གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

གྱིབ་ཀྱི་རྩྭ་གདན་གྱི་ རྩེད་ཐང་༢ པར་དེ་ འཕྲལ་མགྱོགས་ར་ འགོ་འབྱེད་འབད་ནི།

༡༠/༧/༢༠༡༣   ༉ སྤྱི་ཟླ་༤ པའི་ནང་ ཐིམ་ཕུ་ལྕང་ཇི་ཇི་ཕུཊ་བཱོལ་རྩེད་ཐང་ནང་ གྱིབ་ཀྱི་རྩྭ་གདནའཐིང་ནིའི་དོན་ལུ་ བཟོ་སྐྲུན་གྱི་ལཱ་འགོ་བཙུགས་མི་དེ་ ཧ་ལམ་ མཇུག་བསྡུ་རན་ཁར་ལྷོད་ཡོདཔ་ལས་ དམིགས་བསལ་དུ་ འབྲུག་རྒྱལ་ཡོངས་ཕུཊ་བཱོལ་རྩེད་འགྲན་འབད་མི་ཚུ་གིས་ སློབ་སྦྱོང་ཚུ་ ལེགས་ཤོམ་སྦེ་ འཐོབ་ཚུགས་ནི་ཨིན་པས།
ལྕང་ཇི་ཇི་ཕུཊ་བཱོལ་རྩེད་ཐང་ནང་ གྱིབ་ཀྱི་རྩྭ་གདན་འཐིང་བའི་བསྒང།


