གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

བྱང་ཐིམ་ཕུའི་ འདེམས་ངོ་༢ ལུ་ དྲི་བ་སྣ་ཚོགས་བཀོད་ཡོདཔ།

༡/༧/༢༠༡༣   ༉ ཁ་ཙ་ བྱང་ཐིམ་ཕུ་གི་ སྲིད་དོན་ཚོགས་པ་གཉིས་ཀྱི་ རྩོད་བསྡུར་ལས་རིམ་ནང་ བསྟན་འཛིན་གྱིས་ འཕྲལ་ཁམས་ཅིག་ཁར་ མི་སེར་དམངས་གཙོ་ཚོགས་པ་གིས་ རྒྱ་འབྲུག་༢ཀྱི་ མཐུན་ལམ་སྐོར་ བཤད་ཡོད་མི་དེ་ལུ་ ཚ་གྱང་ཡོད་ཟེར་མིན་པར་ ག་དེ་སྦེ་ཨིན་ནའི་སྐོར་ལས་ ཁ་གསལ་སླབ་དགོཔ་སྦེ་ དྲི་བ་བཀོད་ཅི།


མི་སེར་དམངས་གཙོ་ཚོགས་པའི་འདེམས་ངོ་ སངས་རྒྱས་མཚོ་སྐྱིད་ཀྱིས་ ལན་ཁ་གསལ་སླབ་ནི་མེད་རུང་ མོ་གིས་ གནད་དོན་དེ་གི་སྐོར་ལས་ རྒྱ་གར་གྱི་གསར་ཤོག་ ཊེམསི་ ཨཱོཕ་ ཨིན་ཌི་ཡ་ནང་ཐོན་ཡོདཔ་ལས་ དཔེར་ན་ མེ་མ་འཕུ་བ་ཅིན་ དུ་པ་མི་ཐོན་ཟེར་ཨིནམ་ད་ བརྡ་བརྒྱུད་ལུ་ ཆ་མ་བཞག་པ་ཅིན་ ག་ལུ་ ཆ་བཞག་ནི་སྨོ་ཟེར་ བཤད་ཅི།
དཀར་སྦིས་ས་ལས་ ཚེ་རིང་རྡོ་རྗེ་གིས་ འབྲུག་ཕུན་སུམ་ཚོགས་པ་ལུ་ མི་སེར་དམངས་གཙོ་ཚོགས་པ་གིས་ དབང་ཚད་དེ་ ས་གནས་གཞུང་ལུ་ གནང་ནི་གི་ འཆར་གཞི་ཡོདཔ་ལས་ ཚོགས་པ་གིས་ དེ་བཟུམ་སྦེ་ ག་ཅི་སྦེ་ གནང་མ་ཚུགསཔ་ཨིན་ན་ཟེར་དྲི་ཡི།
འབྲུག་ཕུན་སུམ་ཚོགས་པའི་འདེམས་ངོ་ ཀུན་དགའ་ཚེ་རིང་གིས་ རྩ་ཁྲིམས་ནང་ དབང་ཚད་སྐོར་ལས་ འཁོད་དེ་ཡོདཔ་ལས་ ས་གནས་གཞུང་གི་ འགོ་ཁྲིདཔ་ཚུ་གི་སྐོར་ལས་ཡང་ ག་ར་ཚུད་དེ་ཡོདཔ་ལས་ ཚོགས་པ་གིས་སླབ་མི་ལུ་ ཧ་མ་གོ་ཟེར་ཨིན་པས།
སེང་གེ་རྡོ་རྗེ་གིས་ བོད་སྒར་ནང་ལུ་སྡོད་མི་ཚུ་ལུ་ འདས་པའི་གཞུང་གིས་ ལོ་༥ འི་རིང་ ཁས་བླངས་འབད་ཡོད་རུང་ ད་ལྟོ་ཡང་ གློག་ཐག་ཚུ་ ཤིང་གུ་ཡོད་པའི་ཁར་ ལམ་མེད་མི་ལུ་བརྟེན་ སྒེར་ལམ་ལས་འགྱོ་བའི་སྐབས་ གླ་སྤྲོད་དེ་ འགྱོ་དོ་ཡོདཔ་ལས་ འབྲུག་ཕུན་སུམ་ཚོགས་པ་གིས་ རྒྱབ་སྐྱོར་ག་ནི་ཡང་ མ་འབད་ཟེར་ཨིན་པས།
ཀུན་དགའ་ཚེ་རིང་གིས་ ལམ་ལུགས་དང་འཁྲིལ་འབད་དགོཔ་ལས་ དེ་དང་འཁྲིལ་མ་འབད་བ་ཅིན་ རྒཔོ་ལུ་ཞུ་སྟེ་འབད་དགོ་ཟེར་ཨིན་རུང་ བཙག་འཐུ་གྲུབ་མི་ འདེམས་ངོ་ག་གིས་འབད་རུང་ ལཱ་དེ་གི་དོན་ལུ་ རྩ་འགེངས་ཏེ་འབད་འོང་ཟེར་བཤད་ཅི།
