གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

སྤ་རོ་ལུ་ འགྲེམ་ཐོག་ཚོགས་རྒྱན་བསྡོམས་༡,༡༧༦ ལྷོད་མིའི་ནང་ལས་༥༨ ཆ་མེད་བཏང་ཡོདཔ།

༡༢/༧/༢༠༡༣   ༉ སྤྱིར་བཏང་བཙག་འཐུ་གི་དོན་ལུ་ སྤ་རོ་རྫོང་ཁག་གི་ ལམ་གོང་ཝང་ལྕང་འདེམས་ཁོངས་ནང་ སྤྱི་ཟླ་༧ པའི་ཚེས་༤ ཚུན་ འགྲེམ་ཐོག་ཚོགས་རྒྱན་བསྡོམས་༥༨༥ ལྷོད་མིའི་ནང་ལས་༢༡ ཆ་མེད་སོང་ཡོདཔ་ཨིན་པས།
དེ་བཟུམ་སྦེ་ རྡོ་སྒར་ཤར་པ་འདེམས་ཁོངས་ནང་ སྤྱི་ཟླ་༧ པའི་ཚེས་༨ ཚུན་ འགྲེམ་ཐོག་ཚོགས་རྒྱན་བསྡོམས་༥༩༡ ལྷོད་མིའི་ནང་ལས་༣༧ ཆ་མེད་སོང་ཡོདཔ་ཨིན་པས།



འགྲེམ་ཐོག་ཚོགས་རྒྱན་ ཆ་མེད་སོང་མི་དེ་ཡང་ རྫོང་ཁག་བཙག་འཐུའི་ འགོ་དཔོན་དང་ ངོས་ལེན་འགོ་དཔོན་ཚུ་གིས་ འགྲེམ་ཐོག་ཚོགས་རྒྱན་གྱི་ ཡིག་ཤུབས་ཀ་པ་དེ་ ཁ་ཕྱེས་ཡོདཔ་ལས་ ཆ་མེད་སོང་ཡོདཔ་ཨིན་པས།
དེ་ཡང་ ཡིག་ཤུབས་ཀ་པའི་ནང་ ངོ་སྤྲོད་གསལ་སྟོན་ལག་ཁྱེར་དང་ཚོགས་རྒྱན་ཡོད་པའི་ཡིག་ཤུབས་ཁ་པ་འདི་ཡོདཔ་ཨིན་པས།
སྤ་རོ་ལམ་གོང་ཝང་ལྕང་འདེམས་ཁོངས་ཀྱི་ ངོས་ལེན་འགོ་དཔོན་ རྒྱལ་མཚན་གྱིས་ ཀུན་གསལ་ལུ་ བཤད་མི་དང་འཁྲིལཝ་ད་ ཡིག་ཤུབས་ཀ་པའི་ནང་ ངོ་སྤྲོད་གསལ་སྟོན་ལག་ཁྱེར་དེ་ཨིནམ་བཞིན་དུ་ ཆ་མེད་གཏང་དགོ་མི་དེ་ཡང་ ཚོགས་རྒྱན་བཙུགས་མི་ ལ་ལུ་ཅིག་གིས་ ངོ་སྤྲོད་ལག་ཁྱེར་ཨང་ཚངམ་སྦེ་ མ་བྲིས་མི་དང་ བྲིས་མི་ཚུ་ཡང་ འཛོལ་འཛོལཝ་ཡོདཔ་ལས་བརྟེན་ཨིན་ཟེར་ཨིན་པས།
དེ་མ་ཚད་ ཚོགས་རྒྱན་གྱི་དཔང་པོ་དེ་ ཁྱད་ཚད་དང་ལྡན་པའི་ ཚོགས་རྒྱན་སྐྱུར་མི་ འོང་དགོ་ནི་ཨིན་རུང་ ལ་ལུ་ཅིག་གིས་ དཔང་པོ་སྦེ་བཙུགས་ཏེ་ཡོད་མི་ཚུ་ ཁྱད་ཚད་དང་ལྡན་པའི་ ཚོགས་རྒྱན་སྐྱུར་མི་ མེནམ་ལས་བརྟེན་ ཆ་མེད་གཏང་དགོཔ་ཐོན་ཡི་ཟེར་ཨིན་པས།
དེ་བཟུམ་སྦེ་ རྡོ་སྒར་ཤར་པའི་ ངོས་ལེན་འགོ་དཔོན་གྱིས་ཡང་ ཡིག་ཤུབས་ཆ་མེད་འགྱོ་དགོ་པའི་ གནད་དོན་ཚུ་ ཅོག་འཐདཔ་སྦེ་ སླབ་ཨིན་པས།
འགྲེམ་ཐོག་ཚོགས་རྒྱན་གྱི་ ཡིག་ཤུབས་ཁ་པ་དེ་ ཁ་ཕྱེ་བའི་སྐབས་ལུ་ཡང་ ཆ་མེད་འགྱོ་ནི་གི་ ཉེན་ཁ་ཡོདཔ་ཨིན་པས།
དེ་ཡང་ ཚོགས་རྒྱན་སྐྱུར་མི་ཚུ་གིས་ རྟགས་བཀལ་དགོ་སར་ མེན་པའི་རྟགས་བཀལ་ནི་དང་ རྟགས་ཕུད་རྡོག་༡ ལས་བརྒལ་༢ དང་༣ བཀལ་མི་ཚུ་ཡང་ ཆ་མེད་འགྱོ་དོ་ཡོདཔ་ཨིན་པས།
དེ་མ་ཚད་ འབྲི་ཤོག་ཕཱོམ་གུར་ གནག་རྩི་ཚུ་ ཕར་ཚུར་གཏོར་ཡོད་པ་ཅིན་ དེ་ཚུ་ཡང་ ཆ་མེད་བཏང་དོ་ཡོདཔ་ཨིན་པས།
སྤ་རོ་རྫོང་ཁག་གི་ ངོས་ལེན་འགོ་དཔོན་ཡིག་ཚང་༢ ཀྱི་ནང་ལུ་ འགྲེམ་ཐོག་ཚོགས་རྒྱན་བསྡོམས་༡༡༧༦ ལྷོད་ཡོད་པའི་ནང་ལས་ ཡིག་ཤུབས་ཀ་པ་ ཁ་ཕྱེས་བའི་ཤུལ་ལས་ འགྲེམ་ཐོག་ཚོགས་རྒྱན་བསྡོམས་༥༨ ཆ་མེད་བཏང་ཡོདཔ་ཨིན་པས།
ཆ་མེད་བཏང་མི་ མི་ངོ་ཚུ་ བཙག་འཐུ་གི་ ཚོགས་རྒྱན་བཙུགས་མིའི་ཐོ་ནང་ ཚོགས་རྒྱན་བཙུགས་ཚརཝ་སྦེ་ འཁོད་དེ་ཡོད་མི་ལུ་བརྟེན་ ཚོགས་རྒྱན་བཙུགས་སའི་ ས་ཁོངས་ནང་འགྱོ་རུང་ བཙུགས་མི་ཆོག་ནི་ཨིན་པའི་གནས་ཚུལ།

སྤ་རོ་ལས་ ཡེ་ཤེས་སྒྲོལ་མ།

No comments:

Post a Comment