གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

ཕུཊ་སཱལ་རྩེད་འགྲན་ལས་ སྡེ་ཚན་༢ ཀྱིས་ ཀོ་ཊར་ཕའི་ནཱལ་ནང་ལྷོད་ཡོདཔ།

༩/༧/༢༠༡༣   ༉ ཁ་ཙ་ སྡེ་ཚན་༤ གི་བར་ན་ ཕུཊ་སཱལ་ཕུཊ་བཱོལ་ ཀོ་ཊར་ཕའི་ནཱལ་གྱི་ འགྲན་བསྡུར་འབད་མི་ནང་ལས་ རྒྱལ་ཁ་ཐོབ་མི་སྡེ་ཚན་༢ ཆ་ར་ པེ་ནཱལ་ཊི་བཱོལ་རྐྱབ་སྟེ་ མཐའ་བཅད་འོག་མའི་ རྩེད་འགྲན་ནང་ ལྷོད་ཅི།
རྒྱལ་ཕམ་ཕྱེ་མ་ཚུགས་པར་ པེ་ནཱལ་ཊི་རྐྱབ་པའི་བསྒང་།


དེ་ཡང་ ཉིན་མའི་ཆུ་ཚོད་༡༢ ལུ་ ཀུན་འབྱུང་དང་ ཅངསི་ཨིསི་ཊོ་ལོན་སྡེ་ཚན་༢ ཀྱི་བར་ན་ རྩེད་འགྲན་འབདཝ་ད་ དུས་ཡུན་སྐར་མ་༡༥ འི་ནང་ ཅངསི་ཨིསི་ཊོ་ལོན་ལས་ པུར་ན་གིས་ གཱོལ་བཙུགསཔ་ད་ སྡེ་ཚན་གཞན་གྱིས་ གཱོལ་༡ ཡང་བཙུགས་མ་ཚུགསཔ་ལས་ བར་མཚམས་ཀྱི་ དུས་ཡུན་སྐར་མ་༡༥ འི་ནང་ དོ་འགྲན་འབད་དེ་ རྩེད་འགྲན་འབད་མི་ལུ་བརྟེན་ གཱོལ་འདྲན་འདྲ་བཙུགས་ཅི།
སྡེ་ཚན་༢ ཀྱིས་ གཱོལ་རེ་རེ་ལས་བརྒལ་བཙུགས་མ་ཚུགས་མི་ལུ་བརྟེན་ སྡེ་ཚན་གྱི་བར་ན་ པེ་ནཱལ་ཊི་རྐྱབ་ད་ རྩེད་འགྲན་འབད་མི་༤ གིས་ པེ་ནཱལ་ཊི་རྐྱབ་པའི་སྐབས་ ཀུན་འབྱུང་གིས་ གཱོལ་༣ དང་ སྡེ་ཚན་གཞན་མི་གིས་ གཱོལ་༤ བཙུགས་མི་ལུ་བརྟེན་ མཐའ་བཅད་འོག་མའི་རྩེད་འགྲན་འབད་ནིའི་ གོ་སྐབས་ཐོབ་ཅི།
ཉིན་མ་ཆུ་ཚོད་༡ ལུ་ གཏེར་སྟོན་དང་ འཇམ་པི་ཡུ་ནའི་ཊེཌ་སྡེ་ཚན་༢ ཀྱི་བར་ན་ རྩེད་འགྲན་འབདཝ་ད་ བར་མཚམས་ཚུན་ གཏེར་སྟོན་གྱིས་ གཱོལ་༢ དང་ བྱང་ཕྱད་ཀྱིས་ གཱོལ་༡ ལས་བརྒལ་བཙུགས་མ་ཚུགསཔ་ཨིན་པས།
བར་མཚམས་ངལ་གསོ་ལས་ དོ་འགྲན་ལེགས་ཤོམ་སྦེ་འབད་མི་གིས་ གཱོལ་༤ ཐེབས་བཙུགས་ཏེ་ གཱོལ་༥ འདྲན་འདྲ་བཟོ་ཡོདཔ་ལས་ ཕུཊ་སཱལ་ལམ་ལུགས་དང་འཁྲིལ་ པེ་ནཱལ་ཊི་རྐྱབ་ད་ གཏེར་སྟོན་གྱིས་ གཱོལ་༣ དང་ བྱང་ཕྱད་ཀྱིས་ གཱོལ་༢ ལས་བརྒལ་ བཙུགས་མ་ཚུགསཔ་ལས་ ཕམ་ཡོདཔ་ཨིན་པས།
