གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

མི་སེར་དམངས་གཙོ་ཚོགས་པའི་གཙོ་འཛིན་གྱི་ མི་མང་རྩོད་བསྡུར་ ཧཱ་ལས་མཇུག་བསྡུ་ཡོདཔ།

༡༡/༧/༢༠༡༣   ༉ ཧཱ་ལུ་ སྤྱི་ཟླ་༧ པའི་ཚེས་༩ གི་ཕྱི་རུ་ མི་སེར་དམངས་གཙོ་ཚོགས་པའི་གཙོ་འཛིན་ ཚེ་རིང་སྟོབས་རྒྱས་དང་ འབྲུག་ཕུན་སུམ་ཚོགས་པའི་འདེམས་ངོ་ དར་མགོ་ཚེ་རིང་ལ་གི་བར་ནའི་ རྩོད་བསྡུར་ལས་རིམ་ནང་ འགོ་དང་པ་ར་ དམངས་གཙོ་ཚོགས་པའི་གཙོ་འཛིན་གྱིས་ མི་མང་ལུ་ ཨ་རྟག་བཟུམ་སྦེ་ར་ འདས་པའི་སྤྱི་ཚོགས་ནང་ ལྡོག་ཕྱོགས་ཀྱི་གོ་སྐབས་གནང་མི་དེ་ལུ་ བཀའ་དྲིན་དགའ་ཚོར་ཞུ་ཐོག་ལས་ གསལ་བཤད་འགོ་བཙུགས་ཅི།


