གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

མི་སེར་དམངས་གཙོ་ཚོགས་པའི་ གནས་ཚུལ་གསར་སྟོན།

༦/༧/༢༠༡༣   ༉ མི་སེར་དམངས་གཙོ་ཚོགས་པའི་ གནས་ཚུལ་གསར་སྟོན་དང་འཁྲིལཝ་ད་ རྒྱལ་ཁབ་ནང་ མེ་རླུང་རྒྱ་རྫིདང་ ས་མར་ཁུའི་གོང་ཚད་ཕབ་ཆག་ མེདཔ་བཟོ་མི་ལུ་བརྟེན་ འབྲུག་ཕུན་སུམ་ཚོགས་པའི་ བློན་པོ་ཚུ་གིས་ བསྐུལ་བསྒྲགས་ཀྱི་ ལས་རིམ་ཚུ་ མཚམས་འཇོག་འབད་དེ་ ཐིམ་ཕུ་ལུ་ འཛོམས་དགོ་པའི་གནད་དོན་དེ་ ཧ་མ་གོ་ཟེར་ཨིན་པས།


ད་ལྟོ་ འབྲུག་ཕུན་སུམ་ཚོགས་པ་དང་ མི་སེར་དམངས་གཙོ་ཚོགས་པ་༢ ཆ་ར་ལུ་ བཀོད་ཁྱབ་དབང་ཚད་མེདཔ་བཞིན་དུ་ དེ་བཟུམ་མའི་ ལཱ་བྱ་འཐབ་མི་དེ་ ཁུངས་མེདཔ་མ་ཚད་ ཧེ་མ་ལས་ཡོད་པའི་ མགུ་འཐོམ་གནས་སྟངས་དེ་ཡང་ ཧེང་སྐལ་ར་ སྐྱོ་དྲགས་ཐལ་འོང་ཟེར་ཨིན་པས།
གོང་ཚད་ཡར་སེང་སོང་མི་དེ་གིས་ འབྲུག་མི་ཚུ་ལུ་ གནོད་པ་སྦོམ་འབྱུང་ནི་ཨིནམ་ལས་ མི་སེར་དམངས་གཙོ་ཚོགས་པ་ལུ་ཡང་ ཚ་གྱང་ཡོདཔ་ད་ གལ་སྲིད་ མི་སེར་དམངས་གཙོ་ཚོགས་པ་གིས་ གཞུང་སྐྱོང་ནིའི་གོ་སྐབས་འཐོབ་པ་ཅིན་ གནད་དོན་དེ་ གཙོ་རིམ་དང་པའི་ནང་ བཙུགས་ཐོག་ལས་ གཞུང་སྐྱོང་གི་ ཟླ་ངོ་དང་པའི་ནང་ར་ བསལ་ནི་ཨིན་ཟེར་ཨིན་པས།
རྒྱ་འབྲུག་གཉིས་ཀྱི་ མཐུན་ལམ་གྱི་ཐད་ལུ་ལྷོདཔ་ད་ གནད་དོན་དེ་ དང་པ་ར་ འབྲུག་ཕུན་སུམ་ཚོགས་པའི་ འདེམས་ངོ་ཅིག་གིས་ རྒྱ་འབྲུག་གཉིས་ཀྱི་མཐུན་ལམ་དེ་ སྤྱི་ལོ་༢༠༠༨ ཀྱི་ སྔ་གོང་དང་ཕྱདཔ་ད་ དྲགཔ་སྦེ་བཟོ་ཡོདཔ་མ་ཚད་ འཆར་གཞི་༡༡ པའི་དོན་ལུ་ མ་དངུལ་ཚུ་ཡང་ འབྲུག་ཕུན་སུམ་ཚོགས་པ་གཞུང་གིས་མ་གཏོགས་ འཐོབ་མི་ཚུགས་ཟེར་སླབ་མི་ལུ་ གདོང་ལེན་མ་འབད་བར་ ཐབས་མེདཔ་ཐལ་ནི་དེ་གིས་ཨིན་ཟེར་ གནས་ཚུལ་གསར་སྟོན་ནང་བཀོད་ནུག།
རྒྱ་འབྲུག་གཉིས་ཀྱི་ མཐུན་ལམ་སྐོར་ལས་ མི་མང་འཛོམས་སར་དང་ མི་སྡེའི་བརྡ་བརྒྱུད་ཚུ་ནང་ རྒྱ་ཆེ་དྲགས་སྦེ་ར་ གྲོས་བསྡུར་འབད་ཡོདཔ་ད་ མི་སེར་དམངས་གཙོ་ཚོགས་པའི་ ཁས་བླངས་གསལ་བསྒྲགས་ནང་ཡང་ ཕྱི་འབྲེལ་མཐུན་ལམ་གྱི་ གནད་དོན་གཙོ་ཅན་ཅིག་སྦེ་ བཙུགས་ཏེ་ཡོད་ཟེར་ཨིན་པས།
