༥/༧/༢༠༡༣ ༉ འབྲུག་པའི་བརྡ་བརྒྱུད་དང་ མི་སྡེའི་བརྡ་བརྒྱུད་ལག་ལེན་འཐབ་མི་ཚུ་གིས་ བཙག་འཐུའི་ནུས་ཤུགས་མེདཔ་བཟོ་དོ་ཡོདཔ་ཤེས་བཞིན་དུ་ འབྲུག་གི་བཙག་འཐུ་ལྷན་ཚོགས་ཀྱིས་ རྒྱལ་རབས་ཅན་གྱི་སྤྱི་ལོ་༢༠༡༣ གྱི་ སྤྱིར་བཏང་བཙག་འཐུ་དེ་ ལེགས་ཤོམ་འགྱོ་ནིའི་དོན་ལས་ ཚུལ་དང་མཐུན་ཏོག་ཏོ་སྦེ་ འབད་གནང་དགོ་པའི་བསྐྱར་ཞུ་ འབད་ཡོདཔ་ཨིན་པས།
སྤྱི་ཟླ་༨ པའི་ཚེས་༡ ལུ་ འབྲུག་གི་བཙག་འཐུ་ལྷན་ཚོགས་ཀྱིས་ བསྐྱར་ཞུ་ཡི་གུ་དང་འཁྲིལཝ་ད་ བརྡ་བརྒྱུད་དང་ མི་སྡེའི་བརྡ་བརྒྱུད་ལག་ལེན་འཐབ་མི་ཚུ་གིས་ སྲིད་དོན་ཚོགས་པ་དང་ ཚོགས་པའི་འདེམས་ངོ་ཚུ་གི་ པར་དང་ གཞན་ཡང་ བདེན་རྫུན་ ཨིན་མེན་ འདྲཝ་མ་འདྲཝ་ལེ་ཤ་ཅིག་བཙུགས་མི་དེ་གིས་ དམངས་གཙོའི་རིང་ལུགས་རྩ་བརྟན་བཟོ་ནིའི་ དོ་འགྲན་འབད་མི་ཚུ་ལུ་ ཐོ་ཕོག་ནི་ཨིནམ་མ་ཚད་ ཚོགས་པའི་ལྟ་བ་དང་ གཞི་རྩ་ དམིགས་དོན་ཚུ་ཡང་ མེདཔ་བཏངམ་མས་ཟེར་ཨིན་པས།
བཙག་འཐུ་ལྷན་འཛིན་སྤྱི་ཁྱབ་ དྲག་ཤོས་ཀུན་བཟང་དབང་འདུས་ཀྱིས་ བཙག་འཐུ་ལུ་གནོད་པ་རྐྱབ་མི་ བརྡ་བརྒྱུད་ག་ཨིན་ན་དང་ མི་སྡེ་བརྡ་བརྒྱུད་ག་གིས་འབདཝ་ཨིན་ན་དེ་ དམིགས་བསལ་སྦེ་ སླབ་མ་བཏུབ་རུང་ བརྡ་བརྒྱུདཔ་ཚུ་གི་འགན་ཁུར་དེ་ ཆགས་སྡང་ཕྱོགས་རིས་མེདཔ་སྦེ་ འབད་དགོཔ་མ་ཚད་ སྲིད་དོན་ཚོགས་པ་དང་ འདེམས་ངོ་ཚུ་ལུ་ ཕན་པ་དང་ གནོད་པའི་ལཱ་ཚུ་ འབད་དགོཔ་མེད་ཟེར་ཨིན་པས།
འབྲུག་བཙག་འཐུ་ལྷན་ཚོགས་ཀྱིས་ མི་སྡེའི་བརྡ་བརྒྱུད་ཀྱི་ སྒྲིག་གཞི་༢༠༡༢ ཅན་མ་དང་འཁྲིལཝ་ད་ མི་ངོ་ག་གིས་འབད་རུང་ སྲིད་དོན་ཚོགས་པ་དང་ འདེམས་ངོ་ཚུ་ལུ་ མ་དགའ་མི་དང་ དམའ་ཕབ་རྐྱབ་ནི་ཚུ་ འབད་ནི་མི་འོང་ཟེར་ཨིན་པས།
