གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

མེ་རླུང་གེསི་རྒྱ་རྫི་གི་ གོང་ཚད་ཡར་སེང་འབད་མི་ལུ་དོགས་སེལ།

༤/༧/༢༠༡༣   ༉ འབྲུག་ཕུན་སུམ་ཚོགས་པའི་གཙོ་འཛིན་ འཇིགས་མེད་འོད་ཟེར་འཕྲིན་ལས་ཀྱིས་ སྤྱི་ཟླ་༦ པའི་ཚེས་༢ ལུ་ མོང་སྒར་ དགྲ་མེད་རྩེ་ སྔ་ཚང་འདེམས་ཁོངས་ཀྱི་ མི་སེར་ཚུ་དང་ཕྱད་པའི་སྐབས་ མི་སེར་ཚུ་ལུ་ བཤད་མིའི་ནང་ ད་རེས་ནངས་པ་ སྲིད་དོན་པ་ཚུ་གིས་ ཁྱིམ་ཚང་རྒྱལ་ཁབ་ཀྱི་ མཐུན་ལམ་སྐོར་ལས་ སྲིད་ཚོགས་ཀྱི་ནང་ གནད་དོན་ག་ཅི་ལུ་བརྟེན་ ལོ་རྒྱུས་ཚུ་ ཐོན་དགོཔ་ཨིན་ན་ཟེར་ཨིན་པས།


