གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

ལྷུན་རྩེཔ་ཚུ་ ནངས་པར་ཚོགས་རྒྱན་བཙུགས་ནིའི་དོན་ལུ་ གྲ་སྒྲིག་ཡོདཔ།

༡༢/༧/༢༠༡༣   ༉ སྤྱི་ཚོགས་༢ པའི་ རྒྱལ་ཡོངས་ཚོགས་འདུའི་དོན་ལུ་ ལྷུན་རྩེ་རྫོང་ཁག་ནང་གི་ ཚོགས་རྒྱན་ས་ཁོངས་༣༧ ཡོད་མི་ནང་ བཙག་འཐུའི་སྒྲིག་གཡོག་པ་ཚུ་ ཁ་ཙ་ལས་ རང་སོའི་ས་ཁོངས་ནང་ལྷོད་དེ་ཡོདཔ་ལས་ ནངས་པར་ཚོགས་རྒྱན་གྱི་དོན་ལུ་ གྲ་སྒྲིག་ཚུད་དེ་ཡོདཔ་ཨིན་པས།

ལྷུན་རྩེ་ལུ་ བཙག་འཐུའི་སྒྲིག་གཡོག་རྒྱུག་མི་ཚུ་ རང་སོའི་ ཚོགས་རྒྱན་ས་ཁོངས་ཚུ་ནང་ འགྱོ་བའི་བསྒང་།

ལྷུན་རྩེ་རྫོང་ཁག་ནང་ ཚོགས་རྒྱན་གྱི་ས་ཁོངས་༣༧ ཡོད་པའི་གྲས་ལས་ ཐག་རིང་ཤོས་ར་ སྒང་ཟུར་སྨིན་རྒྱས་འདེམས་ཁོངས་ཀྱི་ འོག་ལུ་ཡོད་པའི་ མཁོ་མ་རྒེད་འོག་ གཙང་སྒོ་སྤྱི་འོག་དེ་ཨིནམ་ད་ སྤྱི་འོག་དེ་ནང་ བཙག་འཐུའི་སྒྲིག་གཡོག་རྒྱུག་མི་ཚུ་ སྤྱི་ཟླ་༧ པའི་ཚེས་༡༠ ལས་སོང་ཡོདཔ་ད་ གཙང་སྒོ་སྤྱི་འོག་དེ་ མཁོ་མ་རྒེད་འོག་ལས་ ཉིན་གྲངས་༢ ཀྱི་ལམ་ཨིན་པས།
རྫོང་ཁག་བཙག་འཐུ་ཡིག་ཚང་གི་ འགོ་དཔོན་ཚུ་གིས་ སླབ་མིའི་ནང་ རྫོང་ཁག་དེ་ནང་གི་ ཚོགས་རྒྱན་ས་ཁོངས་ཚུ་ནང་ བཙག་འཐུའི་སྒྲིག་གཡོག་རྒྱུག་མི་ཚུ་ ཁ་ཙ་ལས་ ལྷོད་དེ་ཡོདཔ་ལས་ ནངས་པར་ཚོགས་རྒྱན་གྱི་དོན་ལུ་ གྲ་སྒྲིག་ཚུད་དེ་ཡོད་ཟེར་ཨིནམ་ད་ ཐག་ཉེས་ཤོས་ཀྱི་ས་ཁོངས་ཚུ་ནང་ ཁ་ཙ་ དྲོ་པ་ལས་འགྱོ་ནི་ འགོ་བཙུགས་ཅི་ཟེར་ཨིན་པས།
རྫོང་ཁག་དེ་ནང་ འདེམས་ཁོངས་༢ ཡོདཔ་ད་ དེ་ཡང་ སྒང་ཟུར་སྨིན་རྒྱས་དང་ སྨན་སྦིས་བཙན་མཁར་གྱི་ འདེམས་ཁོངས་ཨིནམ་ད་ འདེམས་ཁོངས་༢ ནང་ ཚོགས་རྒྱན་ས་ཁོངས་༣༧ ཡོད་མི་ཚུ་ནང་ བཙག་འཐུའི་སྒྲིག་གཡོག་ནང་ བཅའ་མར་གཏོགས་མི་ བསྡོམས་ ཞི་གཡོགཔ་༣༣༣ དེ་ཅིག་ཡོདཔ་ད་ དེ་ཡང་ ཚོགས་རྒྱན་འགོ་དཔོན་དང་ སྡོད་ཁྲི་འགོ་དཔོན་ཚུ་ཨིནམ་ད་ དེ་ཚུ་གི་གྲས་ལས་ ཞི་གཡོགཔ་༢༢༢ དེ་ཅིག་དང་ ཁྲིམས་སྲུང་༡༡༡ དེ་ཅིག་ཡོདཔ་ཨིན་པས།
རྫོང་ཁག་ཁག་གི་རྒེད་འོག་༨ ཀྱི་མི་སེར་ ཞི་གཡོགཔ་དང་ ཚོང་པ་ དེ་ལས་ ལས་འཛིན་དང་ སྒེར་སྡེ་ཁག་ལས་ཕར་ རྒྱལ་ཁབ་ཀྱི་ས་གནས་ཁག་ཚུ་ནང་སྡོད་མི་ཚུ་ཡང་ སེམས་ལུ་ཚ་གྱང་འབག་སྟེ་ ད་རེས་ནངས་པ་ ཚོགས་རྒྱན་བཙུགས་པར་ རང་སོའི་ས་ཁོངས་ནང་ འོང་སར་མཐོང་དོ་ཡོདཔ་ཨིན་པས།
ལྷུན་རྩེཔ་ཚུ་གིས་ སླབ་མིའི་ནང་ དུས་ཅི་ འབྲུག་ཕུན་སུམ་ཚོགས་པ་དང་ མི་སེར་དམངས་གཙོ་ཚོགས་པ་༢ ཀྱི་བར་ན་ རྒྱལ་ཕམ་ཕྱེ་ནི་ལུ་ གདོང་ལན་སྦོམ་འབྱུང་ནི་ཨིནམ་མ་ཚད་ སྲིད་ཚོགས་༢ ཀྱི་འཐུས་མི་ཚུ་གིས་བར་ན་ཡང་ དོ་འགྲན་སྦོམ་འོང་ནི་ཨིནམ་ལས་ རྫོང་ཁག་དེ་ནང་ལས་ཡང་ མི་སེར་ཚུ་གིས་ རྒྱལ་ཁབ་དང་ མི་སེར་ཚུ་ལུ་ཕན་ཐོགས་ཅན་གྱི་ འཐུས་མི་དེ་ གདམ་འཐུ་འབད་ནི་ལུ་ གྲ་སྒྲིག་ཚུད་དེ་ཡོད་ཟེར་ ཨིན་པའི་གནས་ཚུལ།

ལྷུན་རྩེ་ལས་ བདེ་ཆེན་ཚེ་རིང་།

No comments:

Post a Comment