གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

བཙག་འཐུ་སྡེ་ཚན་ ལུང་ནག་ནང་ལུ་ ནངས་པ་འགྱོ་ནི།

༣/༧/༢༠༡༣   ༉ ནངས་པ་ལས་ སྡེ་ཁྲིད་འགོ་དཔོན་ཅིག་དང་ ཚོགས་རྒྱན་འགོ་དཔོན་༥ དང་ སྨན་བཅོས་མཁས་མཆོག་༡ རྩིས་ཏེ་ སྲུང་སྐྱོབ་དམག་མི་༡༣ སྤྱི་ཟླ་༧ པའི་ཚེས་༡༣ ལུ་ སྤྱིར་བཏང་བཙག་འཐུ་འགོ་འདྲེན་འཐབ་ནིའི་དོན་ལུ་ རྒྱལ་ཁབ་ཀྱི་ ལ་མཐོ་སའི་ས་གནས་ ལུང་ནག་ནང་ལུ་ འགྱོ་ནི་ཨིན་པས།
བཙག་འཐུ་འགོ་དཔོན་ཚུ་གིས་ གོ་བ་བརྡ་སྤྲོད་འབད་མི་ ཤིང་ག་ལ་མི་སེར་ཚུ།


ཧེ་མ་བཟུམ་མིན་པར་ ད་རིས་ཀྱི་ བཙག་འཐུ་སྡེ་ཚན་གྱིས་ ལ་ཡ་དང་ ལུང་ནག་ནང་གི་ བརྒྱུད་ལམ་བདའ་སྟེ་ གངས་ལ་གངས་མཇུག་བརྒལ་འགྱོ་འོང་ཟེར་ མགར་ས་རྫོང་ཁག་བཙག་འཐུ་འགོ་དཔོན་ རྡོ་རྗེ་དབང་འདུས་ཀྱིས་ སླབ་ཨིན་པས།
ད་རེས་ནངས་པ་ ཁཝ་བཞུ་ཡོདཔ་ལས་ ལ་ཡ་དང་ ལུང་ནག་ནང་གི་ མི་ལམ་ཧིང་སངས་ས་ཐལ་ཡོདཔ་ད་ སྡེ་ཚན་དང་གཅིག་ཁར་ དོས་འབག་མི་ རྟ་༩ བདའ་ནི་ཨིན་པས།
དགོན་ཤ་རི་ལས་ ལུང་ནག་ནང་ལུ་འགྱོཝ་ད་ ཉིན་གྲངས་༡༠ འགོར་དོ་ཡོདཔ་ཨིན་རུང་ ལ་ཡ་ལས་འགྱོཝ་ད་ ཉིན་གྲངས་༢ ཀྱི་ཧེ་མར་ ལྷོད་འོང་ཟེར་ བཙག་འཐུ་འགོ་དཔོན་གྱིས་ སླབ་ཨིན་པས།
དེ་མ་ཚད་ དམག་མི་ཚུ་གིས་ རྐྱེན་ངན་གྱི་ སྲོག་སྐྱབས་མཁོ་ཆས་ཚུ་ཡང་ འབག་འགྱོ་དོ་ཡོདཔ་ལས་ ད་རིས་ཀྱི་བཙག་འཐུའི་ནང་ ང་བཅས་ཀྱིས་ རྟ་མངམ་བཏང་དོ་ཡོདཔ་མ་ཚད་ སྡེ་ཚན་གྱིས་ གཙང་ཆུ་དག་པ་ཅིག་ བརྒལ་དགོཔ་ཡོད་ནི་དེ་གིས་ཨིན་ཟེར་ འགོ་དཔོན་ཚུ་གིས་ སླབ་ཨིན་པས།
ནངས་པ་ ལུང་ནག་ནང་ལུ་འགྱོ་མི་དམག་མི་ཚུ་ལུ་ ཁ་ཙ་རྐྱེན་ངན་གྱི་སྲོག་སྐྱབས་མཁོ་ཆས་ཚུ་བགོ་བཀྲམ་འབད་བའི་བསྒང་།

