གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

དམངས་གཙོ་ཚོགས་པའི་གཙོ་འཛིན་གྱིས་ མོང་སྒར་ལུ་ བསྐུལ་བསྒྲགས་དང་ ཁས་བླངས་གསལ་བསྒྲགས།

༤/༧/༢༠༡༣   ༉ གལ་སྲིད་ སྤྱི་ཚོགས་༢ པའི་ བཙག་འཐུའི་ནང་ མི་སེར་དམངས་གཙོ་ཚོགས་པ་གིས་ གཞུང་སྐྱོང་གི་གོ་སྐབས་འཐོབ་ཚུགས་པ་ཅིན་ རྒྱལ་ཁབ་ནང་ དཔལ་འབྱོར་གནས་སྟངས་ ཡར་དྲག་བཏང་ཐབས་ལུ་དམིགས་ཏེ་ དཔལ་འབྱོར་གོང་འཕེལ་གྱི་འཆར་གཞི་ བརྩམས་ཡོད་མི་དེ་ སྤྱི་ཟླ་༦ པའི་ཚེས་༢ ལུ་ མོང་སྒར་ལུ་སྦེ་ ཚོགས་པའི་གཙོ་འཛིན་ ཚེ་རིང་སྟོབས་རྒྱས་ཀྱིས་ གསལ་སྟོན་འབད་ཡོདཔ་ཨིན་པས
དམངས་གཙོ་ཚོགས་པའི་གཙོ་འཛིན་གྱིས་ ཁས་བླངས་གསལ་བསྒྲགས་འབད་བའི་བསྒང་།