དེ་ཡང་ བཟོ་སྐྲུན་གྱི་ ལཱ་འབད་བའི་སྐབས་ གནམ་གཤིས་གནས་སྟངས་ལེགས་ཤོམ་ཡོད་མི་ལུ་བརྟེན་ རྩྭ་གདན་འཐིང་ནིའི་ལཱ་ཚུ་ སྤྱི་ཟླ་༧ པའི་ཚེས་༨ ལུ་ འགོ་བཙུགས་མི་དེ་ ཁ་ཙ་ མཇུག་བསྡུ་ཡོདཔ་ལས་ ད་རིས་ལས་ གཱོལ་བཙུགས་སའི་ ལྕགས་ལྷོང་ནི་དང་ རྩྭ་གདན་ཐང་ནང་ གྱིབ་ཆུང་བླུགས་ནི་ དེ་ལས་ མཐའ་འཁོར་གྱི་ལཱ་ཚུ་འབད་ནི་ཟེར་ ནི་དར་ལེནསི་ལས་ ལཱ་གི་མཁས་མཆོག་ཅིག་གིས་ སླབ་ཨིན་པས།
ཡོངས་ཁྱབ་དྲུང་ཆེན་ ཨྱོན་དབང་ཕྱུག་གིས་འབད་བ་ཅིན་ ལྕང་ཇི་ཇི་ཕུཊ་བཱོལ་རྩེད་ཐང་བཟོ་སྐྲུན་འབད་ནིའི་དོན་ལུ་ འབྲུག་ཕུཊ་བཱོལ་ཚོགས་སྡེ་གིས་ རྒྱལ་སྤྱི་ཕུཊ་བཱོལ་ཚོགས་པ་ལུ་ འབྲུག་རྒྱལ་ཁབ་ནང་ གྱིབ་ཀྱི་རྩྭ་གདན་དགོ་ནིའི་དོན་ལུ་ མ་དངུལ་རྒྱབ་སྐྱོར་ཞུཝ་བཞིན་དུ་ ཐིམ་ཕུ་ལྕང་གླིང་མི་ཐང་གི་ གྱིབ་ཀྱི་རྩྭ་གདན་དང་ ལྕང་ཇི་ཇི་གི་ གྱིབ་ཀྱི་རྩྭ་གདན་༢ ལུ་ བསྡོམས་ཀྱིས་ མ་དངུལ་ ཡུ་ཨེསི་ཌོ་ལར་༩༠༠,༠༠༠ བྱིན་མི་དང་བསྟུན་ བཟོ་སྐྲུན་འབད་དོ་ཟེར་ཨིན་པས།
ལྕང་ཇི་ཇི་ཕུཊ་བཱོལ་རྩེད་ཐང་འདི་ རིན་ཚད་མི་ཊར་༡༠༣ དང་ རྒྱ་ཚད་མི་ཊར་༦༦ ཡོད་རུང་ ལྕང་གླིང་ཐང་གྱིབ་ཀྱི་རྩྭ་གདན་དེ་ རིན་ཚད་མི་ཊར་༡༠༧ དང་ རྒྱ་ཚད་མི་ཊར་༦༨ ཡོདཔ་ལས་ ལྕང་ཇི་ཇི་དང་ཕྱདཔ་ད་ ལྕང་གླིང་མི་ཐང་ནང་ དུམ་དྲ་ཅིག་ ཚད་གཞི་སྦོམ་ཡོད་མི་དེ་ཡང་ ས་ཁོངས་རྒྱ་ཆེ་དྲག་སྦེ་ཡོད་ནི་དེ་གིས་ ཨིན་ཟེར་ཨིན་པས།
སྤྱི་ཟླ་༨ པའི་ནང་ བཟོ་སྐྲུན་གྱི་ལཱ་འབད་ཚར་ཞིནམ་ལས་ ད་ཚུན་ རྒྱལ་ཡོངས་ཕུཊ་བཱོལ་རྩེད་འགྲན་འབད་མི་ཚུ་ལུ་ དུས་རྒྱུན་ སློབ་སྟོན་དང་ རིག་རྩལ་ཡར་དྲག་གཏང་ནིའི་དོན་ལུ་ རིག་རྩལ་གྱི་སྦྱོང་བརྡར་ ཕུཊ་བཱོལ་རྩེད་མིའི་མཁས་མཆོག་ དེ་ལས་ གཞན་མཁས་རིག་ལྡན་པའི་ ལུས་སྦྱོང་འབད་ནི་ཚུ་ དཀའ་ངལ་ཐོན་ཡོདཔ་ལས་ ད་ལས་ཕར་ ཤེས་ཡོན་རྒྱ་བསྐྱེད་གཏང་ནི་ལུ་ ཕན་རླབས་ཆེ་ནི་མས་ཟེར་ འབྲུག་ཕུཊ་བཱོལ་ཚོགས་སྡེ་ལས་ བསོད་ནམས་འཇིགས་མེད་ཀྱིས་ སླབ་ཨིན་པས།
འབྲུག་ཕུཊ་བཱོལ་ཚོགས་སྡེའི་ཡོངས་ཁྱབ་དྲུང་ཆེན་ ཨོ་རྒྱན་དབང་ཕྱུག་གིས་ སླབ་མི་དང་འཁྲིལཝ་ད་ སྤྱི་ལོ་༢༠༡༢ ཟླ་༡༢ པའི་ནང་ ཐིམ་ཕུ་ལྕང་གླིང་མི་ཐང་གི་ ཕུཊ་བཱོལ་རྩེད་འགྲན་འགོ་འབྱེད་འབད་བའི་ཉིནམ་ལས་ཚུར་ སྡེ་ཚན་བཟོ་སྟེ་ ཕུཊ་བཱོལ་རྩེད་འགྲན་འབད་མི་ སྟོང་ཕྲག་ལྷག་སྟེ་འོང་ཡོདཔ་མ་ཚད་ རྩེད་ཐང་ཐོབ་མ་ཚུགས་པའི་དཀའ་ངལ་ལུ་བརྟེན་ ཟླཝ་ལས་བཅད་དེ་ བསྒུག་སྡོད་དགོཔ་ཐོན་མི་དེ་ ལྕང་ཇི་ཇི་ཕུཊ་བཱོལ་རྩེད་ཐང་ བཟོ་བསྐྲུན་འབད་ཚར་བའི་ཞིནམ་ལས་ དཀའ་ངལ་དེ་ བསལ་ཚུགས་ཟེར་ཨིན་པས།
