གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

སྤྱི་ལོ་༢༠༡༣ གྱི་རྒྱལ་རྟགས་ཁ་རྗེ་ ག་ལུ་ཡོདཔ་ཨིན་ན་ ད་རིས་ ཤེས་ཚུགས་ནི།

༡/༧/༢༠༡༣   ༉ ཁ་ཙ་ ཁྲི་ལོ་༢༥ འཁོར་བའི་ ཕྱི་རྒྱལ་མདའ་གཞུའི་ཐོག་ལས་ རྒྱལ་ཡོངས་མདའ་རྩེད་འགྲན་བསྡུར་གྱི་ མཐའ་བཅད་རྩེད་འགྲན་ནང་ ལྟདམོ་ལྟ་མི་བརྒྱ་ཕྲག་ལས་བཅད་འཛོམས་ཡོད་རུང་ དམ་ཆེན་དང་ ཡར་སྐྱེད་སྡེ་ཚན་༢ ཀྱི་ རྒྱལ་ཕམ་དེ་ ད་རིས་ཕྱེ་ནི་ཨིན་པས།
དེ་ཡང་ ཡར་སྐྱེད་སྡེ་ཚན་གྱིས་ སྐོར་ཐེངས་༥ པའི་ནང་ སྐུགས་༡༥ ཐོབ་པའི་སྐབས་ བྱང་ཕྱད་སྡེ་ཚན་གྱིས་ སྐུགས་༡༦ ཐོབ་ཅི།

ཞབས་ཁྲ་རྐྱབ་མི་ཨམ་སྲུ་ཚུ་གིས་ དམ་ཅན་གྱི་མདའ་རྩེདཔ་ཅིག་ལུ་ མདའ་ཁ་སློག་པའི་བསྒང་།


ཨིན་རུང་ ཡར་སྐྱེད་ཀྱིས་ དོ་འགྲན་ག་དེ་སྦེ་ར་འབད་རུང་ བྱང་ཕྱད་སྡེ་ཚན་དེ་ སྒྲིང་སྒྲིང་ཡོད་མི་ལུ་བརྟེན་ ཉིན་མའི་ཆུ་ཚོད་༣ ལུ་ དམ་ཅན་གྱིས་ སྐུགས་དང་པ་ཆོད་ཡོདཔ་ཨིན་པས།
དམ་ཅན་གྱི་ དོ་དམ་འཇམ་དབྱངས་བཀྲིས་ཀྱིས་ འབད་བ་ཅིན་ སྡེ་ཚན་གཞན་མི་ཚུ་དང་ཕྱདཔ་ད་ ཡར་བསྐྱེད་སྡེ་ཚན་ལུ་ མདའ་རྩེདཔ་ལེགས་ཤོམ་ཡོདཔ་ལས་ ཉིནམ་གཅིག་ལུ་ རྒྱལ་ཁ་ཐོབ་མ་ཚུགས་ཟེར་ཨིན་པས།
སྤྱིར་བཏང་ དམ་ཅན་སྡེ་ཚན་ནང་ མདའ་རྩེདཔ་ལེགས་ཤོམ་ཡོད་པའི་ཁར་ ལགཔ་ལེགས་ཤོམ་ཡོད་མི་ལུ་བརྟེན་ ཚ་གྱང་ལང་དགོཔ་སྦོམ་བྱུང་རུང་ ཉིནམ་གཅིག་གི་ དབང་རྟ་ཀླུང་རྟ་དང་འཁྲིལཝ་ད་ སྡེ་ཚན་ག་གིས་ རྒྱལ་ཁ་འཐོབ་ཚུགས་ག་ འཕྲོ་མཐུད་རྩེད་འགྲན་འབདཝ་ད་མ་གཏོགས་ ཤེས་མི་ཚུགས་ནི་མས་ཟེར་ སྡེ་ཚན་གྱི་རྩེད་འགྲན་པ་ཅིག་གིས་ སླབ་ཨིན་པས།
སྐུགས་ཐེངས་༢ པའི་དོན་ལུ་ དམ་ཅན་གྱིས་ སྐུགས་༡༤ དང་ ཡར་སྐྱེད་ཀྱིས་ སྐུགས་༧ ཐོབ་སྟེ་ དུས་ཚོད་ཚང་སོཔ་ཨིན་པས།
ལྟདམོ་ལྟ་མི་ཚུ་གིས་ འབད་བ་ཅིན་ དམ་ཅན་གྱིས་ ཉིནམ་དང་པའི་ནང་ར་ རྒྱལ་ཁ་འཐོབ་ཚུགསཔ་འོང་ཟེར་ མནོ་བསམ་བཏང་རུང་ བྱང་ཕྱད་སྡེ་ཚན་གྱིས་ དོ་འགྲན་ཅན་གྱི་ཐོག་ལས་རྩེད་འགྲན་འབད་མི་ལུ་ལྟཝ་ད་ སྤྱི་ལོ་༢༠༡༣ གྱི་ རྒྱལ་རྟགས་དེ་ ག་ལུ་ཁ་རྗེ་ཡོདཔ་ཨིན་ན་ སླབ་མི་ཤེས་པས་ཟེར་ སླབ་ཨིན་པའི་གནས་ཚུལ།

བཀྲིས་ཕུན་ཚོགས།

No comments:

Post a Comment