གཙོ་འཛིན་གྱིས་ བཤད་མིའི་ནང་ འབྲུག་ཕུན་སུམ་ཚོགས་པའི་གཞུང་དེ་ གནས་ཡུན་ཚང་སྟེ་ དགོངས་ཞུ་འབད་ཞིནམ་ལས་ཚུར་ ཟླཝ་༢ དེ་ཅིག་ལས་ སྲིད་ཚོགས་གཞན་གྱིས་ རྒྱ་འབྲུག་༢ ཀྱི་མཐུན་ལམ་དེ་ འབྲུག་ཕུན་སུམ་ཚོགས་པ་གིས་ མེདཔ་བཏང་ཡི་ཟེར་ མི་སེར་ཚུ་གི་ སེམས་དཀྲུག་ནི་ འགོ་བཙུགས་ཏེ་ཡོད་ཟེར་ཨིན་པས།
དེ་ཡང་ མེ་རླུང་གེསི་རྒྱ་རྫི་དང་ ས་མར་ཁུ་གི་གོང་ཚད་ལུ་ གཞི་བཞག་ཐོག་ལས་ མི་སེར་ཚུ་ལུ་ སླབ་མིའི་ནང་ གོང་ཚད་ཡར་སེང་གི་ གནད་དོན་དེ་ ག་ཅི་ཨིན་ན་ ཁོ་གིས་མ་ཤེས་ཟེར་ཨིནམ་ད་ ཨ་རྟག་འབད་བ་ཅིན་ གཞུང་གིས་ དེ་བཟུམ་གྱི་ གོང་ཚད་ཡར་སེང་འབད་བའི་སྐབས་ལུ་ རྒྱ་གཞུང་ལུ་ གསོལ་བཏབ་ཐོག་ལས་ གོང་ཚད་མར་ཕབ་ཐོག་ལུ་ར་ གནང་དགོཔ་སྦེ་ ཞུ་བ་ཕུལ་ནི་ཡོད་ཟེར་ཨིན་པས།
དེ་མ་ཚད་ ཁོ་གིས་ གནས་སྐབས་ཀྱི་གཞུང་ལུ་ གནད་དོན་དེ་གི་སྐོར་ལས་ ཞུ་ལྟ་ཡི་ཟེར་ཨིནམ་ད་ རྒྱ་གཞུང་གིས་ དེ་བཟུམ་གྱི་གོང་ཚད་ཡར་སེང་འབད་ནི་ཡོད་རུང་ འབྲུག་གཞུང་གི་ཁ་ཐུག་ལས་ ཨ་རྟག་ར་ ཁོང་ལུ་ གོང་ཚད་མར་ཕབ་གནང་དགོ་པའི་སྐོར་ལས་ ཞུ་བ་ཕུལ་ཏེ་ རྒྱལ་ཁབ་ནང་ གོང་ཚད་དེ་ མར་ཕབ་ཐོག་ལས་ར་ ཐོབ་སྟེ་ཡོད་ཟེར་ཨིན་པས།
མི་སེར་ཚུ་ལུ་ སླབ་མིའི་ནང་ གནས་སྐབས་གཞུང་གིས་འབད་རུང་ ད་ལྟོ་ གནད་དོན་དེ་གི་སྐོར་ལས་ རྒྱ་གཞུང་ལུ་ གོང་ཚད་མར་ཕབ་ཀྱི་ཞུ་བ་ཚུ་ ཕུལ་བའི་བསྒང་འདུག་ཟེར་ཨིནམ་ད་ དེ་ཡང་ རྒྱ་གཞུང་ལུ་ཡོད་པའི་ འབྲུག་གི་སྐུ་ཚབ་དང་ ཕྱི་འབྲེལ་འགོ་དཔོན་ཚུ་གིས་ རྒྱ་གཞུང་དང་གཅིག་ཁར་ གནད་དོན་དེ་གི་སྐོར་ལས་ ཞུ་བ་ཕུལ་དགོཔ་སྦེ་ སླབ་སྟེ་ཡོད་ཟེར་ཨིན་པས།
ད་ལས་ཕར་ སྤྱིར་བཏང་བཙག་འཐུ་དེ་ ཟླཝ་ངོ་༡ དེ་ཅིག་ཡོདཔ་ལས་ གལ་སྲིད་ གཞུང་སྐྱོང་དེ་ འབྲུག་ཕུན་སུམ་ཚོགས་པ་གིས་བཙག་འཐུ་འགྲུབ་ཚུགས་པ་ཅིན་ གོང་ཚད་ཀྱི་སྐོར་ལས་ རྒྱ་གཞུང་དང་གཅིག་ཁར་ གྲོས་བསྟུན་འབད་ཞིནམ་ལས་ གོང་ཚད་དེ་ ཨ་རྟག་བཟུམ་སྦེ་ར་ གནས་བཅུག་འོང་ཟེར་ཨིན་པས།
དེ་བཟུམ་གྱི་ གོང་ཚད་ཡར་སེང་འབད་དགོ་མི་དེ་ཡང་ ད་རེས་ནངས་པ་ རྒྱ་གར་ལུ་ དཔལ་འབྱོར་གྱི་ གནས་སྟངས་མར་ཉམས་འགྱོ་མི་ལུ་བརྟེན་ཏེ་ ཨིན་མས་ཟེར་ཨིན་པས།
དེ་བཟུམ་གྱི་ གོང་ཚད་ཡར་སེང་འབད་བའི་ དཀའ་ངལ་དེ་ ད་རེས་རྐྱངམ་གཅིག་མེན་པར་ འཕྲལ་འཕྲལ་ར་ འབྱུང་ནི་ཡོད་ཟེར་ཨིནམ་ད་ དེ་ཡང་ ས་སྣུམ་པེ་ཊཱོལ་གྱི་ གོང་ཚད་ཡར་སེང་འབད་ནི་ལས་ འགོ་བཙུགས་ཏེ་ཡོད་ཟེར་ཨིན་པས།
གནད་དོན་དེ་ ག་དེ་སྦེ་ཨིན་རུང་ ད་རེས་ནངས་པ་ མེ་རླུང་གེསི་ཀྱི་ གོང་ཚད་ཡར་སེང་སོང་མི་ལུ་བརྟེན་ མི་སེར་ཚུ་ སེམས་མ་དགའ་བར་ཡོདཔ་ད་ དེ་ཡང་ གོང་ཚད་ལོག་ལྟབ་ཀྱིས་ སེང་ཡོདཔ་ལས་ མི་སེར་ཚུ་ལུ་འབད་རུང་ གློ་བུར་དུ་ དེ་བཟུམ་གྱི་ གོང་ཚད་ཡར་སེང་འབད་མི་དེ་གིས་ སྟབས་མ་བདེཝ་སྦོམ་འཐོན་ནི་ཨིནམ་ལས་ ཚ་གྱང་ལང་བའི་ གཞི་གནད་ཅིག་ཨིན་མས་ཟེར་ ཨིན་པའི་གནས་ཚུལ།

མོང་སྒར་ལས་ བདེ་ཆེན་ཚེ་རིང་།

No comments:

Post a Comment