གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

བཀྲིས་སྒང་དང་ བསམ་ལྗོངས་བར་ནའི་ གཞུང་ལམ་ཆད་པའི་དཀའ་ངལ།

༡༡/༧/༢༠༡༣   ༉ ད་རེས་ནངས་པ་ ཆར་ཆུའི་དུས་ཚོད་རན་མི་དང་འཁྲིལ་ རྒྱལ་ཁབ་ཀྱི་ས་གནས་ཁག་ཚུ་ནང་ ས་རུད་ཆད་པའི་ དཀའ་ངལ་ཚུ་ ལེ་ཤ་ཅིག་ར་ བྱུང་དོ་ཡོདཔ་ལས་ ཁ་ཙ་ བཀྲིས་སྒང་ བར་གཤོང་ས་གནས་ནང་ ས་རུད་ལུ་བརྟེན་ འཁོར་ལམ་ཆད་དེ་ དུས་ཡུན་ཆུ་ཚོད་༣ དེ་ཅིག་གི་རིང་ སྣུམ་འཁོར་ཚུ་ ཐོགས་ལུས་ཡི།



བར་གཤོང་དེ་ བཀང་ལུང་ལས་ བསམ་གྲུབ་ལྗོངས་མཁར་ཁ་ཐུག་ ཀི་ལོ་མི་ཊར་༢༠ དེ་ཅིག་གི་ས་ཁར་ཡོདཔ་ད་ འཁོར་ལམ་དེ་ དྲོ་པའི་ཆུ་ཚོད་༡༠ དེ་ཅིག་ཁ་ལས་བརྒལ་ བསལ་མ་ཚུགསཔ་ཨིན་པས།
དེ་གི་སྐབས་ ལམ་ཕྱོགས་གཉིས་ཆ་ར་ལས་ སྣུམ་འཁོར་ལེ་ཤ་ཅིག་ བཀག་ལུས་ཡོདཔ་ད་ དེ་ཚུ་གི་གྲས་ལས་ མང་ཤོས་ཅིག་ ད་རེས་ནངས་པ་ ཚོགས་རྒྱན་གྱི་སྐབས་ ལཱ་འབད་བར་འགྱོ་མི་ བཀྲིས་སྒང་རྫོང་ཁག་གི་ སློབ་གྲྭའི་སློབ་དཔོན་ཚུ་ཨིན་པས།
སློབ་གྲྭའི་སློབ་དཔོན་ཅིག་གིས་འབད་བ་ཅིན་ ཁ་ཙ་ ཁྲིམས་ཤིང་ལུ་ ཁོང་གི་དོན་ལུ་ གོམས་འདྲིས་སློབ་སྦྱོང་ཅིག་ འགོ་འདྲེན་འཐབ་ནི་ཨིནམ་ད་ དེ་ཁར་ལྷོད་ནི་ལུ་ ཕྱིས་པའི་ཚ་གྱང་ ལངམ་མས་ཟེར་སླབ་ཅི།
ཨིན་རུང་ ས་ཁོངས་ནང་ ཆརཔ་ཆད་ནི་མེད་པར་ རྐྱབ་མི་ལུ་བརྟེན་ འཕྲལ་འཕྲལ་སྦེ་ར་ ས་རུད་ཆད་པའི་ས་ཁོངས་དེ་ ས་སྨུག་གིས་སྤུབས་པའི་ཁར་ ས་རུད་ཚུ་ འཕྲོ་མཐུད་དེ་ར་ ཆདཔ་ཨིན་པས།
དྲོ་པའི་ཆུ་ཚོད་༡༠ དེ་ཅིག་ཁར་ ཌཱན་ཊཱག་གི་ ལམ་སེལ་འཕྲུལ་ཆས་ཚུ་གིས་སྦེ་ ལམ་དེ་ བསལ་མི་དང་འབྲེལ་ སྣུམ་འཁོར་ཚུ་ འགྲོ་འགྲུལ་འབད་ཚུགས་ཅི།
དེ་ལས་ བསམ་གྲུབ་ལྗོངས་མཁར་ ནར་ཕུང་བརྒལ་ཏེ་ ཀི་ལོ་མི་ཊར་ དག་པ་ཅིག་གི་ས་ཁར་ཡོད་པའི་ ས་གནས་ ཤེག་པ་ཤིང་ལུ་ཡང་ ས་རུད་ལུ་བརྟེན་ གཞུང་ལམ་བསུབས་ནི་དེ་གིས་ སྣུམ་འཁོར་ལེ་ཤ་ཅིག་ དུས་ཡུན་ཆུད་ཚོད་༣ དེ་ཅིག་གི་རིང་ ཐོགས་ལུས་ཡོདཔ་ཨིན་པས།
མི་ཚུ་གིས་ སླབ་མིའི་ནང་ དེ་སྦེ་ ཤེག་པ་ཤིང་ལུ་དང་ བར་གཤོང་ལུ་ འཁོར་ལམ་བསུབས་མི་དེ་ཡང་ ད་རེས་ནངས་པ་ བཀྲིས་སྒང་དང་  བསམ་གྲུབ་ལྗོངས་མཁར་གྱི་བར་ན་ གཞུང་ལམ་ཚུ་ རྒྱ་བསྐྱེད་འབད་ནིའི་ ལཱ་འབད་བའི་བསྒང་ ཡོད་ནི་དེ་གིས་ ཨིན་མས་ཟེར་སླབ་ཅི།
ནར་ཕུང་ས་ཁོངས་ནང་ སྤྱི་ཟླ་༧ པའི་ཚེས་༨ ཀྱི་ ནུབ་མོ་ལས་འགོ་བཙུགས་ གློག་མེ་མེདཔ་ཐལ་ཡོདཔ་བཞིན་དུ་ དམིགས་བསལ་གྱི་ བཟའ་ཁང་ཚུ་ནང་ བཞེས་སྒོ་འབད་ནི་ལུ་ དཀའ་ངལ་བྱུང་དོ་ཡོདཔ་ལས་ ཁོང་གིས་ ཐབ་ཚང་ཚུ་ནང་ ཐབ་ཤིང་ལག་ལེན་འཐབ་ཐོག་ལས་ འབད་དགོཔ་ཐོན་ཡོདཔ་ཨིན་པས།
ནར་ཕུང་ལུ་སྡོད་མི་ ཚོང་པ་ཚུ་གིས་འབད་བ་ཅིན་ ས་གནས་ནང་ ཆརཔ་ཤུགས་སྦེ་རྐྱབ་སྟེ་ བདུན་ཕྲག་༢ དེ་ཅིག་ ལང་སོ་ཡི་ཟེར་་ཨིནམ་ད་ སྤྱི་ཟླ་༧ པའི་ཚེས་༨ ཀྱི་ནུབ་མོ་ལས་འགོ་བཙུགས་ གློག་མེ་གི་རྒྱུན་ལམ་ཡང་མེད་པར་ དཀའ་ངལ་བྱུང་སྟེ་ཡོད་ཟེར་ སླབ་ཨིན་པའི་གནས་ཚུལ།

བར་གཤོང་ལས་ ཉི་མ་དབང་འདུས།

No comments:

Post a Comment