དམངས་གཙོ་ཚོགས་པའི་གཙོ་འཛིན་གྱིས་ མི་མང་ལུ་ཚ་གྱང་བཙུགས་ནི་གི་དོན་ལུ་ ཧེ་མ་བཟུམ་སྦེ་ར་ བུ་ལོན་དང་ རུ་པིའི་དཀའ་ངལ་ ངན་ལྷད་ ལཱ་གཡོག་གི་དཀའ་ངལ་ རྒྱ་གར་གྱིས་ས་སྣུམ་དང་མེ་རླུང་གི་རིན་གོང་ཕབ་ཆ་ བཤོལ་བཞག་འབད་མི་དང་ རྒྱ་འབྲུག་༢ ཀྱི་མཐུན་ལམ་ལུ་ དཀའ་ངལ་བྱུང་མི་ཚུ་གི་ གསལ་བཤད་འབད་ཡི།
ལྡོག་ཕྱོགས་འགོ་ཁྲིདཔ་བགྲེསཔ་གིས་འབད་བ་ཅིན་ དཀའ་ངལ་དེ་ཚུ་ བསལ་ནི་ལུ་དང་པ་ར་ དཀའ་ངལ་དེ་ཚུ་ཡོདཔ་སྦེ་ ངོས་འཛིན་འབད་དགོཔ་དེ་ ཁག་ཆེ་ཟེར་ཨིནམ་ད་ གལ་སྲིད་དམངས་གཙོ་ཚོགས་པ་གིས་ གཞུང་སྐྱོང་འཐོབ་པ་ཅིན་ དཀའ་ངལ་དེ་ཚུ་ ཆ་མཉམ་ར་ བསལ་ཚུགས་ཟེར་ཨིན་པས།
འབྲུག་ཕུན་སུམ་ཚོགས་པའི་འདེམས་ངོ་ དར་མགོ་ཚེ་རིང་ལ་གིས་ དང་པ་ར་ ཁོ་ར་ སྲིད་དོན་ནང་ ག་ཅི་སྦེ་ བཅའ་མར་གཏོགས་ཅི་ག་དང་ དེ་ལས་ གནད་དོན་ག་ཅི་ལུ་བརྟེན་ འབྲུག་ཕུན་སུམ་ཚོགས་པ་ གདམ་ཁ་རྐྱབ་པའི་སྐོར་ལས་ གསལ་བཤད་འབད་ཡི།
ཁོ་གིས་ ཚོགས་པའི་ཁས་བླངས་གསལ་བསྒྲགས་དང་འཁྲིལ་ཏེ་ ཧཱ་གསང་སྦས་ཁ་དང་ བསམ་རྩེ་གི་བར་ན་ གཞུང་ལམ་གྱི་སྦྲེལ་མཐུད་འབད་ནིའི་འཆར་གཞི་ཚུ་ གསལ་བཀོད་འབད་ཡི།
རྩོད་བསྡུར་དེ་ དོ་འགྲན་ཅན་མིན་པར་ མང་ཤོས་ར་ འདེམས་ངོ་༢ ཀྱིས་ རང་སོའི་ཁས་བླངས་གསལ་བསྒྲགས་དང་ གནད་དོན་ཁག་སོ་སོའི་ནང་ཡོད་མི་ཚུ་ ཡང་བསྐྱར་མི་མང་ལུ་ དྲན་ཚོར་འབད་བའི་ མངོན་གསལ་བྱུང་ཡི།
ཕུན་སུམ་ཚོགས་པའི་ དར་མགོ་ཚེ་རིང་ལ་གིས་ ལྡོག་ཕྱོགས་འགོ་ཁྲིདཔ་ལུ་ ཚོགས་པའི་རྒྱབ་སྐྱོར་བ་གིས་ མི་མང་ལུ་ ནང་གསུག་བྱིན་པའི་སྐོར་ལས་ དྲི་བ་བཀོད་མིའི་ལན་ལུ་ དམངས་གཙོ་ཚོགས་པའི་གཙོ་འཛིན་གྱིས་ དྲི་བ་དེ་ ཐད་ཀར་དུ་ཁ་གསལ་སྦེ་ བཀོད་གནང་ཟེར་ སླབ་ཐོག་ལས་ ཟུར་དཔག་སྟེ་ ལན་གསལ་རྐྱབ་ཅི།
དེ་ལས་ ཚེ་རིང་སྟོབས་རྒྱས་ཀྱིས་ ཕུན་སུམ་ཚོགས་པའི་འདེམས་ངོ་ལུ་ འབྲུག་ཕུན་སུམ་ཚོགས་པ་གིས་ རྒྱལ་ཁབ་རང་མགོ་རང་འདྲོང་ག་དེ་སྦེ་ བཟོ་ནི་སྨོ་ཟེར་བའི་ དྲི་བ་བཀོད་མིའི་ལན་ལུ་ དར་མགོ་ཚེ་རིང་ལ་གིས་ འབྲུག་རྒྱལ་ཁབ་རང་མགོ་རང་འདྲོང་བཟོ་ནི་གི་ལཱ་ཚུ་ འགོ་བཙུགས་ཅི་ཟེར་ཨིནམ་ད་ ཨིན་རུང་ གཞུང་སྐྱོང་ཚོགས་པ་འཛོལ་སོ་པ་ཅིན་ རང་མགོ་རང་འདྲོང་གི་ དམིགས་དོན་དེ་ འགྲུབ་ཚུགས་པར་ ལཱ་ཁག་འོང་ཟེར་བཤད་ཅི།
བུ་ལོན་བཟོ་ཡོད་མི་ཚུ་ བར་ཆད་མེད་པར་ བཏབ་དོ་ཡོདཔ་བཞིན་དུ་ འབྲུག་ཕུན་སུམ་ཚོགས་པ་གིས་ གཞུང་སྐྱོང་འཐོབ་པ་ཅིན་ བུ་ལོན་དེ་ཚུ་བཏབ་ནིའི་ འགན་འཁྲི་དེ་ འབྲུག་ཕུན་སུམ་ཚོགས་པ་ལུ་ཕོགཔ་བཞིན་དུ་ འབག་འོང་ཟེར་ཨིན་པས།
དམངས་གཙོ་ཚོགས་པའི་ གཙོ་འཛིན་གྱིས་འབད་བ་ཅིན་ ཚོགས་པའི་ཁས་བླངས་གསལ་བསྒྲགས་ནང་ འཕྲུལ་གླང་པ་ཝར་ཊི་ལར་དང་ སྣུམ་འཁོར་བོ་ལི་རོ་ལ་སོགས་པ་ཚུ་ ཡོངས་བསྡོམས་ལུ་ མ་དངུལ་དུང་ཕྱུར་༣ དེ་ཅིག་ལས་ མི་གནས་ཟེར་ཨིན་པས།
ཁོ་གིས་འབད་བ་ཅིན་ ཁོ་དང་ཕྱད་མི་ཚུ་གིས་ གཞུང་སྐྱོང་ནང་ བསྒྱུར་བ་ཅིག་ ངེས་པར་དུ་དགོ་པས་ཟེར་སླབ་མི་ ལེ་ཤ་འདུག་ཟེར་ བཤདཔ་ཨིན་པའི་གནས་ཚུལ།

རྩོམ་འབྲི་ལས་བྱེདཔ།

No comments:

Post a Comment