དེ་བཟུམ་སྦེ་ འབྲུག་ཕུཊ་བཱོལ་ཚོགས་སྡེ་ལས་འགོ་དཔོན་ བསོད་ནམས་འཇིགས་མེད་ཀྱིས་ སླབ་མིའི་ནང་ ད་རེས་ནངས་པ་ ལྕང་ཇི་ཇི་གི་ རྩེད་ཐང་ནང་ རྒྱལ་ཡོངས་ཕུཊ་བཱོལ་རྩེད་འགྲན་འབད་མི་ཚུ་ སྦྱོང་བརྡར་དང་ སློབ་སྟོན་འབད་ནིའི་དུས་ཚོད་འཐོབ་ཚུགས་ནི་ཨིནམ་ལས་ ད་ལས་ཕར་ ལྕང་གླིང་མི་ཐང་གི་ ཕུཊ་བཱོལ་རྩེད་ཐང་དེ་ དངུལ་ཕོགས་ཀྱི་དོན་ལུ་ མི་མང་ལུ་ གོ་སྐབས་སྤྲོད་ནི་དང་ འགྲན་བསྡུར་ཚུ་ཡང་ འགོ་འདྲེན་འཐབ་ནི་ཟེར་ཨིན་པས།
ནངས་པ་ཕུཊ་བཱོལ་སྡེ་ཚན་གྱི་ ཇོ་བདག་སྐལ་བཟང་འཇིགས་མེད་ཀྱིས་ ཀུན་གསལ་ལུ་ སླབ་མི་དང་འཁྲིལཝ་ད་ ལྕང་གླིང་ཐང་ནང་སྦེ་ རྒྱལ་སྤྱི་ལམ་ལུགས་ཀྱི་ གྱིབ་ཀྱི་རྩྭ་གདན་འཐིང་པའི་ཤུལ་ལས་ ཕུཊ་བཱོལ་རྩེད་འགྲན་འབད་མི་ཚུ་གིས་ ཕུཊ་བཱོལ་རྩེད་འགྲན་འབད་ནིའི་ལྕོགས་གྲུབ་དང་ ཡོན་ཏན་ དེ་ལས་ རིག་རྩལ་ཚུ་ ཡར་དྲག་སྦོམ་གཏང་ཚུགས་མི་བ་ལྷག་སྟེ་ ད་རེས་ནངས་པ་ བཟོ་སྐྲུན་འབད་བའི་བསྒང་ཡོད་མི་དེ་གིས་ ཕན་ཐོགས་སྦོམ་འབྱུང་ནི་མས་ཟེར་ཨིན་པས།
ཕུཊ་བཱོལ་ལུ་ སྤྲོ་བ་ཡོད་མི་ཚུ་གིས་འབད་བ་ཅིན་ ཧེ་མ་ ལྕང་གླིང་མི་ཐང་ནང་ གྱིབ་ཀྱི་རྩྭ་གདན་འཐིང་པའི་ཤུལ་ལས་ གཟུགས་ལུ་ གནོད་སྐྱོན་དང་ བཱོལ་ས་ཁར་ཆགས་ཐང་ མི་ངོ་རང་སོའི་རིག་རྩལ་དང་ ལྕོགས་གྲུབ་ཚུ་ ལེགས་ཤོམ་སྦེ་ བཏོན་ཚུགསཔ་ལས་ ཕུཊ་བཱོལ་རྩེ་ནིའི་ནང་ གོང་འཕེལ་ལེ་ཤ་སོང་ཡོད་མིའི་ཐོག་ལུ་ ལྕང་ཇི་ཇི་ཕུཊ་བཱོལ་རྩེད་ཐང་དེ་གིས་ ཧེང་སྐལ་ར་ ཁས་ཕན་རྒྱ་ཆེ་དྲག་སྦེ་ འབྱུང་ནི་མས་ཟེར་ཨིན་པས།
འཕྲལ་མགྱོགས་ར་ རྒྱལ་ཁབ་ནང་ ཀིངསི་ཀ་ལབ་འགོ་འདྲེན་འཐབ་ནི་ཨིནམ་ལས་ ཕྱི་རྒྱལ་ལས་ འོང་མི་རྩེད་འགྲན་པ་ཚུ་གིས་ ལྕང་ཇི་ཇི་ཕུཊ་བཱོལ་རྩེད་ཐང་དེ་ སྦྱོང་བརྡར་གྱི་དོན་ལུ་ ལག་ལེན་འཐབ་ཚུགས་ནི་ཨིནམ་ལས་ བྱ་སྟབས་བདེ་ཏོག་ཏོ་འབྱུང་ནི་མས་ཟེར་ འོད་ཟེར་ལས་སྡེའི་ གཙོ་འཛིན་འགོ་དཔོན་ ཀུན་བཟང་དབང་འདུས་ཀྱིས་ སླབ་ཨིན་པའི་གནས་ཚུལ།

བཀྲིས་ཕུན་ཚོགས།

No comments:

Post a Comment