གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

འགྲུལ་བཀག་འབད་རུང་ སྣུམ་འཁོར་ཚུ་གིས་ འགྲོ་འགྲུལ་འབད་ཡོདཔ།

༡༡/༧/༢༠༡༣   ༉ ད་རེས་ནངས་པ་ རྒྱ་གར་ ཨ་སམ་གྱི་ས་གནས་ཚུ་ནང་ ངོ་རྒོལ་འགྲེམ་སྟོན་ཚུ་ལུ་བརྟེན་ རྒྱ་གར་རྒྱལ་ཁབ་ བརྒྱུད་དེ་ འགྲོ་འགྲུལ་འཐབ་དགོ་པའི་ ས་གནས་དག་པ་ཅིག་ནང་ སྣུམ་འཁོར་འགྲོ་འགྲུལ་འཐབ་ནི་ཚུ་ བཀག་ཆ་འབད་དེ་བཞག་ཡོདཔ་ཨིན་རུང་ ཁྲིམས་སྲུང་འགག་པ་ཚུ་ལུ་ དོ་འགྲན་བྱུང་དོ་ཡོདཔ་ཨིན་པས།
བསམ་གྲུབ་ལྗོངས་མཁར་གྱི་ སྒོ་ར་ལས་ སྣུམ་འཁོར་ཕུད་རྡོག་གཅིག་ཡང་ མ་བཏང་པར་བཞག་ཡོདཔ་ཨིན་མས།


ཆུ་ཚོད་༣༦ གི་དོན་ལུ་ ཕུན་ཚོགས་གླིང་ལས་ བསམ་གྲུབ་ལྗོངས་མཁར་བར་ན་ འགྲོ་འགྲུལ་འབད་མི་ སྣུམ་འཁོར་ཚུ་ བཀག་ཆ་འབད་ཡོདཔ་ཨིན་རུང་ སྣུམ་འཁོར་ལེ་ཤ་ཅིག་ བསམ་གྲུབ་ལྗོངས་མཁར་ལུ་ ལྷོད་ཡོདཔ་ཨིན་པས།
མ་གཞི་ ངོ་རྒོལ་འགྲེམ་སྟོན་ལུ་བརྟེན་ འཁོར་ལམ་ཚུ་ སྤྱི་ཟླ་༧ པའི་ཚེས་༩ གི་ དྲོ་པའི་ཆུ་ཚོད་༥ ལས་ བཀག་ཆ་འབད་ཡོདཔ་ཨིན་རུང་ ཉིནམ་དེ་གི་ཕྱི་རུ་ར་ ཕུན་ཚོགས་གླིང་ལས་ སྣུམ་འཁོར་༤༠ དེ་ཅིག་ བསམ་གྲུབ་ལྗོངས་མཁར་ལུ་ ལྷོད་ཡོདཔ་ད་ ཁ་ཙ་ཕྱི་རུ་ཁམས་ཅིག་ཁར་ སྣུམ་འཁོར་༥ དེ་ཅིག་ལྷོད་ཅི།
མི་ཚུ་གིས་ བཀག་ཆ་དེ་ལུ་མ་གནས་པར་ ཉེན་ཁ་འབག་ཐོག་ལས་ འགྲོ་འགྲུལ་འབད་མི་དེ་ཡང་ གཙོ་བོ་ར་ ཚོགས་རྒྱན་བཙུགས་ནིའི་ དུས་ཚོད་རན་མི་ལུ་བརྟེན་ཏེ་ ཨིནམ་བཟུམ་ཅིག་མཐོང་མས།
བསམ་གྲུབ་ལྗོངས་མཁར་གྱི་ སྒོ་ར་ཁ་ལུ་ཡོད་པའི་ ཁྲིམས་སྲུང་འགོ་དཔོན་ཚུ་གིས་ སླབ་མིའི་ནང་ བསམ་གྲུབ་ལྗོངས་མཁར་ལས་ ས་གནས་གཞན་ཁར་ འགྲོ་འགྲུལ་འབད་མི་ སྣུམ་འཁོར་ཕུད་རྡོག་གཅིག་ཡང་ བཏང་ནི་མེད་ཟེར་ཨིན་པས།
བཀག་ཆ་འབད་བའི་ དུས་ཡུན་སྐབས་ལུ་ བསམ་གྲུབ་ལྗོངས་མཁར་ལུ་ལྷོད་མི་ སྣུམ་འཁོར་ཚུ་ ཕུན་ཚོགས་གླིང་སྒོ་ར་ཁ་ལས་ བསམ་རྩེ་དང་ ཇའི་སྒང་ དེ་ལས་ སི་ལི་གུ་རི་ལུ་ འགྱོཝ་ཨིན་ཟེར་ ཤོབ་རྐྱབ་སྟེ་འོང་མི་ སྣུམ་འཁོར་ཚུ་ཨིན་པས།
དེ་ཡང་ བསམ་རྩེ་དང་ སིབ་སུ་ དེ་ལས་ སི་ལི་གུ་རིའི་ས་གནས་ཚུ་ནང་ འབྲུག་པའི་སྣུམ་འཁོར་ཚུ་ འཕྲོ་མཐུད་དེ་ར་ འགྲུལ་བསྐྱོད་འབད་ཆོགཔ་སྦེ་ ཡོད་མི་ལུ་བརྟེན་ཏེ་ཨིན་པས།
ཕུན་ཚོགས་གླིང་ ཁྲིམས་སྲུང་སྒོ་ར་ལས་ ཁྲིམས་སྲུང་འགོ་དཔོན་ཅིག་གིས་ སླབ་དོ་བཟུམ་འབད་བ་ཅིན་ ད་རེས་ བསམ་གྲུབ་ལྗོངས་མཁར་ལུ་ལྷོད་མི་ སྣུམ་འཁོར་ཚུ་ ཉེན་ཁ་མེད་པའི་ ས་གནས་གཞན་ཚུ་ནང འགྱོཝ་ཨིན་ཟེར་སླབ་སྟེ་ སོང་ནི་དེ་གིས་ ཨང་གྲངས་ཚུ་ཡང་ ཐོ་བཀོད་མ་འབད་ཟེར་ཨིན་པས།།
ཨིན་རུང་ སྤྱི་ཟླ་༧ པའི་ཚེས་༩ དྲོ་པའི་ཆུ་ཚོད་༥ ལས་འགོ་བཙུགས་ ལམ་འགྲུལ་བཀག་ཆ་འབད་མི་དེ་ ཁ་ཙ་ཕྱི་རུ་ ཆུ་ཚོད་༦ ལུ་ ཚང་ཡོདཔ་ལས་ ད་རིས་ལས་འགོ་བཙུགས་ སྣུམ་འཁོར་ཚུ་ གཏང་ནི་ཨིན་པའི་གནས་ཚུལ།

ཉི་མ་དབང་འདུས།

No comments:

Post a Comment