ད་ལས་ཕར་ རྒྱ་གར་དང་གཅིག་ཁར་ མཐུན་ལམ་སྔར་བ་ལྷགཔ་སྦེ་ གོང་འཕེལ་གཏང་ནི་དེ་ མི་སེར་དམངས་གཙོ་ཚོགས་པའི་ ཁས་བླངས་གསལ་བསྒྲགས་ཅིག་ཨིནམ་ལས་ ག་དེམ་ཅིག་སྦེ་ འབྲུག་ཕུན་སུམ་ཚོགས་པ་གིས་ འདས་པའི་ལོ་ནང་ རྒྱ་འབྲུག་གི་མཐུན་ལམ་ རྩ་བརྟན་བཟོ་ཡི་ཟེར་སླབ་མི་ཚུ་ ཁ་དང་དོན་མཐུན་མེད་པའི་སྐོར་ལས་ མ་སླབ་པ་ཅིན་ ང་བཅས་ཀྱི་འགན་ཁུར་འབག་ནིའི་ནང་ འཐུས་ཤོར་འབྱུང་ནི་ཨིན་པས་ཟེར་ཨིན་མས།
གནས་ཚུལ་གསར་སྟོན་དང་འཁྲིལཝ་ད་ ད་ལྟོ་ཚུན་ རྒྱ་གར་གཞུང་གིས་ འཆར་གཞི་༡༡ པའི་དོན་ལུ་ འཆར་དངུལ་བྱིན་ནི་སྦེ་ ཁ་བཟེད་བཟེདཔ་མེད་མི་དང་ འདས་པའི་གཞུང་གིས་ མ་ཤེསཔ་སྦེ་ མེ་རླུང་རྒྱ་རྫི་དང་ ས་མར་ཁུའི་གོང་ཚད་ཚུ་ ཡར་སེང་འབད་མི་དེ་ ཚ་གྱང་ལང་དགོ་པའི་ གཞི་གནད་ཅིག་ ཨིན་པས་ཟེར་ཨིན་མས།
མི་སེར་དམངས་གཙོ་ཚོགས་པའི་ གནས་ཚུལ་གསར་སྟོན་ནང་ བཀོད་དོ་བཟུམ་འབད་བ་ཅིན་ མི་དབང་མངའ་བདག་རིན་པོ་ཆེ་མཆོག་ ང་བཅས་ཀྱི་ དམངས་གཙོའི་རིང་ལུགས་ནང་ རྒྱལ་ཁམས་ཀྱི་ དབུ་ཁྲིད་མཛད་མི་ལུ་ བཀའ་དྲིན་བསམ་བཞིན་དུ་ ཡོད་ཟེར་ཨིནམ་ད་ དེ་དང་འཁྲིལ་ སྲིད་དོན་ཚོགས་པ་ཚུ་གིས་ རྒྱལཔོ་གི་མཚན་དེ་ སྲིད་དང་འབྲེལ་བ་ བཟོ་ནི་མི་འོང་ནི་ཨིནམ་བཞིན་དུ་ འབྲུག་རྒྱལཔོ་གི་ ཁྱད་དབང་ལུ་ བཀུར་པ་ཞུ་ནི་ཡང་མི་འོང་ཟེར་ཨིན་པས།
ད་ལས་ཕར་ འབྲུག་ཕུན་སུམ་ཚོགས་པ་གིས་ཡང་ དེ་ལུ་ ངོས་ལེན་འབད་དོ་ཡོདཔ་ལས་ སེམས་དགའ་ཡི་ཟེར་བཀོད་ནུག།
ད་ལས་ཕར་འབད་རུང་ ང་བཅས་ཀྱི་ བསྐུལ་བསྒྲགས་ཚུ་ འཕྲོ་མཐུད་འབད་བའི་སྐབས་ དེ་གི་ལམ་ལུགས་ཚུ་ རང་སོའི་ཁས་བླངས་ཚུ་ལུ་ ཤུགས་བཏོན་ཐོག་ལས་ ལེགས་ཤོམ་སྦེ་ འགོ་འདྲེན་འཐབ་ནིའི་ ཁས་བླངས་འབད་གེ་ཟེར་ བཀོད་འདུག་པའི་གནས་ཚུལ།

རྩོམ་འབྲི་ལས་བྱེདཔ།

No comments:

Post a Comment