༡/༧/༢༠༡༣ ༉ སྤྱི་ཟླ་༦ པའི་ཚེས་༢༨ ལུ་ དགེ་རབ་གྲྭ་ཚང་ཁག་གི་ བླམ་གནས་བརྟན་དང་ དྲུང་ཆེན་ཚུ་གིས་ ལོ་བསྟར་ཞལ་འཛོམས་འཚོགས་པའི་སྐབས་ལུ་ དབུ་མཛད་དང་ དྲུང་ཆེན་ཚུ་གི་ དངུལ་ཕོགས་ཡར་སེང་གནང་དགོ་པའི་ གྲོས་བསྡུར་ཚུ་ འབད་ཡོདཔ་ཨིན་པས།
གྲོས་བསྡུར་འབད་བའི་སྐབས་ལུ་ གཞུང་གྲྭ་ཚང་གི་ ཡོངས་ཁྱབ་དྲུང་ཆེན་ མགོན་པོ་རྡོ་རྗེ་གིས་ སླབ་མི་དང་འཁྲིལཝ་ད་ དངུལ་ཕོགས་དང་འབྲེལ་བའི་ ཐོབ་ལམ་འཆར་བཀོད་ཟིན་བྲིས་ཅིག་ བཟོ་ཡོད་མི་དེ་ གསལ་བཤད་འབད་ཡི།
དངུལ་ཕོགས་ཀྱི་ཐད་ཁར་ མ་གཞི་ དགེ་རབ་གྲྭ་ཚང་ཁག་གི་ གོ་གནས་ཅན་ཚུ་གིས་མ་ཚད་ དགེ་སློང་ཚུ་ལས་ འགོ་བཟུང་སྟེ་ ཉིན་བསྟར་གྱི་གསུང་ཆོག་དང་ ཟླ་རིམ་གྱི་དུས་མཆོད་ དེ་ལས་ ལོ་བསྟར་གྱི་སྐུ་མཆོད་འབུམ་སྡེ་ཚུ་ མང་ཤོས་ར་ དྲོ་པའི་ཆུ་ཚོད་༣ དང་༤ ལས་ལོང་སྟེ་ གནང་དགོཔ་ལས་བརྟེན་ དངུལ་ཕོགས་ཡར་སེང་རྐྱབ་ནི་དེ་ གནད་དོན་གལ་ཅན་སྦེ་ མཐོང་ཅི་ཟེར་ བླམ་གནས་བརྟན་ཚུ་གིས་ བཤདཔ་ཨིན་པས།
ད་རེས་ཀྱི་གནས་སྟངས་ནང་ དཔེ་འབད་བ་ཅིན་ གྲྭ་ཚང་ནང་ བླམ་གནས་བརྟན་གྱི་འོག་ལས་ར་ རྒྱལ་རིམ་མཐོ་ཤོས་ཨིན་མི་ དབུ་མཛད་ཚུ་ལུ་ ཟླ་རིམ་དངུལ་ཕོགས་ དངུལ་ཀྲམ་༤,༥༠༠ རེ་མ་གཏོགས་མེདཔ་མ་ཚད་ བདག་སྐྱོང་དང་རྩིས་འཛིན་ལ་སོགས་པའི་ནང་ ལཱ་འབད་མི་ཚུ་ལུ་ཡང་ དངུལ་ཕོགས་ལངམ་སྦེ་མེད་ཟེར་ཨིན་པས།
དངུལ་ཕོགས་ཐོབ་ལམ་གྱི་ ཟིན་བྲིས་དང་འཁྲིལ་བ་ཅིན་ དངུལ་ཕོགས་མཐོ་ཤོས་ར་ སྡེ་ཚན་༦ པ་དང་༢ པའི་བར་ན་ དངུལ་ཀྲམ་༨,༨༠༠ ལས་༡༣,༠༠༠ ཚུན་དང་ ཉུང་ཤོས་ར་ སྡེ་ཚན་༡༣ པ་དང་༩ པའི་བར་ན་ དངུལ་ཀྲམ་༣,༠༠༠ དང་༦༤,༠༠༠ གྱི་བར་ན་ བཟོ་ཡོདཔ་ཨིན་པས།
