གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

ཅ་དམ་གྱི་ཁྲལ་ ལོག་སྤྲོད་ནིའི་ལམ་ལུགས་ནང་ བཤོལ་བཞག་འབད་ནིའི་ འོས་འབབ་མེདཔ།

༩/༧/༢༠༡༣   ༉ འཕྲལ་ཁམས་ཅིག་ཁར་ ཨིང་ལིཤ་ཀུན་གསལ་ནང་ རྒྱ་གར་གྱིས་ ད་ལས་ཕར་ འབྲུག་ལུ་ ཅ་དམ་གྱི་ཁྲལ་ ལོག་སྤྲོད་ནི་ཡོད་མི་དེ་ བཤོལ་བཞག་འབད་ནི་ཨིན་པའི་སྐོར་ལས་ ལོ་རྒྱུས་ཐོན་མི་དང་བསྟུན་ ལོག་མ་ཐོབ་པ་ཅིན་ རྒྱལ་ཁབ་ཀྱི་འོང་འབབ་ལུ་ གནོད་འོང་ཟེར་བའི་ བསམ་འཆར་བཀོད་མི་དེ་གིས་ མི་མང་ལུ་ གོ་བ་བརྡ་ལོག་སྤེལ་ནིའི་ འོས་འབབ་ཡོདཔ་ཨིན་པས།