དེ་ཡང་ གཞུང་སྐྱོང་དེ་ གལ་སྲིད་ མི་སེར་དམངས་གཙོ་ཚོགས་པ་གིས་ བཙག་འཐུ་འགྲུབ་ཚུགས་པ་ཅིན་ ཟླཝ་༣ གྱི་ནང་འཁོད་ལུ་ དངུལ་ཁང་ཚུ་ནང་ དངུལ་ཀྲམ་ཐེར་འབུམ་༣ དེ་ཅིག་ བཙུགས་ཐོག་ལས་ མི་སེར་ཚུ་ལུ་ཕན་པའི་ རྒྱལ་གཞུང་དངུལ་ལས་དབང་འཛིན་གྱི་ཚད་གཞི་དང་འཁྲིལ་ ཕར་ཚུར་བཏང་ནིའི་ཐབས་ལམ་བཟོ་ནི་ཨིན་པས།
མ་དངུལ་དེ་གིས་ ཕན་ཐོགས་ཅན་གྱི་ ན་གཞོན་ལཱ་གཡོག་དང་ མཉམ་ལས་ཚོང་འབྲེལ་ ཚོང་འབྲེལ་གསརཔ་འགོ་བཙུགས་ནི་ སོ་ནམ་ཚོང་ལས་བཟོ་སྐྲུན་ སྒྲིང་ཁྱིམ་རྐྱབ་ནི་ ཨམ་སྲུ་ཚུ་ལུ་ དབང་ཚད་ཡར་དྲག་ཅན་བཟོ་ནི་ལུ་ ཕན་ཐོགས་སྦོམ་འབྱུང་ཚུགས་པའི་ ཐབས་ལུ་ཚུ་ བསྒྲིག་ནི་ཨིན་ཟེར་ཨིན་པས།
ཚོགས་པའི་གཙོ་འཛིན་ ཚེ་རིང་སྟོབས་རྒྱས་ཀྱིས་འབད་བ་ཅིན་ ད་རེས་ནངས་པ་ ཚོང་ལ་ཕྱམ་ཕྱིམ་རྐྱབ་མི་ ཁ་འབགཔ་ ཚོང་མགྲོན་པ་ ཚོང་པ་ གློག་བརྙན་བཟོ་མི་ དེ་ལས་ མི་སེར་ཉམ་ཆུང་ཚུ་ལུ་ དངུལ་ཁང་ཚུ་ནང་ལས་ དངུལ་གྱི་བསྐྱིན་འགྲུལ་འཐོབ་མ་ཚུགས་མི་ལུ་བརྟེན་ ཁོང་གི་ལཱ་ལུ་ བར་ཆད་སྦོམ་རྐྱབ་སྟེ་ཡོད་ཟེར་ཨིན་པས།
དཀའ་ངལ་དེ་སེལ་ཐབས་ལུ་ དཔལ་འབྱོར་གོང་འཕེལ་གྱི་ ལས་བྱེད་ཚོགས་ཆུང་གིས་ རྒྱབ་སྐྱོར་དང་འཁྲིལ་ དངུལ་གྱི་བསྐྱིན་འགྲུལ་ཚུ་ སོ་ནམ་བཟོ་སྐྲུན་ མཐའ་ཟུར་གྱི་གཡུས་སྒོ་ཚུ་ནང་ ཚོང་ལཱ་གསརཔ་འགོ་བཙུགས་ནི་ དེ་ལས་ ལྟ་བཤལ་མཐུན་རྐྱེན་ལ་སོགས་པའི་ གོང་འཕེལ་གྱི་ལས་སྣ་ཚུ་ལུ་ ཕན་ཐོགས་པའི་ དངུལ་འབྲེལ་ཚུ་ འཐོབ་ཚུགསཔ་བཟོ་ནི་ཨིན་པས།
མི་སེར་དམངས་གཙོ་ཚོགས་པའི་ གཙོ་འཛིན་གྱིས་འབད་བ་ཅིན་ རྒྱལ་ཁབ་ནང་ ཚོང་ལཱ་ཆུང་ཀུ་རེ་རྐྱབ་སྡོད་མི་དང་ བར་མ་ཚུ་ ཡར་འཐེན་འབད་ཐབས་ལུ་དམིགས་ཏེ་ ཚོང་ཁྲལ་ཚུ་ མར་ཕབ་འབད་ནི་དང་ རྒྱལ་ཁབ་ནང་ ཟད་འགྲོ་བཏང་མ་དགོ་མི་ཚུ་ མར་ཕབ་འབད་ནི་ཟེར་ཨིན་པས།
ལོ་བསྟར་ཁྲལ་གྱི་འོང་འབབ་ ཡར་སེང་དེ་ དངུལ་ཀྲམ་༡༠༠,༠༠༠ ལས་༢༠༠,༠༠༠ ལུ་འབད་དེ་ ཤེས་རིག་གི་དོན་ལུ་ དངུལ་ཀྲམ་༥༠,༠༠༠ ལས་ དངུལ་ཀྲམ་༡༥༠,༠༠༠ འཐོབ་ཚུགསཔ་བཟོ་ནི་ཨིནམ་ད་ མི་སེར་དམངས་གཙོ་ཚོགས་པ་གིས་ རྒྱབ་ཁབ་ནང་ རྒྱ་གར་གྱི་མ་དངུལ་ རུ་པི་མ་ལང་པའི་དཀའ་ངལ་སེལ་ཐབས་ལུ་ ཡུན་བརྟན་གོང་འཕེལ་གྱི་ཐབས་ལམ་གཏོན་ནིའི་དོན་ལུ་ ཚོགས་པ་གཞི་བཙུགས་འབད་ནི་ཟེར་ཨིན་པས།