ད་རུང་ལྷན་ཚོགས་ཀྱི་ བསྐྱར་ཞུ་ཡི་གུའི་ནང་ མི་སྡེ་བརྡ་བརྒྱུད་ལག་ལེན་འཐབ་མི་ཚུ་དང་ གནས་ཚུལ་བསྡུ་ལེན་པ་ཚུ་གིས་ བཙག་འཐུ་དང་འབྲེལ་བའི་ལས་དོན་ནང་ དམའ་ཕབ་རྐྱབ་ནི་དང་ སྲིད་ཚོགས་ནུས་ཤུགས་མེདཔ་བཟོ་ནི་ཚུ་ འབད་ནི་མི་འོང་ཟེར་ཨིན་པས།
དྲག་ཤོས་ཀུན་བཟང་དབང་འདུས་ཀྱིས་འབད་བ་ཅིན་ བཙག་འཐུའི་དོན་ལས་ འབྲུག་མི་རེ་རེ་བཞིན་དུ་གིས་ རྒྱབ་སྐྱོར་དང་ མཉམ་འབྲེལ་འབད་དགོཔ་སྦེ་ བསྐྱར་ཞུ་འབདཝ་ཨིན་པས།
ཨིན་རུང་ འབྲུག་བཙག་འཐུ་ལྷན་ཚོགས་ཀྱི་ མི་སྡེའི་བརྡ་བརྒྱུད་ཀྱི་ སྒྲིག་གཞི་ནང་འབད་བ་ཅིན་ བརྡ་དོན་བརྗེ་སོར་འབད་ནི་དང་ གནས་ཚུལ་འབྲི་ནི་ཨིན་པ་ཅིན་ ཆགས་སྡང་ཕྱོགས་རིས་མེད་པ་ འབྲི་དགོཔ་མ་ཚད་ སྲིད་དོན་ཚོགས་པ་དང་ འདེམས་ངོ་ཚུ་ལུ་ རྒྱབ་འགལ་འབད་དེ་ མ་བདེན་པའི་གནས་ཚུལ་ཁྱབ་སྤེལ་གྱི་ བསྐུལ་བསྒྲགས་འབད་ནི་མི་འོང་ཟེར་ཨིན་པས།
མི་ལ་ལུ་ཅིག་གིས་ མི་སྡེའི་བརྡ་བརྒྱུད་ནང་ལུ་ མེ་རླུང་རྒྱ་རྫི་གེསི་དང་ ས་མར་ཁུ་གི་ གོང་ཚད་ཡར་སེང་འགྱོ་བའི་ཐད་ཁར་ ལེ་ཤ་ཅིག་ར་འབྲི་དོ་ཡོདཔ་ལས་ དེ་ཚུ་ རྒྱལ་ཡོངས་ཀྱི་གནད་དོན་གཙོ་རིམ་ཅན་ཅིག་ཨིནམ་ལས་ དེ་གི་སྐོར་ལས་ གྲོས་བསྟུན་འབད་ནི་དེ་ ག་དེ་དྲག་དྲག་འཛེམ་གནང་ཟེར་ ཨིནམ་མ་ཚད་ དེ་ཚུ་ སྲིད་དང་འབྲེལ་བ་མེདཔ་ལས་ སྲིད་ཀྱི་གནད་དོན་སྦེ་ ལག་ལེན་འཐབ་མི་ཆོག་ཟེར་ དྲགོས་ཀུན་བཟང་དབང་འདུས་ཀྱིས་ བཤདཔ་ཨིན་པའི་གནས་ཚུལ།

ཡེ་ཤེས་སྒྲོལ་མ།
No comments:
Post a Comment