དེ་ལས་ སྡེ་ཚན་༩ པ་ལས་ སྡེ་ཚན་དང་པ་ཚུན་དང་ གྲྭ་ཚང་དགོན་སྡེའི་ལྷན་རྒྱས་དང་ སྐྱབས་རྗེ་རྗེ་མཁན་ཚུན་གྱི་ དངུལ་ཕོགས་རིམ་པ་ཚུ་ བཀོད་ཡོདཔ་ཨིན་རུང་ དེ་ཚུ་ག་ར་ ཟིན་བྲིས་ཨིནམ་ལས་ ཆེ་རིམ་དབང་འཛིན་དང་ འབྲེལ་ཡོད་གྲོས་ཚོགས་ཚུ་ནང་ གཟིགས་ཞིབ་དང་ སྙན་ཞུ་ཕུལ་ཞིནམ་ལས་ རིམ་གྱིས་ཆ་འཇོག་འབྲུབ་པ་ཅིན་རྐྱངམ་གཅིག་ ལག་ལེན་འཐབ་ཚུགས་ནི་ཨིན་པས།
རབ་སྡེའི་བླམ་གནས་བརྟན་ཚུ་གིས་ ཟིན་བྲིས་དེ་ལུ་ ངོས་ལེན་འབད་ཡོདཔ་ཨིན་རུང་ ཟིན་བྲིས་དེ་ རིམ་པ་བཞིན་དུ་ གྲྭ་ཚང་ནང་འཁོད་དང་ གཞན་འབྲེལ་ཡོད་དབང་འཛིན་ཚུ་ལུ་ གཟིགས་ཞིབ་ཕུལ་ཞིནམ་ལས་ དེ་དང་བསྟུན་ཏེ་ ངོས་ལེན་དང་ རྒྱབ་སྐྱོར་འཐོབ་པ་ཅིན་ ཆ་འཇོག་འབད་ཚུགས་ནི་ཨིན་རུང་ མ་དངུལ་དེ་ གཞན་ལས་འོང་དགོཔ་ཨིན་པས།
ཞལ་འཛོམས་འགོ་འབྱེད་སྐབས་ རྡོ་རྗེ་སླབ་དཔོན་མཆོག་གིས་ཡང་ མ་གཞི་ གྲྭ་ཚང་གི་ ལཱ་འགན་ཚུ་ དཀའ་ངལ་ཅན་ཡོདཔ་ལས་ དངུལ་ཕོགས་དུམ་གྲ་ཅིག་ སེང་ནི་གི་འོས་འབབ་ཡོད་རུང་ དེ་འཕྲོ་ལས་ འཐོབ་ཚུགས་པར་ ལཱ་ཁག་ཡོད་ཟེར་གསུངས་ཡི།
བླམ་གནས་བརྟན་ཚུ་གི་ ཡོངས་ཁྱབ་ཞལ་འཛོམས་དེ་ ཐིམ་ཕུ་བཀྲིས་ཆོས་རྫོང་ནང་ འཕྲལ་ཁམས་ཅིག་ཁར་ རྒྱ་གར་ལུ་ ཆུ་རུད་ཀྱི་རྐྱེན་ངན་ནང་ ཉམས་རྒུད་བྱུང་མི་ཚུ་གི་དོན་ལུ་ དཀར་མེ་སྟོང་མཆོད་ཕུལ་ཐོག་ལས་ བཟང་སྤྱོད་སྨོན་ལམ་བཏང་སྟེ་ མཇུག་བསྡུ་ཡོདཔ་ཨིན་པའི་གནས་ཚུལ།

![]() |
བླམ་གནས་བརྟན་ཚུ་གིས་ ལོ་བསྟར་ཞལ་འཛོམས་ ཚོགས་གནང་པའི་བསྒང་། |

བསམ་གཏན་ཡེ་ཤེས།
No comments:
Post a Comment