གལ་སྲིད་བཙག་འཐུ་འགྲུབ་ཚུགས་པ་ཅིན་ ཟླཝ་ངོ་༣ གྱི་ནང་འཁོད་ལུ་ རྒྱལ་གར་གཞུང་དང་གཅིག་ཁར་ གྲོས་བསྟུན་འབད་ཐོག་ལས་ འབྲུག་གི་རྒྱན་ཤོག་ ལོ་ཊི་ཚོང་འབྲེལ་ལོག་འགོ་བཙུགས་ནི་ཟེར་ཨིནམ་ད་ དེ་ཡང་  འབྲུག་གི་ཚོང་ལས་༥ དེ་ཅིག་གིས་ འདས་པའི་གཞུང་ལུ་ ཕུལ་བའི་གནང་བ་དང་འཁྲིལ་བ་ཅིན་ རྒྱན་ཤོག་ལུ་བརྟེན་ རྒྱལ་ཁབ་ནང་ དངུལ་ཀྲམ་ཐེར་འབུམ་༩.༥ དེ་ཅིག་ ཡོངས་འབྲེལ་ཐོག་ལས་ར་ འཐོབ་ཚུགས་པའི་ སྔོན་རྩིས་བཏོན་ཡོདཔ་ལས་ རྒྱལ་ཁབ་ནང་ རུ་པི་མ་ལང་པའི་དཀའ་ངལ་དེ་ སེལ་ཚུགས་ཟེར་ཨིན་པས།
མི་སེར་དམངས་གཙོ་ཚོགས་པའི་གཞུང་སྐྱོང་གིས་ འབྲུག་ཚོང་དང་བཟོ་གྲྭ་ཚོང་ལས་ཀྱི་ ཁྲལ་ཚུ་ལུ་བརྟག་ཞིབ་འབད་དེ་ རྒྱ་གར་གཞུང་དང་གཅིག་ཁར་ ཁྲལ་གྱི་གན་ཡིག་གུ་ གྲོས་བསྟུན་ལོག་འབད་ནི་ཟེར་ཨིནམ་ད་ བསྐྱིན་འགྲུལ་གྱི་དོན་ལུ་ ཚོགས་པ་ཅིག་བཟོ་ཞིནམ་ལས་ རྒྱལ་ཁབ་ནང་ བསྐྱིན་འགྲུལ་གྱི་སྐོར་ལས་ བརྟག་ཞིབ་ཚུ་འབད་ནི་ཟེར་ཨིན་པས།
ཟླཝ་ངོ་༣ གྱི་ནང་འཁོད་ལུ་ མི་སེར་དམངས་གཙོ་ཚོགས་པ་གིས་ འབྲེལ་ཡོད་ལས་ཚོགས་ཚུ་དང་ གྲོས་བསྟུན་འབད་ཐོག་ལས་ དཔལ་འབྱོར་ཡར་ཐོན་གྱི་ འཆར་གཞི་དེ་ སྤྱི་ཚོགས་༢ པའི་ཚོགས་ཐེངས་དང་པའི་ནང་ར་ སྤྱི་ཚོགས་ནང་བཙུགས་ཏེ་ བློན་ཆེན་ཡིག་ཚང་ལས་ དཔལ་འབྱོར་ཚོགས་སྡེ་གིས་ འཆར་གཞི་དེ་འགོ་བཙུགས་ནི་ཟེར་ཨིན་པས།
མི་སེར་དམངས་གཙོ་ཚོགས་པ་དེ་ བཙག་འཐུ་འགྲུབ་ཚུགས་པ་ཅིན་ རྒྱ་འབྲུག་༢ ཀྱི་མཐུན་ལམ་དེ་ ལོག་སྟེ་ སྔར་བ་ལྷགཔ་སྦེ་ བཟོ་སྟེ་ རྒྱལ་ཁབ་ནང་ དམངས་གཙོའི་གཞུང་གི་རིང་ལུགས་དེ་ སྒྲིང་སྒྲིང་དང་ ཡུན་བརྟན་ཅན་བཟོ་ཐབས་ལུ་དམིགས་ཏེ་ རྒྱ་གཞུང་ལས་ མ་དངུལ་གྱི་གྲོགས་རམ་ཚུ་ འཚོལ་ནི་དང་ གཞན་ཡང་ ཨེ་ཤེ་ཡན་གོང་འཕེལ་དངུལ་ཁང་དང་ འཛམ་གླིང་དངུལ་ཁང་ཚུ་ནང་ལས་ བསྐྱིན་འགྲུལ་ཚུ་ འཐོབ་ཚུགསཔ་བཟོ་ནིའི་ འཆར་གཞི་ཡོད་ཟེར་ཨིན་པའི་གནས་ཚུལ།

མོང་སྒར་ལས་ བདེ་ཆེན་ཚེ་རིང་།

No comments:

Post a Comment