གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

སྤྱིར་བཏང་བཙག་འཐུ་ནང་ འགྲེམ་ཐོག་ཚོགས་རྒྱན་མང་སུ་འོང་ནི།

༦/༧/༢༠༡༣   ༉ དུས་ཅི་ ཚོགས་རྒྱན་ས་ཁོངས་ཐེངས་གསུམ་པ་སྒོ་ཕྱེ་ནིའི་དོན་ལུ་ དུས་ཡུན་བདུན་ཕྲག་༡ ལས་བརྒལ་མེད་རུང་ ཁ་ཙ་ཚུན་ཚོད་ སྤྱི་ཟླ་༧ པའི་ཚེས་༡༣ ལུ་ སྤྱིར་བཏང་བཙག་འཐུའི་དོན་ལུ་ འགྲེམ་ཐོག་ཚོགས་རྒྱན་༥༠,༠༠༠ ལྷགཔ་ཅིག་ འགྲེམ་ཐོག་ལས་ འདེམས་ཁོངས་སོ་སོའི་ནང་ བསྐྱལ་ཡོདཔ་ཨིན་པས།
ཐིམ་ཕུའི་འགྲེམ་ཁང་ལས་བྱེདཔ་ཚུ་གིས་ རྫོང་ཁག་ཚུ་ནང་ བསྐྱལ་ནིའི་དོན་ལུ་ འགྲེམ་ཐོག་ཚོགས་རྒྱན་ཚུ་
ཕྱི་སེལ་རྐྱབ་པའི་བསྒང་།


དེ་ཡང་ ཐིམ་ཕུ་དང་ དགེ་ལེགས་ཕུག་ ཕུན་ཚོགས་གླིང་ བསམ་གྲུབ་ལྗོངས་མཁར་གྱི་ ལུང་ཕྱོགས་འགྲེམ་ཁང་༤ བརྒྱུད་དེ་འགྲེམ་ཐོག་ཚོགས་རྒྱན་ཡོངས་བསྡོམས་ལས་ ཕྱེད་ཀ་ལྷགཔ་ཅིག་ ངོས་ལེན་འགོ་དཔོན་གྱི་ ཡིག་ཚང་ཚུ་ནང་ ལོག་བཏང་ཡི་ཟེར་ འགྲེམ་ལས་འགོ་དཔོན་ཚུ་གིས་ བཤད་ཡོདཔ་ད་ སྤྱིར་བཏང་བཙག་འཐུའི་དོན་ལུ་ འགྲེམ་ཐོག་ཚོགས་རྒྱན་གྱི་ ཐོ་བཀོད་འབད་མི་༨༠,༠༠༠ ལྷགཔ་ཅིག་ཡོདཔ་ཨིན་པས།
འགྲེམ་ལས་འགོ་དཔོན་ཚུ་གིས་ རྒྱལ་ཁམས་ནང་འཁོད་ཀྱི་ ངོས་ལེན་འགོ་དཔོན་ཚུ་ལུ་ འགྲེམ་ཐོག་ཚོགས་རྒྱན་སྤྲོད་མི་ གྱངས་ཁ་ཚུ་ལུ་ལྟཝ་ད་ ཤར་ཕྱོགས་ལུང་ཕྱོགས་ནང་ འགྲེམ་ཐོག་ཚོགས་རྒྱན་༣༠,༠༠༠ དང་ དབུས་ཕྱོགས་ལུ་༣,༠༠༠ ལྷོ་མཚམས་ལུ་༡༠,༠༠༠ ནུབ་ཕྱོགས་རྫོང་ཁག་ཚུ་ནང་ འགྲེམ་ཐོག་ཚོགས་རྒྱན་༡༢,༠༠༠ དེ་ཅིག་ སྤྲོད་ཡོདཔ་ཨིན་པས།
འགྲེམ་ལས་འགོ་དཔོན་ཚུ་གིས་འབད་བ་ཅིན་ བཙག་འཐུ་ལྷན་ཚོགས་ལས་ཐོབ་མི་ འགྲེམ་ཐོག་ཚོགས་རྒྱན་ཚུ་ ཞི་གཡོགཔ་ཆ་མཉམ་ལུ་ ངོ་རྐྱང་སྦེ་ སྤྲོད་པའི་ཤུལ་ལུ་ ཁོང་ར་གིས་སྦེ་ འགྲེམ་ཁང་ཚུ་ནང་ བསྐྱལ་ཡོདཔ་ད་ དམག་སྡེ་ཚུ་གི་ཐད་ལུ་ འགྲེམ་ཐོག་ཚོགས་རྒྱན་ཚུ་ དམག་མིའི་འགྲེམ་ཡིག་འགོ་དཔོན་ཚུ་གིས་ ངོས་ལེན་འགོ་དཔོན་ཚུ་ལས་ ལེན་ཞིནམ་ལས་ དམག་མིའི་ཡི་གུ་སྐྱེལ་ལེན་འབད་མི་ སྣུམ་འཁོར་ཚུ་ནང་སྦེ་ སྟབས་གཅིག་ཁར་ ངོས་ལེན་འགོ་དཔོན་ཚུ་ལུ་ ལོག་སྤྲོད་ཡོདཔ་ཨིན་པས།
དམག་སྡེ་ཚུ་གིས་ འགྲེམ་ཐོག་ཚོགས་རྒྱན་ག་དེམ་ཅིག་ ཐོབ་ཡོདཔ་ད་ ཁོང་ར་གིས་ གྱངས་ཁ་རྐྱབ་ཐོག་ལས་ ལོག་སྟེ་ ང་བཅས་ལུ་ སྤྲོདཔ་ཨིན་ཟེར་ འགྲེམ་ལས་འགོ་དཔོན་ཅིག་གིས་ སླབ་ཨིན་པས།
སྤྱི་ཟླ་༦ པའི་ཚེས་༡༦ ལས་ཚུར་ འགྲེམ་ཁང་ཚུ་ནང་ ཉིན་བསྟར་བཞིན་དུ་ འགྲེམ་ཐོག་ཚོགས་རྒྱན་༡༠,༠༠༠ དེ་རེ་ ལྷོད་མི་དེ་ འགོ་ཐོག་བཙག་འཐུ་དང་ཕྱདཔ་ད་ ལེ་ཤ་གིས་ མང་དོ་ཡོདཔ་ད་ དེ་བསྒང་ ཉིནམ་རེ་ལུ་ འགྲེམ་ཐོག་ཚོགས་རྒྱན་༦,༠༠༠ དེ་ཅིག་ལས་བརྒལ་ ལྷོད་ནི་མེདཔ་ཨིན་པས།
འགྲེམ་ཐོག་ཚོགས་རྒྱན་ཚུ་ ངོས་ལེན་འགོ་དཔོན་ཡིག་ཚང་ནང་ ལྷོད་ནི་གི་ དུས་ཚོད་མཇུག་ སྤྱི་ཟླ་༧ པའི་ཚེས་༡༢ ཀྱི་ ཕྱི་རུའི་ཆུ་ཚོད་༥ ལུ་ཨིནམ་ད་ འགོ་ཐོག་བཙག་འཐུའི་སྐབས་ འགྲེམ་ཐོག་ཚོགས་རྒྱན་གྱི་ ཞུ་ཡིག་༥༡,༠༠༠ དེ་ཅིག་ བཙུགས་མི་ལས་༤༣,༠༠༠ དེ་ཅིག་ལུ་ བཏང་ཡོད་པའི་གནས་ཚུལ།

རྩོམ་འབྲི་ལས་བྱེདཔ།

No comments:

Post a Comment