གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

མེ་རླུང་གཱེསི་དང་ ས་མར་ཁུའི་གོང་ཚད་ཡར་སེང་སོང་མི་ལུ་ ཚ་གྱང་ལང་དགོཔ་མེདཔ།

༣/༧/༢༠༡༣   ༉ ཁ་ཙ་ འབྲུག་ཕུན་སུམ་ཚོགས་པའི་གཙོ་འཛིན་ འཇིགས་མེད་འཕྲིན་ལས་ཀྱིས་ མོང་སྒར་དགྲ་མེད་རྩེ་འབྲིང་རིམ་སློབ་གྲྭ་བར་མའི་ནང་ བསྐུལ་བསྒྲགས་འབད་བའི་སྐབས་ ཁ་ཙ་ལས་འགོ་བཙུགས་ རྒྱ་གར་གཞུང་གིས་ འབྲུག་གི་དོན་ལུ་ མེ་རླུང་རྒྱ་རྫི་དང་ ས་མར་ཁུའི་གོང་ཚད་ཚུ་ བརྒྱ་ཆ་ཧྲིལ་བུ་ ཡར་སེང་རྐྱབ་མི་ལུ་ ཚ་གྱང་ལང་དགོཔ་མེད་ཟེར་བཤད་ཅི།
ཁ་ཙ་དྲོ་པར་ འབྲུག་ཕུན་སུམ་ཚོགས་པའི་གཙོ་འཛིན་ འཇིགས་མེད་འཕྲིན་ལས་ཀྱིས་ ཡ་ལྡི་སློབ་གྲྭ་ནང་འཛོམས་མི་ མི་སེར་ཚུ་ལུ་ གསལ་བཤད་འབད་བའི་བསྒང་།


