གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

དམངས་གཙོ་ཚོགས་པ་ལུ་ རྒྱབ་སྐྱོར་མེད་པའི་འཐོར་གཏམ་ བདེན་ཁུངས་མེདཔ།

༨/༧/༢༠༡༣   ༉ ཤར་ཕྱོགས་རྫོང་ཁག་ཚུ་ནང་ མི་སེར་དམངས་གཙོ་ཚོགས་པ་ལུ་ རྒྱབ་སྐྱོར་ཉུང་སུ་ཅིག་ལས་བརྒལ་མིན་འདུག་ཟེར་སླབ་མི་དེ་ མི་བདེན་ཟེར་ ཚོགས་པའི་གཙོ་འཛིན་ ཚེ་རིང་སྟོབས་རྒྱས་ཀྱིས་ བཤདཔ་ཨིན་པས།
མི་སེར་དམངས་གཙོ་ཚོགས་པའི་ གཙོ་འཛིན་ཚེ་རིང་སྟོབས་རྒྱས་ཀྱིས་ བཀང་ལུང་ལུ་ ཚོགས་པའི་རྒྱབ་སྐྱོར་པ་ཚུ་དང་ ཕྱད་པའི་བསྒང་།


མ་གཞི་འགོ་ཐོག་བཙག་འཐུ་ནང་ མི་སེར་དམངས་གཙོ་ཚོགས་པའི་གྲུབ་འབྲས་དེ་ ལེགས་ཤོམ་ཅིག་མེད་དེ་འབད་རུང་ སྤྱིར་བཏང་བཙག་འཐུའི་སྐབས་ ཤར་ཕྱོགས་རྫོང་ཁག་ནང་ འདེམས་ཁོངས་༡༧ ཡོད་ས་ལས་༡༡ དེ་ཅིག་ རྒྱལ་ཁ་འཐོབ་ཚུགས་པའི་ རེ་བ་བསྐྱེད་དོ་ཟེར་ ཚེ་རིང་སྟོབས་རྒྱས་ཀྱིས་ སླབ་ཨིན་པས།
འགོ་ཐོག་བཙག་འཐུ་ནང་ པདྨ་དགའ་ཚལ་རྫོང་ཁག་རྐྱངམ་གཅིག་ནང་མ་གཏོགས་ གཞན་མི་ཤར་ཕྱོགས་རྫོང་ཁག་གི་ ཚོགས་རྒྱན་གྲུབ་འབྲས་ལུ་ལྟཝ་ད་ མི་སེར་དམངས་གཙོ་ཚོགས་པ་དང་ འབྲུག་ཕུན་སུམ་ཚོགས་པའི་བར་ན་ ཁྱད་པར་ གནམ་མེད་ས་མེད་ཅིག་ མེད་ཟེར་ཨིན་པས།
ཚོགས་པའི་གཙོ་འཛིན་གྱིས་འབད་བ་ཅིན་ མི་སེར་དམངས་གཙོ་ཚོགས་པ་ནང་ འདེམས་ངོ་གསརཔ་༧ བཙུགས་མི་གིས་ ཧེང་སྐལ་ར་ སྒྲིང་སྒྲིང་སོང་ཡི་ཟེར་ཨིན་པས།
འདས་པའི་ཉིནམ་དག་པ་ཅིག་གི་རིང་ མི་སེར་དམངས་གཙོ་ཚོགས་པའི་གཙོ་འཛིན་གྱིས་ འབྲུག་ཕུན་སུམ་ཚོགས་པ་ལུ་ རྒྱབ་སྐྱོར་ཡོད་མི་ས་ཁོངས་ བཀྲིས་སྒང་ར་ལྡི་- སག་སྟེང་དང་ བཀང་ལུང་- བསམ་མཁར་ཚུ་ནང་ ཁས་བླངས་གསལ་བསྒྲགས་ཚུ་ འབད་ཡོདཔ་ཨིན་པས།
ཚོགས་པའི་གཙོ་འཛིན་གྱིས་སླབ་མིའི་ནང་ བཀང་ལུང་དང་ སྦི་མཁར་ དེ་ལས་ ར་ལྡི་ལུ་ མི་སེར་དམངས་གཙོ་ཚོགས་པའི་འདེམས་ངོ་ཚུ་གིས་ ལེགས་ཤོམ་སྦེ་ འབད་དོ་ཡོདཔ་ལས་ རྒྱལ་ཁ་འཐོབ་ཚུགས་པའི་ རེ་བ་སྦོམ་ར་བསྐྱེད་དོ་ཟེར་ཨིན་པས།
