང་གིས་ རྡོ་རྗེ་མཁའ་འགྲོ་ལུ་ རྒྱབ་སྐྱོར་ལེགས་ཤོམ་སྦེ་ འབད་འོང་ཟེར་མནོ་རུང་ དམ་ཆོས་རྡོ་རྗེ་གིས་ རྒེད་འོག་ནང་ ཁྱད་ལྡན་གྱི་ཚོགས་རྒྱན་བཙུག་མི་༦༠༠ ལྷགཔ་ཅིག་ཡོདཔ་ཨིན་པས།
ཁོ་གིས་སླབ་མིའི་ནང་ རྒེད་འོག་གི་མི་ཚུ་གིས་ཁོ་ལུ་ རྒྱབ་སྐྱོར་འབད་མི་དེ་ གློག་མེ་དང་ སོ་ནམ་ཞིང་ལམ་ དེ་ལས་ འཐུང་ཆུ་ཚུ་ གཏོན་བྱིན་ནི་དེ་གིས་འོང་ཟེར་ཨིན་པས།
དམ་ཆོས་རྡོ་རྗེ་གིས་འབད་བ་ཅིན་ གཞུང་དེ་ མི་སེར་དམངས་གཙོ་ཚོགས་པ་ བཙག་འཐུ་གྲུབ་ཡོདཔ་ལས་ དད་དམ་ལྷད་མེད་ཀྱི་སྒོ་ལས་ རྩ་བ་གསུམ་ལུ་ཕྱག་ཞུ་ནིའི་ ཕྱག་འགན་སྦོམ་ཡོད་ཟེར་ ཨིན་པའི་གནས་ཚུལ།

མགར་ས་ལས་ བསྟན་འཛིན་རྣམ་རྒྱལ།

No comments:

Post a Comment