གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

བསམ་རྩེ་རྫོང་ཁག་གི་ བཙག་འཐུའི་རྩོད་རྙོགས་སེལ་ཐབས་ཚོགས་ཆུང་ ད་རིས་ལས་ རྩ་གྲོལ་གཏང་ནི།

༤/༧/༢༠༡༣    ༉ བསམ་རྩེ་རྫོང་ཁག་གི་ བཙག་འཐུའི་རྩོད་རྙོགས་སེལ་ཐབས་ཚོགས་ཆུང་གིས་ སྤྱི་ལོ་༢༠༡༣ ཅན་མའི་ བཙག་འཐུའི་རྩོད་རྙོགས་སེལ་ཐབས་ཀྱི་ བཅའ་ཡིག་དང་སྒྲིག་གཞི་འཁྲིལ་ཏེ་ ཚོགས་ཆུང་དེ་ ད་རིས་ལས་ རྩ་གྲོལ་འགྱོཝ་ལས་བརྟེན་ ད་ལས་ཕར་ རྩོད་རྙོགས་ཚུ་ ངོས་ལེན་མི་འབད་ནི་ཨིན་པས


བཅའ་ཡིག་དང་སྒྲིག་གཞི་གི་ དོན་ཚན་༢༦ པ་དང་འཁྲིལཝ་ད་ ཚོགས་ཆུང་དེ་ བཙག་འཐུ་འགོ་བཙུགས་ནི་གི་ ཉིན་གྲངས་༩ གི་ཧེ་མར་ ངེས་པར་དུ་ རྩ་གྲོལ་བཏང་དགོཔ་སྦེ་ འཁོད་ཡོད་ནི་དེ་གིས་ སྲིད་དོན་ཚོགས་པ་ཚུ་ གང་རུང་གི་ཧོང་ལས་ རྩོད་རྙོགས་རེ་འཐོན་པ་ཅིན་ ཐིམ་ཕུ་ལུ་ཡོད་མི་ བཙག་འཐུའི་རྩོད་རྙོགས་སེལ་ཐབས་ལྟེ་བ་ནང་ ཞིབ་དཔྱད་ཀྱི་དོན་ལུ་ གཏང་དགོཔ་ཨིན་པས།
ལྟེ་བ་དེ་ཡང་ བཅའ་ཡིག་དང་སྒྲིག་གཞི་དང་འཁྲིལཝ་ད་ བཙག་འཐུ་མ་རན་པའི་ ཉིན་གྲངས་༦ གི་ཧེ་མར་ རྩ་གྲོལ་གཏང་དགོཔ་སྦེ་ཨིནམ་ད་ ཚོགས་ཆུང་དེ་ སྤྱི་ལོ་༢༠༡༣ ལུ་ རྒྱལ་ཡོངས་ཚོགས་སྡེའི་བཙག་འཐུ་ འགོ་བཙུགས་པའི་སྐབས་ལུ་ གཞི་བཙུགས་འབད་ཡོད་རུང་ ད་ལྟོ་ཚུན་ བཙག་འཐུ་དང་འབྲེལ་བའི་ རྩོད་རྙོགས་ཕུད་རྡོག་༡ ལས་ མ་ཐོནམ་ཨིན་པས།
དེ་ཡང་ འབྲུག་ཕུན་སུམ་ཚོགས་པ་གི་ བསྟན་འབྲུ་རྒེད་འོག་ བཀྲ་ཤིས་ཆོས་གླིང་འདེམས་ཁོངས་ལས་ དུར་ག་ པར་སཱཌ་ ཆེ་ཏི་རི་ལུ་ རྒེད་འོག་དེ་ནང་ལས་ མི་ཅིག་གིས་ འདེམས་ངོ་གིས་ མི་སེར་ཚུ་ལུ་ སྤྱིར་བཏང་གྲོས་འཛོམས་སྐབས་ལུ་ ལྟོ་དང་ འཐུང་ཆུ་བྱིན་ཡོད་པའི་སྐོར་ལས་ ཉོགས་བཤད་བཀོད་ཡོདཔ་ད་ དེ་ལུ་ འདེམས་ངོ་དེ་དང་ ཁོ་རའི་ སྤྱི་འོག་གི་མཉམ་འབྲེལ་བ་ལུ་ ཉེན་བརྡ་བྱིན་ཡོདཔ་ཨིན་པས།
ཚོགས་པའི་ལཱ་འབད་མི་ཚུ་གིས་ མི་ཚུ་ལུ་ ནང་གསུག་བྱིན་དོ་ཡོད་པའི་སྐོར་ལས་དང་ འགྲེམ་ཐོག་ཚོགས་རྒྱན་ཚུ་ འགོ་དཔོན་ཚུ་གིས་ རྟགས་བཀལ་དོ་ཡོད་པའི་སྐོར་ལས་ ལོ་རྒྱུས་ཚུ་ གོ་དོ་ཡོད་རུང་ ཚོགས་ཆུང་དེ་གིས་ རྩོད་རྙོགས་སྐོར་ལས་ ཡིག་ཐོག་ལུ་ སྙན་ཞུ་འབད་མི་ ག་ཡང་མ་ཐོནམ་ཨིན་པས།
བརྡ་བརྒྱུད་ནང་ བཀོད་དོ་བཟུམ་འབད་བ་ཅིན་ རྫོང་ཁག་གཞན་ཚུ་ནང་ སྲིད་དོན་ཚོགས་པ་༢ ཀྱིས་ གཅིག་གིས་གཅིག་ལུ་ བརྙས་བཅོས་འབད་དོ་ཡོད་པའི་ མངོན་གསལ་བྱུངམ་ཨིན་རུང་ བསམ་རྩེ་རྫོང་ཁག་ནང་འབད་བ་ཅིན་ དེ་བཟུམ་མ་ཐོནམ་ཨིན་པས།