ཀུན་འབྱུང་སྡེ་ཚན་ལུ་ མ་དངུལ་གྱི་རྒྱབ་སྐྱོར་འབད་མི་ ཀུན་འབྱུང་སྣུམ་འཁོར་བཅོས་ཁང་གི་ཇོ་བདག་ ཀརྨ་འགྱུར་མེད་ཀྱིས་ སླབ་མི་དང་འཁྲིལཝ་ད་ སློབ་ཕྲུག་ན་གཞོན་ཚུ་ དུས་ཚོད་ལེགས་ཤོམ་སྦེ་ ལག་ལེན་འཐབ་བཅུག་ནིའི་དོན་ལུ་དང་ གཟུགས་སྟོབས་སྒྲིང་སྒྲིང་ དེ་ལས་ ན་གཞོན་ཚུ་གི་ རིག་རྩལ་གོང་འཕེལ་གཏང་ནི་ལུ་དམིགས་གཏད་བསྐྱེད་དེ་ ཆ་རོགས་འབདཝ་བཞིན་དུ་ ན་གཞོན་སྡེ་ཚན་གྱིས་ དུས་ཅི་ དོ་འགྲན་འབད་མ་ཚུགས་རུང་ སང་ཕོད་འབད་ཚུགས་ནིའི་རེ་བ་ཡོད་ཟེར་ཨིན་པས།
ཅངསི་ཨིསི་ཊོ་ལོན་སྡེ་ཚན་ནང་ རྩེད་འགྲན་འབད་མི་ལ་ལུ་ཅིག་ དགེ་འདུ་ཚོང་རིག་ དེ་ལས་ བདེ་བ་ཐང་བཟོ་རིག་སྦྱོང་བརྡར་སྤེལ་ཁང་ དེ་ལས་ སློབ་རིམ་༡༢ པའི་སློབ་ཕྲུག་ཚུ་གིས་ བཅའ་མར་གཏོགས་ཡོདཔ་ད་ ཤེས་རབ་རྩེ་མཐོ་རིམ་སློབ་གྲྭ་ལས་མཐར་འཁྱོལ་མི་ ཚེ་རིང་རྡོ་རྗེ་གིས་ འབད་བ་ཅིན་ ད་རེས་ནངས་པ་ རང་ལས་ལོ་ན་ཆུང་ཀུ་དང་ གཟུགས་སྟོབས་ཆུང་ཀུ་ཨིན་རུང་ ཕུཊ་བཱོལ་རྩེད་འགྲན་འབད་བའི་སྐབས་ རང་བ་ཡང་ རིག་རྩལ་དང་ ཉམས་མྱོང་སྦོམ་ཡོདཔ་ལས་ རྒྱལ་ཁ་ཐོབ་ཚུགས་ཚུགས་ལུ་ དོ་འགྲན་སྦོམ་འབད་དགོཔ་བྱུང་ཡི་ཟེར་ སླབ་ཨིན་པས།
དགེ་འདུ་ཚོང་རིག་དང་བཟོ་གྲྭ་ མཐོ་རིམ་སློབ་གྲྭ་ལས་ མཐར་འཁྱོལ་མི་ ཚེ་རིང་སྟོབས་རྒྱས་ཀྱིས་ སླབ་མིའི་ནང་ སྤྱིར་བཏང་ ཕུཊ་བཱོལ་རྩེད་ཐང་དང་ ཕུཊ་སཱལ་ཕུཊ་བཱོལ་རྩེད་ཐང་༢ ཀྱི་བར་ན་ རྩེད་འགྲན་འབད་ནི་ལུ་ ཁྱད་པར་སྦོམ་ཡོད་ཟེར་ཨིནམ་ད་ དེ་ཡང་ སྤྱིར་བཏང་ཕུཊ་བཱོལ་ཐང་ནང་འབད་བ་ཅིན་ རྩེད་འགྲན་པ་ལེ་ཤ་ཡོདཔ་ལས་ རང་གི་རིག་རྩལ་དང་ ཡོན་ཏན་ དེ་ལས་ ཉམས་མྱོང་ཚུ་ བཏོན་མ་ཚུགསཔ་མ་ཚད་ རང་ལུ་ལྕོགས་གྲུབ་ག་དེ་ཅིག་ཡོདཔ་ཨིན་ན་ཡང་ མི་གིས་ ཤེས་མི་ཚུགས་པས་ཟེར་ཨིན་པས།
དེ་འབདཝ་ད་ ཕུཊ་སཱལ་ཕུཊ་བཱོལ་རྩེད་ཐང་ནང་ འབད་བ་ཅིན་ རང་གི་ལྕོགས་གྲུབ་ག་དེ་ཅིག་ཡོདཔ་ཨིན་ན་དང་ རིག་རྩལ་ ཉམས་མྱོང་ཚུ་ ཕྱི་ཁར་བཏོན་ཚུགས་པའི་ཁར་ དུས་ཡུན་ཐུང་ཀུ་འབད་རུང་ གཟུགས་ལུ་ནུས་སྟོབས་མེད་པ་ཅིན་ འུ་སྡུག་སྟེ་ རྩེད་འགྲན་འབད་མི་ཚུགས་པས་ཟེར་ སླབ་ཨིན་པས།
ད་རིས་ བི་བི་ཁི་བི་ ཌོག་མའི་དང་ རྫོང་རིག་ དེ་ལས་ པེཌ་སི་ཊི་དང་ གཞོང་ཨིསི་ཊར་ཨེཕ་སི་སྡེ་ཚན་༤ གི་བར་ན་ རྩེད་འགྲན་ འབད་ནི་ཨིན་པའི་གནས་ཚུལ།

བཀྲིས་ཕུན་ཚོགས།

No comments:

Post a Comment