སྡེ་ཚན་དེ་ སྤྱི་ཟླ་༧ པའི་ཚེས་༥ ལུ་ རོ་ཏུ་ཕུག་མགྲོན་ཁྱིམ་ནང་ ལྷོད་ནི་དང་ དེ་གི་ནངས་པ་ ཐང་ནམ་ལས་སྦེ་ འགྱོ་ནི་ཨིན་པས།
སྡེ་ཚན་གྱིས་ ལུང་ནག་ནང་ལུ་ ཚོགས་རྒྱན་ས་ཁོངས་༤ ཡོད་མི་ལས་༣ ནང་ བཙག་འཐུ་འགོ་འདྲེན་འཐབ་ནི་ཨིནམ་ད་ ཚོགས་རྒྱན་ས་ཁོངས་རེ་ནང་ སྡེ་ཁྲིད་འགོ་དཔོན་༢ དང་ སྲུང་སྐྱོབ་དམག་མི་༤ རེ་ བཞག་ནི་ཨིན་པས།
དེ་ལས་ ར་མི་ན་ཚོགས་རྒྱན་ས་ཁོངས་ཀྱི་ཐད་ལུ་ ཚོགས་རྒྱན་འགོ་དཔོན་ཚུ་ མགར་ས་ལས་ དགོན་ཤར་རི་བརྒྱུད་དེ་ གཏང་ནི་ཨིན་པས།
ཉིནམ་གཉིས་ཀྱི་ཧེ་མར་ ཁ་སྟོད་-ལ་ཡ་འདེམས་ཁོངས་ཀྱི་ ངོས་ལེན་འགོ་དཔོན་དང་ རྫོང་ཁག་བཙག་འཐུ་འགོ་དཔོན་གྱིས་ དབྱར་རྩྭ་དགུན་འབུབ་བསྡུ་བསྒྱོམ་འབད་སའི་ས་གནས་ ཤིང་ག་ལ་ལུ་ ཚོགས་རྒྱན་སྐྱུར་མི་ཚུ་ལུ་ ཤེས་ཡོན་བརྡ་སྤྲོད་འབད་དེ་ ལོག་འོང་ཡོདཔ་ཨིན་པས།
ད་རེས་ནངས་པ་ མི་སེར་མང་ཤོས་ཅིག་ར་ དབྱར་རྩྭ་དགུན་འབུབ་བསྡུ་བསྒྱོམ་འབད་བར་ ནགས་ཚལ་ནང་ སོང་ཡོདཔ་ལས་ ཚོགས་རྒྱན་ནམ་བསྐྱུར་ནི་ཨིན་ནའི་ ཚེས་གྲངས་མི་ཤེས་པས་ཟེར་ རྡོ་རྗེ་དབང་འདུས་ཀྱིས་ བཤད་པའི་ཁར་ ཁོང་གིས་ ལ་ཡཔ་ཚུ་ལུ་ ཚོགས་རྒྱན་བཙུགས་དགོཔ་ གལ་ཆེ་བའི་སྐོར་ གསལ་བཤད་འབད་ཡི་ཟེར་ སླབ་ཨིན་པས།
ལས་རིམ་དེ་གིས་ སྤྱི་ཟླ་༧ པའི་ཚེས་༣ དང་༤ ལུ་ ལ་ཡ་རྒེད་འོག་ནང་ སྤྱིར་བཏང་གྲོས་འཛོམས་འགོ་འདྲེན་འཐབ་པའི་སྐབས་ ཚོགས་རྒྱན་སྐྱུར་མི་མངམ་འོང་ནི་ལུ་ཡང་ ལྷན་ཐབས་འབྱུང་འོང་ཟེར་ རྡོ་རྗེ་དབང་འདུས་ཀྱིས་ སླབ་ཨིན་པའི་གནས་ཚུལ།

རྩོམ་འབྲི་ལས་བྱེདཔ།

No comments:

Post a Comment