ཨོ་ལ་ཁ་ལས་ མགོནམ་ཚེ་རིང་གིས་ མི་སེར་དམངས་གཙོ་ཚོགས་པ་ལུ་ འདས་པའི་གཞུང་གིས་ རྒྱ་འབྲུག་གི་མཐུན་ལམ་ནང་ ག་ཅི་འཐུས་ཤོར་ཡོདཔ་ཨིན་ན་ སླབ་དགོཔ་སྦེ་ སླབ་མི་ལུ་ སངས་རྒྱས་མཚོ་སྐྱིད་ཀྱིས་ དྲི་བ་དེ་གི་ལན་དེ་ མོ་ར་ལུ་ཡང་ དོགས་པ་ཡོད་རུང་ དྲི་བ་བཀོད་མི་ཁོ་ར་གིས་ ལན་སླབ་ཡོདཔ་ལས་ ལོགས་སུ་སྦེ་ སླབ་དགོཔ་མིན་འདུག་ཟེར་ཨིན་པས།
 སྤ་རོ་ལས་ ཚེ་རིང་དངོས་གྲུབ་ཀྱིས་ འདེམས་ངོ་ཚུ་གིས་ ཁས་བླངས་འབད་མི་ཚུ་ ལོ་༥ འི་ནང་འཁོད་ལུ་ འབད་ཚུགས་ནི་ཟེར་བའི་ ཁས་བླངས་ཤོག་གུ་ནང་ གན་རྒྱ་བྱིན་དགོ་པའི་ཁར་ དེ་འབད་མ་ཚུགས་པ་ཅིན་ ག་ཅི་འབད་དགོ་ནི་ཨིན་ན་ཟེར་ བཀོད་མི་ལུ་ མི་སེར་དམངས་གཙོ་ཚོགས་པའི་འདེམས་ངོ་གིས་ དམངས་གཙོའི་རིང་ལུགས་ནང་ མི་སེར་ལུ་དབང་ཚད་ཡོདཔ་ལས་ ཁས་བླངས་འབད་མི་ཚུ་ འབད་མ་ཚུགས་པ་ཅིན་ ག་ཏེ་བསྐྱལ་རུང་ བསྐྱལ་ཆོག་ཟེར་ཨིན་པས།
འབྲུག་ཕུན་སུམ་ཚོགས་པའི་འདེམས་ངོ་གིས་འབད་བ་ཅིན་ དམངས་གཙོའི་རིང་ལུགས་ནང་ མི་སེར་ལུ་ དབང་ཚད་ཡོདཔ་ལས་ ཁས་བླངས་འབད་མ་ཚུགས་པ་ཅིན་ ཁྲིམས་ཁང་ནང་བསྐྱལ་ནི་མེན་པར་ མི་སེར་ཁོང་ར་གིས་ བཏོན་གཏང་དགོ་ཟེར་ཨིན་པས།
ཆོས་འཕེལ་ལ་གིས་ མི་སེར་དམངས་གཙོ་ཚོགས་པ་གིས་ རྒེད་འོག་ནང་ལས་ཕར་ སྣུམ་འཁོར་བོ་ལི་རོ་དང་ ས་སྣུམ་བཀྲམ་སྤེལ་ཁང་བཙུགས་བྱིན་ནི་ དེ་ལས་ འགྲུལ་འཕྲིན་གྱི་རྒྱབ་སྐྱོར་བྱིན་ནི་ཟེར་སླབ་མི་ཚུ་ འཕྲལ་ཁམས་ཅིག་ལས་ ཁས་བླངས་གསལ་བསྒྲགས་ཚུ་ཡང་ བསྒྱུར་བཅོས་འབད་དེ་ཡོདཔ་ལས་ ཚོགས་པ་དེ་ལུ་ རྒྱབ་སྐྱོར་འབད་མི་ཚུགས་པས་ཟེར་ཨིན་པས།
སངས་རྒྱས་མཚོ་སྐྱིད་ཀྱིས་ གདོང་བཟང་སྟེ་ རྒྱབ་སྐྱོར་འབད་མ་ཚུགས་པའི་སྐོར་ལས་ བཤད་ཡོད་རུང་ ཚོགས་པ་གིས་ བོ་ལི་རོ་བྱིན་ནི་གི་ ཁས་བླངས་འབད་མི་དེ་ཡང་ འདས་པའི་གཞུང་གིས་ འཁོར་ལམ་བསལ་ཡོད་མི་ཚུ་ག་ར་ནང་ སྣུམ་འཁོར་གཞན་ཚུ་གིས་ འགྲོ་འགྲུལ་འབད་མི་ཚུགས་དོ་ཡོདཔ་ལས་ སྣུམ་འཁོར་དེ་གིས་ ཕན་ཐོགས་ནི་དེ་གིས་ཨིནམ་སྦེ་ བཤད་ཡོད་པའི་གནས་ཚུལ།

བཀྲ་ཤིས་བསྟན་འཛིན།

No comments:

Post a Comment