ཧེ་མ་ འབྲུག་ཕུན་སུམ་ཚོགས་པ་གིས་ གཞུང་སྐྱོང་བའི་སྐབས་ རྒྱ་གར་གཞུང་གིས་ བཟའ་འཐུང་གི་ གོང་ཚད་ཡར་སེང་རྐྱབ་ནི་ཟེར་ སླབ་པའི་སྐབས་ཡང་ གཞུང་འབྲེལ་གྲོས་བསྟུན་ཚུ་འབད་དེ་ ཡར་སེང་འབད་མ་བཅུག་པར་ བཞག་ཅི་ཟེར་ གཙོ་འཛིན་གྱིས་ མི་སེར་ཚུ་ལུ་ གནས་ཚུལ་དང་འདྲཝ་སྦེ་ གསལ་བཤད་འབད་ཡི།
འཇིགས་མེད་འཕྲིན་ལས་ཀྱིས་ བཤད་མིའི་ནང་ ད་རེས་ ཡར་སེང་འབད་མི་ གོང་ཚད་ཚུ་ ས་མར་ཁུ་དང་ གཱེསི་གི་ གོང་ཚད་ངོ་མ་ཨིན་མི་དེ་ཡང་ ཧེ་མ་འབད་བ་ཅིན་ རྒྱ་གར་གྱིས་ ཁོང་རའི་མི་སེར་ཚུ་ལུ་བཟུམ་སྦེ་ འབྲུག་མི་ཚུ་ལུ་ཡང་ གོང་ཚད་མར་ཕབ་ཐོག་ བྱིན་སྟེ་ཡོད་ཟེར་ཨིན།
དེ་སྦེ་གོང་ཚད་མར་ཕབ་ཐོག་ ཐོབ་དགོ་མི་དེ་ཡང་ རྒྱ་འབྲུག་གཉིས་ཀྱི་བར་ན་ མཐུན་ལམ་ལེགས་ཤོམ་ཡོད་མི་ལུ་བརྟེན་ཨིན་རུང་ ད་རེས་ འབྲུག་མི་རྐྱངམ་གཅིག་གི་དོན་ལུ་ ག་ཅི་སྦེ་ ཡངས་ཆག་མེདཔ་ བཟོ་བཟོཝ་ཨིན་ན་ ཧ་མ་གོ་ཟེར་སླབ་ཅི།
གཙོ་འཛིན་གྱིས་འབད་བ་ཅིན་ གནད་དོན་དེ་གི་སྐོར་ལས་ གནས་སྐབས་གཞུང་ལུ་ཡང་ སླབ་ཡོདཔ་མ་ཚད་ རྒྱ་གར་ལུ་ འབྲུག་གཞུང་གི་ སྐུ་ཚབ་ཀྱིས་ཡང་ ལོ་རྒྱུས་སླབ་དགོཔ་སྦེ་ ཞུ་བ་འབད་དེ་ཡོདཔ་ལས་ གསུང་གྲོས་ཚུ་ འཕྲལ་མགྱོགས་ར་ འགོ་བཙུགས་འོང་ཟེར་ཨིན་པས།
ག་དེམ་ཅིག་སྦེ་ ཁོང་གིས་ ག་ཅི་ཡང་ འབད་མ་ཚུགས་པ་ཅིན་ གཞུང་གསརཔ་གཞི་བཙུགས་འབད་ནིའི་དོན་ལུ་ དུས་ཡུན་ཟླཝ་༡ དེ་ཅིག་མ་གཏོགས་མེདཔ་ལས་ གནད་དོན་དེ་ གཞུང་གསརཔ་ག་འོང་རུང་ བསལ་ཐབས་འབད་དགོ་ཟེར་ཨིན་པས།
གཙོ་འཛིན་གྱིས་ བཤད་མིའི་ནང་ ད་ལྟོ་ཚུན་གྱི་བར་ན་ཡང་ དེ་བཟུམ་མའི་ལཱ་ཚུ་ འབད་ཚུགས་བཞིན་དུ་ཡོདཔ་ལས་ ད་ལས་ཕར་འབད་རུང་ རྒྱ་གར་གཞུང་དང་ གྲོས་བསྟུན་འབད་ཐོག་ལས་ འབད་མ་ཚུགསཔ་མི་སྲིད་ཟེར་ཨིན་པས།
འདས་པའི་ལོ་ཚུ་ནང་འབད་བ་ཅིན་ དེ་བཟུམ་མའི་ གནད་དོན་ཚུ་ ཐོན་པའི་སྐབས་ གཞུང་གིས་ བློན་པོ་ཅིག་ རྒྱ་གར་རྒྱལ་ཁབ་ནང་ བཏང་ཐོག་ལས་ བསལ་ཐབས་འབད་དོ་ཡོདཔ་ཨིན་རུང་ ད་རེས་ཀྱི་ཐད་ལུ་ གནས་སྐབས་ཀྱི་གཞུང་གིས་ ག་ཅི་ཡང་ འབད་མ་ཚུགས་པས་ཟེར་ཨིན་པས།
དེ་གི་ཧེ་མར་ ཡ་ལྡི་ལུ་ བསྐུལ་བསྒྲགས་འབད་བའི་སྐབས་ལུ་ཡང་ གནད་དོན་དེ་གི་སྐོར་ལས་ གསལ་བཤད་འབད་བའི་ཁར་ ད་རེས་ མེ་རླུང་གཱེསི་དང་ ས་མར་ཁུའི་གོང་ཚད་ཚུ་ ཡར་སེང་སོང་མི་དེ་ འབྲུག་ཕུན་སུམ་ཚོགས་པ་གཞུང་གིས་ རྒྱ་འབྲུག་གི་མཐུན་ལམ་ སྔར་བཞིན་བཞག་མ་ཚུགས་མི་ལུ་བརྟེན་ཏེ་ཨིན་ཟེར་ སྲིད་ཚོགས་གཞན་གྱིས་ ཁ་ཉེས་བཀལ་དོ་ཡོདཔ་ཨིན་རུང་ ལོ་རྒྱུས་དེ་ལུ་ བདེན་ཁུངས་མེདཔ་ ཧ་གོ་དགོ་ཟེར་སླབ་ཅི།
དེ་ལས་ ཁོ་གིས་ བསྐུལ་བསྒྲགས་སྐབས་ འབྲུག་ཕུན་སུམ་ཚོགས་པ་ལུ་ མ་དགའ་མི་ཚུ་གིས་ འདས་པའི་ལོ་༥ འི་རིང་ སྐྱོན་བཏགས་མི་དང་ ཉོགས་བཤད་བཀོད་མི་ ལེ་ཤ་ཅིག་ར་ ཐོན་ཡི་ཟེར་ བཤད་པའི་ཁར་ འདས་པའི་གཞུང་གིས་ ག་ཅི་ཡང་ འབད་འབདཝ་མེད་རུང་ ལོ་ངོ་༡༣ དེ་ཅིག་གི་ ཧེ་མར་བྱུང་མི་ རྒྱལ་པོའི་ཞིང་ཁྲོམ་གྱི་ ས་ཆ་བགོ་བཀྲམ་དང་འབྲེལ་བའི་ གནད་དོན་ཚུ་སློངས་ཏེ་ དཔེ་འབད་བ་ཅིན་ ནང་སྲིད་བློན་པོ་བགྲེསཔ་ མི་འགྱུར་རྡོ་རྗེ་ལུ་ ཉེས་ཁྲིམས་ལོ་༡ བཀལ་ཡི་ཟེར་ བཤད་ཅི།
སྲིད་འཛིན་གྱིས་ གསལ་བཤད་འབད་མིའི་ནང་ མི་སེར་ཚུ་གི་ མི་ཚེའི་གནས་སྟངས་ ལེགས་བསྒྱུར་གཏང་ནིའི་དོན་ལུ་ རྒྱལ་ཡོངས་ས་ཆའི་བཅའ་ཁྲིམས་དེ་ བསྐྱར་བཟོ་འབད་ནི་སྦེ་ ཁས་བླངས་འབད་ཡི།
མ་གཞི་ བློན་ཆེན་བགྲེསཔ་ འཇིགས་མེད་འཕྲིན་ལས་དེ་ ད་རིས་ བཀྲིས་གཡང་རྩེ་རྫོང་ཁག་ནང་ བསྐུལ་བསྒྲགས་འབད་ནིའི་ འཆར་གཞི་ཡོདཔ་ཨིན་རུང་ བྱ་སྟབས་མ་བདེ་བའི་ གནད་དོན་ཚུ་ལུ་བརྟེན་ ལོག་ཐིམ་ཕུ་ལུ་ འོངམ་ཨིན་པའི་གནས་ཚུལ།

