གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

གདམ་འཐུ་ལེགས་ཤོམ་མ་འབད་མི་ལུ་ ན་གཞོན་ཚུ་གིས་ སྐྱོན་བརྗོད།

༩/༧/༢༠༡༣   ༉ ཀོ་རི་ཡ་ལུ་སྦེ་ འབྲུག་པའི་ ཕུཊ་སཱལ་སྡེ་ཚན་ལུ་ ཐའི་ལེན་སྡེ་ཚན་གྱིས་ གཱོལ་༢༩ བཙུགས་ཏེ་ ཕམ་བཏང་པའི་ གནས་ཚུལ་གོཝ་ད་ལས་ བརྒལ་ རྩེད་འགྲན་པ་གདམ་འཐུ་འབད་བའི་སྐོར་ ཤེས་མ་ཚུགས་ཟེར་ ད་རེས་ནངས་པ་ ཕུཊ་སཱལ་འགྲན་བསྡུར་ནང་ བཅའ་མར་གཏོགས་མི་ ན་གཞོན་ཚུ་གིས་ འབྲུག་ཨོ་ལིམ་པིག་ལུ་ ཁ་ཉེས་བཀལ་དོ་ཡོདཔ་ཨིན་པས།
ཀོ་རི་ཡ་ལུ་ ཕུཊ་སཱལ་འགྲན་བསྡུར་ནང་ བཅའ་མར་གཏོགས་མི་ཚུ།