དེ་འབདཝ་ལས་ མི་ཚུ་གིས་ བསམ་རྩེ་གི་ བཙག་འཐུའི་དུས་ཚོད་དེ་ ལེགས་ཤོམ་ཅིག་ཨིནམ་སྦེ་ བཤད་དོ་ཡོད་རུང་ ཕྱམ་ཕྱིམ་འབད་བའི་ ལོ་རྒྱུས་དུམ་གྲ་རེ་ ཐོན་ཡོདཔ་ཨིན་པས།
བཙག་འཐུའི་མཉམ་འབྲེལ་གཙོ་འཛིན་ ཀརྨ་འོང་ཟེར་གྱིས་ བཤད་དོ་བཟུམ་འབད་བ་ཅིན་ བསམ་རྩེ་ལུ་ ཚོགས་རྒྱན་བཙུགས་མི་ མཐོ་ཤོས་དང་ འདེམས་ཁོངས་མང་ཤོས་༢ པ་ཨིན་རུང་ བཙག་འཐུ་དང་འབྲེལ་བའི་ དཀའ་ངལ་མ་ཐོན་མི་དེ་ཡང་ རྫོང་ཁག་བཙག་འཐུ་ཡིག་ཚང་གིས་ བཙག་འཐུའི་སྐོར་ལས་ མི་ཚུ་ལུ་ གོ་བརྡ་སྤྲོད་ནི་དེ་གིས་ཨིན་པས།
ཁོ་གིས་ ཚོགས་སྡེའི་བཙག་འཐུ་སྐབས་ལུ་ཡང་ འདེམས་ངོ་༧ ཡོད་མི་དེ་ མཐོ་ཤོས་ཅིག་ཨིན་རུང་ རྩོད་རྙོགས་ཚུ་ ག་ནི་ཡང་ མ་ཐོན་པའི་ཁར་ འགོ་ཐོག་བཙག་འཐུའི་སྐབས་ལུ་ སྲིད་དོན་ཚོགས་པ་༤ གིས་ཡང་ རྩོད་རྙོགས་ག་ནི་ཡང་ མ་ཐོན་ཟེར་ཨིན་པས།
དུར་ག་ པར་སཱཌ་ ཆེ་ཏི་རི་ལུ་ རྩོད་རྙོགས་བཀོད་མི་དེ་ཡང་ ཚོགས་པ་གཞན་ཅིག་གིས་ བཀོད་བཀོདཔ་མེནམ་ལས་ རྩོད་རྙོགས་བསལ་བའི་ཤུལ་ལས་ ཚོགས་པའི་ལཱ་འབད་མི་ ག་གིས་ཡང་ མཐོ་གཏུགས་མ་འབད་ཟེར་ ཁོ་གིས་བཤད་ཅི།
ཀརྨ་འོད་ཟེར་གྱིས་ ད་ཚུན་ སྲུང་སྐྱོབ་ཀྱི་དཀའ་ངལ་ཡང་ ག་ནི་ཡང་ མ་ཐོན་པར་ཡོད་ཟེར་ཨིནམ་ད་ བཙག་འཐུའི་ཉིནམ་རན་དོ་ཡོད་རུང་ དཀའ་ངལ་ག་ནི་ཡང་ འཐོན་ནི་བཟུམ་ཅིག་ མ་མཐོང་ཟེར་ཨིན་པས།
ཕུན་ཚོགས་དཔལ་རི་དང་ བསམ་རྩེ་འདེམས་ཁོངས་ཀྱི་ མི་སེར་དམངས་གཙོ་ཚོགས་པའི་འདེམས་ངོ་ རྡོ་རྗེ་དབང་འདུས་ཀྱིས་ རྒྱལ་ཡོངས་ལྟ་རྟོག་འབད་མི་ལུ་ ཚོགས་པའི་འདེམས་ངོ་ རི་བི་ཀ་ གུ་རུང་གི་ བརྡ་བྱང་ནང་སྦྱར་ཡོད་མི་གསལ་བསྒྲགས་པར་དེ་ རྟ་གི་ངོ་རྟགས་གུ་ སྦྱར་ཡོད་མི་དེ་ སྤོག་བཏང་དགོཔ་སྦེ་ སླབ་ཡོད་རུང་ དེ་ཡང་ རྩོད་རྙོགས་མི་ཐོན་ནིའི་དོན་ལུ་མ་གཏོགས་ རྩོད་རྙོགས་སྦེ་ མ་བཀོདཔ་ཨིན་པས།
ཚོགས་པའི་འདེམས་ངོ་ ནཱན་ད་ལཱལ་རའེ་ འོང་པའི་སྐབས་ མི་ཚུ་ལུ་ གླ་ཆ་སྤྲོད་མ་དགོ་པའི་ སྐྱེལ་འདྲེན་ཞབས་ཏོག་བྱིན་པའི་སྐོར་ལས་ཡང་ རྩོད་རྙོགས་སྦེ་མེན་པར་ བརྡ་ལན་ཅིག་སྦེ་ བཞག་ཡོདཔ་ཨིན་པས།
རྫོང་ཁག་གི་ འདེམས་ཁོངས་༤ ནང་ ཁ་ཙ་ཚུན་ འགྲེམ་ཐོག་ཚོགས་རྒྱན་༣༠༣༥ བཏང་ཡོད་མིའི་ནང་ལས་ ད་ལྟོ་ ཚོགས་རྒྱན་བསྡོམས་༢༢༡༠ ལས་ མ་ལྷོད་པའི་གནས་ཚུལ།

རྩོམ་འབྲི་ལས་བྱེདཔ།

No comments:

Post a Comment