དགྲ་མེད་རྩེ་ལས་ ཉི་མ་དབང་འདུས།

1 comment:

  1. མི་སེར་དམང་གཙོ་ཚོགས་པའི་འདེམས་ངོ་ཚུ་ལུ་བལྟ་སེམས་ཕམ་། ༉ མི་སེར་དམང་གཙོ་ཚོགས་པའི་གཙོ་འཛིན་གཙོས་པའི་ཁོང་འདེམས་ངོ་ ༤༦ གེ་ར་གི་མི་སེར་ལུ་ཕན་པའི་ ཁས་བླངས་གསལ་སྦྲགས་སྦེ་ནི་མེན་པ་ རྩོད་འགྲན་འགོ་བཙུགསཔ་ཅི་ར་ འབྲུག་ཕུན་གསུམ་ཚོགས་པ་ལུ་ མ་འཕབ་རྐྱབ་མ་ཚད་ རྑྱལ་ཁབ་དང་རྒྱལ་ཁབ་ མཐུན་ལམ་མེདཔ་བཏང་ཡི་ཟེར་ལོ་རྒྱུས་འདྲ་སྨིན་སྣ་ཚོགས་གསལ་བཤད་འབདཝ་གི་མ་ཚད་ འབྲུག་ཕུན་གསུམ་ཚོགས་པ་གཞུང་གི་ ང་བཅས་ར་འབྲུག་རྒྱལ་ཁབ་ཀྱི་མ་འོང་བུ་རྒྱུས་ཚུ་རང་མགོ་རང་འདྲོངས་བཟོ་འཐབ་དམིགས་སྟེ་ གློག་མེ་འཕྲུལ་ཁང་མང་རབ་ཅིག་ཞི་བཙུགས་གནངམ་མ་ཚད་ ཤེས་རི་གྲོང་ཁྱེར་ཞི་བཙུགས་གནང་མི་ལུ་ མི་སེར་མང་གཙོ་ཚོགས་པའི་ཁ་ཐུག་ལས་ བཀྲིན་བསམ་ནི་ཕར་བཞག་ སྔོན་ལྷད་ཨིན་མས་ཁ་ཉེས་བཀལ་མི་ལུ་ ང་བཅས་མི་སེར་ཚུ་བློ་འཕམ་འབྱུང་ཡི་། ག་འདེམ་ཅིག་འབད་ རྒྱ་འབྲུག་གཉིས་ཀྱིས་མཐུན་ལམ་མེདཔ་འགྱོཝ་ཅིན་ མི་སེར་གམང་གཙོ་ཚོགས་པའི་འདེམས་ངོ་ཚུ་ འབྲུག་རྒྱལ་ཁབ་ནང་མ་སྡོད་པར་ཕྱིའི་རྒྱལ་ཁབ་ནང་མགྱོགས་འགྱོ་ནི་ཨིན་ན་? ཐུག་རྗེ་ལེགས་ཤོམ་འབད་གནང་ཏེ་ གསུང་ནི་གི་དུས་ཚོད་ ན་ཐེན་རེན་ཆེ་ནུག་། ད་རེས་ཐེངས་ཕོགས་ཅིག་ ཚོགས་རྒྱན་འཐོབ་བརྗོད་བསྐྱེད་དེ་ འདི་བཟུམ་རྩ་ལས་གསུང་མ་དག་ ང་བཅས་མི་སེར་ཡོངས་ཀྱི་ཁ་ཐུག་ལས་གསོལ་འདེབས་ཞུ་ནི་ཨིན་། རྡོ་རྗེ་ བསམ་རྩི་།

    ReplyDelete