གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

ཙན་དན་ཤིང་ཀེ་ཇི་༩༠༠ དེ་ཅིག་ འཕྱོག་བཟུང་འབད་ཡོདཔ།

༡༡/༧/༢༠༡༣   ༉ སྤ་རོ་གི་ ནགས་ཚལ་འགོ་དཔོན་ཚུ་གིས་ རྒྱ་གར་ལས་ འབག་འོང་མི་ ཙན་དན་ཤིང་སྣུམ་འཁོར་ཊཱག་༡ སྤྱི་ཟླ་༧ པའི་ཚེས་༨ ཀྱི་ ཕྱི་རུའི་ཆུ་ཚོད་༡༠:༤༠ དེ་ཅིག་ཁར་ འཕྱོག་བཟུང་འབད་ཡོདཔ་ཨིན་པས།
སྤ་རོ་ལུ་ སྣུམ་འཁོར་ཊཱག་ནང་འབག་འོང་མི་ ཙན་དན་ཤིང་ཚུ་ འཕྱོག་བཟུང་འབད་བའི་བསྒང་།


ཙན་དན་ཤིང་འབག་འོང་མི་ སྣུམ་འཁོར་ཊཱག་དེ་ སྤ་རོ་ལམ་གོང་ལས་ འཕྱོག་བཟུང་འབད་ཡོདཔ་ཨིན་པས།
སྤ་རོ་གི་ ནགས་ཚལ་འགོ་དཔོན་ཚུ་གིས་ སླབ་དོ་བཟུམ་འབད་བ་ཅིན་ ནགས་ཚལ་འགོ་དཔོན་ཡིག་ཚང་ལུ་ ཙན་དན་འབག་འགྱོ་བའི་སྐོར་ལས་ གསང་བའི་སྙན་ཞུ་ལྷོད་ཡོད་པའི་ཤུལ་ལས་ ནགས་ཚལ་འགོ་དཔོན་ཚུ་གིས་ སྒུག་སྡོད་ཞིནམ་ལས་ འཕྱོག་བཟུང་འབད་ཡི་ཟེར་ཨིན་པས།
སྣུམ་འཁོར་ཊཱག་དེ་ནང་ ཙན་དན་རྐྱངམ་ཅིག་མེན་པར་ གཡས་དང་གཡོན་ དེ་ལས་ ཤིང་གི་ཐོག་ཁ་ལས་ བཟོ་སྐྲུན་གྱི་ས་ཁོངས་ནང་ ལག་ལེན་འཐབ་ནི་ཨིན་མི་ ས་པག་ཅུང་ཚུ་བཙུགས་ཞིནམ་ལས་ ཤིང་ཚུ་ སྦུག་ལུ་བཙུགས་ཏེ་ འབག་འོང་ནུག་ཟེར་ཨིན་པས།
སྤ་རོ་གི་ ནགས་ཚལ་འགོ་དཔོན་ཚུ་གིས་ ཙན་དན་ཤིང་ཀེ་ཇི་༩༠༠ དེ་ཅིག་ འཕྱོག་བཟུང་འབད་ཡོདཔ་ད་ ནགས་ཚལ་འགོ་དཔོན་ཚུ་གིས་འབད་བ་ཅིན་ ཙན་དན་ངོ་མ་དང་ རྫུས་མ་ཟེར་ཡོད་མི་ནང་ལས་ ངོ་མ་ཀེ་ཇི་༧༧༡ དང་ རྫུས་མ་ཀེ་ཇི་༡༡༢ འདུག་ཟེར་ཨིན་པས།
ཨིན་རུང་ ནགས་ཚལ་གྱི་སྒྲིག་གཞི་དང་འཁྲིལཝ་ད་ ཤིང་ཀེ་ཇི་རེ་ལུ་ ཉེས་ཆད་དངུལ་ཀྲམ་༧༥༠ རེ་ཕོགཔ་མ་ཚད་ ཤིང་དེ་ཡང་ གཞུང་བཞེས་གཏང་ནི་ཨིན་ཟེར་ཨིན་པས།
ད་ལྟོ་ཚུན་ཚོད་ཀྱི་བར་ན་ ཙན་དན་ལ་སོགས་པའི་ཤིང་ འཕྱོག་བཟུང་འབད་ཡོད་མི་དེ་ རིན་བསྡུར་འབད་མི་ཚུ་ལུ་ བཙོང་སྲོལ་མེདཔ་ལས་ ད་ལས་ཕར་འབད་རུང་ ཡིག་ཚང་ལྟེ་བའི་ནང་ རྩིས་སྤྲོད་འབད་ནི་མ་གཏོགས་ བཙོང་ནི་མེན་ཟེར་ཨིན་པས།
ཤིང་འབག་འོང་མི་དེ་ ལམ་གོང་ལས་ར་ཨིནམ་ད་ ཁོ་གིས་ ནགས་ཚལ་འགོ་དཔོན་ཡིག་ཚང་ལུ་ ངག་བརྗོད་བཀོད་མི་དང་འཁྲིལཝ་ད་ ཁོ་གིས་ ཤིང་དེ་ རྒྱ་གར་ཨ་ལི་པུར་ལས་ འབག་འོང་ཡི་ཟེར་ཨིན་པས།
སྤ་རོ་ནགས་ཚལ་འགོ་དཔོན་གྱིས་ ཙན་དན་ཤིང་འཕྱོག་བཟུང་འབད་མི་དེ་ དུས་ཅི་གི་ལོ་ནང་ འགོ་དང་པ་ཨིན་ཟེར་ བཤདཔ་ཨིན་པའི་གནས་ཚུལ།

སྤ་རོ་ལས་ ཡེ་ཤེས་སྒྲོལ་མ།

No comments:

Post a Comment