དེ་ཡང་ སྤྱི་ཟླ་༦ པའི་ཚེས་༢༦ ལུ་ སྐྱེས་ལོ་༡༧ ཡན་ཆད་འབད་མི་ འབྲུག་པའི་ན་གཞོན་ཚུ་གིས་ ཀོ་རེ་ཡ་ལུ་སྦེ་ ཨེ་ཤེ་ཡཱན་རྩེད་རིགས་སྣ་ཚོགས་ ཐེངས་༤ པའི་ འགྲན་བསྡུར་ནང་ བཅའ་མར་གཏོགས་ཏེ་ ཕམ་ཡོད་པའི་གནས་ཚུལ་གོཝ་ད་ འབྲུག་པའི་འགོ་ཁྲིདཔ་ཚུ་གིས་ ག་དེ་སྦེ་ གདམ་འཐུ་འབད་ཡོདཔ་ཨིན་ན་ ཧ་གོ་མ་ཚུགས་ཟེར་ བཅའ་མར་གཏོགས་དགོ་མནོ་མི་ཚུ་གིས་ བསམ་འཆར་བཀོདཔ་ཨིན་པས།
སྤྱིར་བཏང་ ཕུཊ་སཱལ་གྱི་ཕུཊ་བཱོལ་ལེགས་ཤོམ་སྦེ་ རྩེད་འགྲན་འབད་མི་ ན་གཞོན་དག་པ་ཅིག་ འབྲུག་ཨོ་ལིམ་པིག་ ཕུཊ་བཱོལ་སློབ་སྟོན་པ་གིས་ གདམ་འཐུ་མ་འབད་བར་ བཞག་ཡོདཔ་ལས་ ཐའི་ལེན་ལས་ གཱོལ་༢༩ དང་ མ་ལེ་ཤེ་ཡ་གིས་ གཱོལ་༡༦ བཙུགས་ཏེ་ ཕམ་བཏངམ་མི་ལུ་ལྟ་སྟེ་ མནོ་བསམ་ར་བཏང་མི་ཚུགས་པས་ཟེར་ ན་གཞོན་ཚུ་གིས་སླབ་ཨིན་པས།
ད་རེས་ནངས་པ་ ཕུཊ་སཱལ་ཕུཊ་བཱོལ་ལས་རིམ་འགོ་འདྲེན་འཐབ་མི་ ཆང་དང་སྨྱོ་རྫས་བཀག་འཛིན་ལས་སྡེ་ལས་ འཇིགས་མེད་དབང་ཕྱུག་གིས་ འབད་བ་ཅིན་ ད་རེས་ནངས་པ་ འགོ་འདྲེན་འཐབ་མིའི་ནང་ བཅའ་མར་གཏོགས་མི་ཚུ་གིས་ རིག་རྩལ་དང་ ཉམས་མྱོང་ དེ་ལས་ ཤེས་ཡོན་དང་ལྡནམ་སྦེ་ འགྲན་བསྡུར་འབད་ཡོདཔ་ལས་ ཁོང་ཆ་ཁྱབ་ རྒྱལ་ཡོངས་ཕུཊ༌སཱལ་རྩེད་འགྲན་པ་ འཐོབ་ནི་ལུ་ འོས་འབབ་སྦོམ་འདུག་ཟེར་ཨིན་པས།
ན་གཞོན་ཚུ་གི་དོན་ལུ་ ལས་རིམ་ཁག་ཆེ་ཏོག་ཏོ་ཅིག་ འགོ་འདྲེན་འཐབ་པའི་སྐབས་ འབྲུག་ཨོ་ལིམ་པིག་ལས་ འགོ་དཔོན་ཚུ་གིས་ ལྟ་རྟོག་འབད་དེ་ རྒྱལ་ཡོངས་རྩེད་འགྲན་པ་སྦེ་ གདམ་འཐུ་འབད་བ་ཅིན་ མ་འོངས་ རྒྱལ་ཁབ་ནང་ ན་གཞོན་ཚུ་གིས་ མིང་གཏམ་སྦོམ་སྟོན་ནི་ལུ་ འོས་འབབ་འདུག་ཟེར་ སླབ་ཨིན་པས།
སྐྱེས་ལོ་༡༩ ལང་མི་ ཚེ་རིང་རྡོ་རྗེ་གིས་ སླབ་མི་དང་འཁྲིལཝ་ད་ འབྲེལ་བ་ཡོད་པའི་འགོ་དཔོན་ཚུ་གིས་ ཨེ་ཤེ་ཡཱན་རྩེད་རིགས་སྣ་ཚོགས་ཀྱི་ལས་རིམ་ ཐེངས་༤ པའི་ནང་ལས་ ཕུཊ་སཱལ་ཕུཊ༌བཱོལ་འགྲན་བསྡུར་འབད་ནིའི་དོན་ལུ་ གདམ་འཐུ་འབད་མི་དེ་ སེམས་དང་མ་ལྡན་ཟེར་ཨིནམ་ད་ དེ་ཡང་ འབྲུག་པའི་རྒྱལ་ཡོངས་རྩེད་འགྲན་པ་སྦེ་ གདམ་འཐུ་འབད་མི་ཚུ་ རྒྱལ་ཡོངས་ཕུཊ་བཱོལ་རྩེད་འགྲན་པ་ཨིནམ་ལས་ ཁོང་ལུ་ གོ་སྐབས་སྤྲོད་ནི་དེ་གིས་ རྩེད་འགྲན་ནང་ ཚགས་ཁ་ཚུད་མ་ཚུགས་མི་འདི་ གནད་དོན་འདི་ལུ་བརྟེན་ཏེ་ཨིན་ཟེར་ སླབ་ཨིན་པས།
རྒྱལ་ཡོངས་སློབ་སྟོན་པ་ པདྨ་རྡོ་རྗེ་གིས་ སླབ་མི་དང་འཁྲིལཝ་ད་ ཕུཊ་སཱལ་ཕུཊ་བཱོལ་རྩེད་འགྲན་འབད་མི་དེ་ མ་འོངས་ རྒྱལ་ཡོངས་ཕུཊ༌བཱོལ་རྩེད་འགྲན་པ་ལུ་ འགྱུར་ནིའི་གོ་སྐབས་ཡོདཔ་ལས་ རྒྱལ་ཡོངས་ཕུཊ་བཱོལ་རྩེད་འགྲན་པ་ཚུ་ གདམ་འཐུ་འབད་ཡི་ཟེར་ཨིནམ་ད་ དེ་ཡང་ སྤྱི་ལོ་༢༠༡༢ ཀྱི་ ཕུཊ༌སཱལ་ཕུཊ་བཱོལ་འགྲན་བསྡུར་ནང་ བཅའ་མར་གཏོགས་མི་ཚུ་ གདམ་འཐུ་འབད་ཡི་ཟེར་ཨིན་པས།
དེ་བཟུམ་སྦེ་ དུས་ཚོད་རྫོགས་རནམ་ད་ འབྲུག་ཨོ་ལིམ་པིག་ཚོགས་པ་ལས་ བཅའ་མར་གཏོགས་མི་ཚུ་གི་ མིང་ཐོ་འཕྲལ་ར་ བཀོད་དགོཔ་སྦེ་ སླབ་མི་དང་འཁྲིལ་ མིང་ཐོ་བཀོད་དགོཔ་ཐོན་ཡོདཔ་མ་ཚད་ གདམ་འཐུ་འབད་ནིའི་གོ་སྐབས་ལེགས་ཤོམ་ཐོབ་མ་ཚུགས་ཟེར་ སླབ་ཨིན་པས།
ཨེ་ཤེ་ཡཱན་རྩེད་རིགས་སྣ་ཚོགས་ ཐེངས་༤ པའི་ ནང་ རྒྱལ་ཁབ་༡༥༠ གིས་ ཕུཊ་སཱལ་ཕུཊ༌བཱོལ་འགྲན་བསྡུར་ འབད་ཡོདཔ་ཨིན་པའི་གནས་ཚུལ།

བཀྲིས་ཕུན་ཚོགས།

No comments:

Post a Comment