ཁྲལ་གྱི་ལམ་ལུགས་ནང་ རྒྱལ་ཁབ་ནང་འཁོད་ལུ་བཙོང་ནིའི་དོན་ལུ་ ཐོན་སྐྱེད་འབད་ཡོད་པའི་ ཅ་དངོས་ཚུ་གུ་བཀལ་མི་ ཁྲལ་དེ་ལུ་སླབ་ཨིནམ་ད་ དཔེ་འབད་བ་ཅིན་ རྒྱ་གར་གྱི་ཐོན་སྐྱེད་ཚུ་ རྒྱ་གར་གྱི་མི་མང་གི་དོན་ལུ་ བཟོ་སྐྲུན་འབད་དོ་ཡོདཔ་བཞིན་དུ་ རྒྱ་གར་གྱི་ མི་སེར་ཚུ་གིས་ བཏབ་དགོ་མི་ཁྲལ་དེ་ལུ་ ཅ་དམ་གྱི་ཁྲལ་ཟེར་ སླབ་ཨིན་པས།
དེ་འབདཝ་ལས་ རྒྱ་གར་གྱི་ མི་མང་ལག་ལེན་དོན་ལུ་ བཟོ་སྐྲུན་འབད་ཡོད་མི་ ཐོན་སྐྱེད་ཚུ་ འབྲུག་ལུ་ཕྱིར་བཙོང་འཐབ་པའི་སྐབས་ ཅ་དངོས་དེ་ཚུའི་ རིན་གོང་དང་གཅིག་ཁར་ རྒྱ་གར་གྱི་མི་སེར་ལུ་བཀལ་མི་ ཅ་དམ་གྱི་ཁྲལ་དེ་ འབྲུག་མི་ཉོ་སྒྲུབ་འབད་མི་ཚུ་གིས་བཏབ་ཡོད་མི་དེ་ ལོག་འབྲུག་གཞུང་ལུ་ རྒྱ་གར་གཞུང་གིས་ སྤྲོད་དོ་ཡོདཔ་ཨིན་པས།
སྤྱི་ལོ་༢༠༠༦ ལུ་ རྒྱ་འབྲུག་༢ ཀྱིས་ ཚོང་འབྲེལ་ཆིངས་ཡིག་བཀོད་མིའི་ནང་ རྒྱལ་ཁབ་༢ ཀྱིས་ ནང་འཁོད་ཀྱི་ཐོན་སྐྱེད་ ཕྱིར་བཙོང་ལུ་བརྟེན་པའི་ ཅ་དམ་གྱི་ཁྲལ་རིགས་ཚུ་ ལོག་སྤྲོད་ནི་སྦེ་ ཆིངས་ཡིག་གུ་ མཚན་རྟགས་བཀོད་ཡོདཔ་ཨིན་པས།
དེ་འབདཝ་ལས་ འགོ་དཔོན་ཚུ་གིས་འབད་བ་ཅིན་ ཅ་དམ་གྱི་ཁྲལ་ ལོག་སྤྲོད་ནིའི་ ལམ་ལུགས་དེ་ བཤོལ་བཞག་འབད་ནི་གི་ འོས་འབབ་མེད་རུང་ སྒེར་སྡེའི་འགོ་དཔོན་ཚུ་གིས་འབད་བ་ཅིན་ རྒྱ་གར་གཞུང་གིས་ ཅ་དམ་གྱི་ཁྲལ་ ལོག་འབྲུག་གཞུང་ལུ་མེན་པར་ ནང་འདྲེན་འཐབ་མི་ཚོང་པ་ངོ་རྐྱང་ལུ་ ལོག་སྤྲོད་ནིའི་ལམ་ལུགས་ལུ་ བསྒྱུར་བཅོས་འབད་ནི་གི་ འོས་འབབ་ཅིག་ཡོདཔ་ཨིན་རུང་ དེ་གིས་ འབྲུག་གཞུང་གི་ འོང་འབབ་ལུ་ ཉེན་ཁ་མེད་ཟེར་ཨིན་པས།
ལྷག་པར་དུ་ དེ་སྦེ་བསྒྱུར་བཅོས་འབད་བ་ཅིན་ རྒྱ་འབྲུག་༢ ཀྱི་བར་ནའི་ ཚོང་འབྲེལ་གནས་སྟངས་ལེགས་བསྒྱུར་ཐོག་ འོང་འབབ་ཀྱི་གནས་ཚད་ཡང་ ཡར་སེང་འགྱོ་ནི་གི་འོས་འབབ་ཡོདཔ་མ་ཚད་ སྦུང་ཚོང་རྐྱབ་མི་ཚུ་ལུ་ སེམས་ཤུགས་བསྐྱེད་ཚུགསཔ་མ་ཚད་ རྒྱ་གར་ལས་ ནང་འདྲེན་འབད་མི་ཅ་དངོས་ཚུ་ལུ་ རིན་གོང་ཚུ་ཡང་ མར་ཕབ་ཀྱི་ འོས་འབབ་ཡོད་ཟེར་ཨིན་པས།
དཔེ་འབད་བ་ཅིན་ དུས་ཅི་ འབྲུག་གིས་ རྒྱ་གར་ལས་ སྤྱི་ལོ་༢༠༡༠ དང་༢༠༡༡ གི་ ཚོང་འབྲེལ་ལུ་བརྟེན་པའི་ ཅ་དམ་གྱི་ཁྲལ་ རུ་པི་དུང་ཕྱུར་༣ ལོག་ཐོབ་ཡོདཔ་ད་ ལམ་ལུགས་དེ་ནང་ དཀའ་ངལ་ཅིག་ཡོད་མི་དེ་ཡང་ དཔེར་ན་ འབྲུག་གིས་ རྒྱ་གར་ལས་ རུ་པི་དུང་ཕྱུར་༥ དེ་ཅིག་ ལོག་འཐོབ་དགོ་པའི་ ཅ་དམ་གྱི་ཁྲལ་ཚུ་བཏབ་ཐོག་ལས་ ནང་འདྲེན་འབད་མི་དེ་ ཐོ་བཀོད་ཚུལ་མཐུན་མེད་མི་ལུ་བརྟེན་ རུ་པི་དུང་ཕྱུར་༣ དེ་ཅིག་མ་གཏོགས་ ལོག་ཐོབ་མ་ཚུགས་ཟེར་ཨིན་པས།
དེ་ཡང་ གཙོ་བོ་ར་ ཅ་དམ་གྱི་ཁྲལ་ ལོག་གཞུང་ལུ་ཐོབ་སྟེ་ ནང་འདྲེན་འཐབ་མི་ཚོང་པ་ ཁོང་ར་ལུ་མ་ཐོབ་ནི་དེ་གིས་ ཅ་དམ་ཡིག་ཚང་ནང་ ཚུལ་མཐུན་ཐོ་བཀོད་མ་འབད་མི་དེ་གིས་ གཞུང་གི་འོང་འབབ་ལུ་ ཐོ་ཕོགཔ་ཨིན་རུང་ ལམ་ལུགས་བསྒྱུར་བཅོས་ཐོག་ ཅ་དམ་གྱི་ཁྲལ་ ལོག་ཐོབ་མི་དེ་ ནང་འདྲེན་འཐབ་མི་ཚོང་པ་ཁོང་ར་ལུ་ འཐོབ་ནི་དང་ དེ་ལས་ ནང་འདྲེན་གྱི་ཅ་དངོས་ལུ་ རྒྱ་གར་གྱི་ཅ་དམ་ཁྲལ་ལས་ ཉུང་སུ་ཅིག་ ཚོང་པ་ཚུ་ལུ་བཀལ་བ་ཅིན་ ནང་འདྲེན་འཐབ་མི་དང་ གཞུང་༢ ཆ་ར་ལུ་ ཁེ་ཕན་ཡོདཔ་མ་ཚད་ ག་ར་གིས་ ཐོ་བཀོད་འབད་མི་ལུ་བརྟེན་ གཞུང་གི་འོང་འབབ་ལུ་ཡང་ ཡར་སེང་འགྱོ་འོང་ཟེར་ཨིན་པས།
དེ་འབད་ནི་དེ་གིས་ ཅ་དམ་གྱི་ཁྲལ་ ལོག་སྤྲོད་ནིའི་ལམ་ལུགས་ནང་ བཤོལ་བཞག་འབད་ནིའི་ འོས་འབབ་མེདཔ་མ་ཚད་ ལམ་ལུགས་བསྒྱུར་བཅོས་འབད་རུང་ གཞུང་གི་འོང་འབབ་ལུ་ ཐོ་ཕོག་འོང་ཟེར་མི་དེ་ མི་བདེན་ཟེར་ ཨིན་པའི་གནས་ཚུལ།

རྩོམ་འབྲི་ལས་བྱེདཔ།

No comments:

Post a Comment