ཁོ་གིས་འབད་བ་ཅིན་ ས་གནས་ ར་ལྡི་དང་ བཀང་ལུང་ཚུ་ནང་འགྱོ་བའི་སྐབས་ མི་སེར་ཚུ་ འབྲུག་ཕུན་སུམ་ཚོགས་པ་ལུ་ རྒྱབ་སྐྱོར་འབད་མི་དང་ མི་སེར་དམངས་གཙོ་ཚོགས་པ་ལུ་ རྒྱབ་སྐྱོར་འབད་མི་ཨིན་ཟེར་ སོ་སོར་ཅིག་སྦེ་ཡོད་པའི་མཐོང་སྣང་མི་བྱུང་མས་ཟེར་ཨིནམ་ད་ མི་སེར་ཚུ་ འབྲུག་རྒྱལ་ཁབ་ཀྱི་དོན་ལས་ རྒྱལ་ཅན་ཅིག་ཨིནམ་སྦེ་ར་ མཐོང་མས་ཟེར་ཨིན་པས།
མི་སེར་དམངས་གཙོ་ཚོགས་པའི་ ར་ལྡི་- སག་སྟེང་འདེམས་ངོ་ ཀུན་ལེགས་རྡོ་རྗེ་གིས་ སླབ་མིའི་ནང་ ཚོགས་པའི་གཙོ་འཛིན་གྱིས་ ས་གནས་ནང་འོང་མི་གིས་ ཁོ་ལུ་ མི་སེར་ལས་ རྒྱབ་སྐྱོར་འཐོབ་ནི་ལུ་ ཕན་ཐོགས་བྱུང་ནི་བཟུམ་ཅིག་འདུག་ཟེར་ཨིན་པས།
བཀང་ལུང་དང་ ར་ལྡི་ལས་ ཁྱད་ཚད་དང་ལྡན་པའི་ཚོགས་རྒྱན་སྐྱུར་མི་ཚུ་གིས་ སླབ་དོ་བཟུམ་འབད་བ་ཅིན་ བཙག་འཐུ་རན་ནི་གི་དུས་ཚོད་ ཉིན་གྲངས་༥ ལུ་ལྷོདཔ་ད་ ཚོགས་པ་ག་གིས་ རྒྱལ་ཁ་འཐོབ་ནི་ཨིན་ན་དེ་ སླབ་ར་མི་ཤེས་པས་ཟེར་ཨིན་པས།
བཀང་ལུང་ལས་ ཚོགས་རྒྱན་སྐྱུར་མི་ སྟོབས་རྒྱས་ཀྱིས་འབད་བ་ཅིན་ བཙག་འཐུ་རན་ནི་ལུ་ ཉིན་གྲངས་༥ ལས་བརྒལ་མེད་དེ་འབད་རུང་ དེ་གི་ནང་འཁོད་ལུ་ ག་ཅི་ཡང་ འབད་ཚུགས་ནི་མས་ཟེར་ཨིན་པས།
བཀང་ལུང་སྟོད་ཀྱི་མི་སེར་ཚུ་གིས་ དམངས་གཙོ་ཚོགས་པ་ལུ་ རྒྱབ་སྐྱོར་འབད་དོ་ཡོདཔ་ཨིན་རུང་ རོང་འཐུང་པ་ཚུ་གིས་ འབྲུག་ཕུན་སུམ་ཚོགས་པའི་ འཕྲིན་ལས་དཔལ་ལྡན་རྡོ་རྗེ་ལུ་ རྒྱབ་སྐྱོར་འབད་དོ་ཡོདཔ་ཨིན་པས།
ཨུ་མཛོ་རོང་ལུ་ མི་སེར་དམངས་གཙོ་ཚོགས་པ་དང་ འབྲུག་ཕུན་སུམ་ཚོགས་པ་གཉིས་ཀྱི་བར་ན་ ཁྱད་པར་མེདཔ་སྦེ་ ཧ་ལམ་ འདྲ་མཉམ་མཚམས་སྦེ་ ཡོདཔ་ཨིན་པས།
ར་ལྡི་- སག་སྟེང་འདེམས་ཁོངས་ནང་ལུ་ཡང་ མི་སེར་དམངས་གཙོ་ཚོགས་པ་ལུ་ རྒྱབ་སྐྱོར་འབད་མི་ ཡར་སེང་ འགྱོ་དོ་ཡོདཔ་ལས་ ད་ལྟོ་ ཚོགས་པ་འདི་གིས་ རྒྱལ་ཁ་ཐོབ་ཚུགས་ནི་མས་ཟེར་ སླབ་མི་ཚུགས་པས་ཟེར་ ཁྱད་ཚད་དང་ལྡན་པའི་ ཚོགས་རྒྱན་སྐྱུར་མི་ཚུ་གིས་ བཤདཔ་ཨིན་པའི་གནས་ཚུལ།

རྩོམ་འབྲི་ལས་བྱེདཔ།

No comments:

Post a Comment