གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

རྒྱ་གར་གྱི་ གཞུང་ཚབ་དང་གཅིག་ཁར་ དྲི་བ་དྲིས་ལན།

༡༦/༧/༢༠༡༣   ༉ ཁ་ཙ་ ཀུན་གསལ་གྱིས་ རྒྱ་གར་གྱི་གཞུང་ཚབ་ བི་པི་ ཧ་རཱན་དང་གཅིག་ཁར་ དྲི་བ་དྲིས་ལན་འབད་བའི་སྐབས་ལུ་ སླབ་མི་དང་འཁྲིལཝ་ད་ གཞུང་སྐྱོང་གི་གོ་སྐབས་དེ་ མི་སེར་དམངས་གཙོ་ཚོགས་པ་མེན་པར་ འབྲུག་ཕུན་སུམ་ཚོགས་པ་གིས་ ཐོབ་སྟེ་འབད་རུང་ རྒྱ་གར་གྱི་གྲོགས་རམ་དེ་ ཅོག་འཐདཔ་སྦེ་ར་ སྡོད་འོང་ཟེར་ཨིན་པས།
འབྲུག་ལུ་ རྒྱ་གར་གྱི་གཞུང་ཚབ་ བི་པི་ ཧ་རཱན།


ཨིན་རུང་ སྤྱིར་བཏང་བཙག་འཐུའི་ ཚོགས་རྒྱན་གྱི་ཉིནམ་ མ་རན་པའི་ཧེ་མར་ གཞུང་ཚབ་དང་གཅིག་ཁར་ མི་མང་གི་དོགས་པ་ སེལ་ཐབས་ལུ་ དྲི་བ་དྲིས་ལན་གྱི་ གོ་སྐབས་ཞུཝ་ད་ ཐོབ་མ་ཚུགས།
གཞུང་ཚབ་ཀྱིས་འབད་བ་ཅིན་ རྒྱ་འབྲུག་༢ ཀྱི་ མཐུན་ལམ་དང་འབྲེལ་བའི་ལོ་རྒྱུས་ཚུ་དང་ གནས་སྟངས་ཚུ་གི་སྐོར་ལས་ རྒྱ་གར་གྱི་ གནས་ཚུལ་གསར་ཤོག་ནང་ ཁ་གསལ་འབད་ཡོདཔ་ཨིན་རུང་ ལོ་རྒྱུས་མ་འདྲཝ་ཚུ་ ཐོན་མི་ལུ་བརྟེན་ བཙག་འཐུ་མཇུག་མ་བསྡུ་ཚུན་ ག་ནི་ཡང་མ་སླབ་པར་ སྡོད་ཅི་ཟེར་ བཤདཔ་ཨིན་པས།
ད་རིས་ གཞུང་ཚབ་ཀྱིས་ དོགས་སེལ་ལེ་ཤ་འབད་ཡོདཔ་ད་ དེ་ཡང་ རྒྱ་གར་གཞུང་གིས་ ནང་ཁྲལ་ལོག་འཐོབ་ནི་ཡོད་མི་དེ་ཡང་ རྒྱ་གར་གྱིས་ བཤོལ་བཞག་འབད་ནི་ཨིན་མས་ཟེར་བའི་ འཐོར་གཏམ་ཚུ་ཡང་ མ་བདེན་པའི་ཁར་ ཆུ་ཁ་གི་ གློག་རིན་དེ་ཡང་ གློག་ཤུགས་ཡུ་ནིཊི་རེ་ལུ་ རུ་པི་༢ པོ་དེ་ འགན་ཡིག་ནང་བཀོད་ཡོད་པའི་ རིན་གོང་ཨིནམ་ལས་ བསྒྱུར་བ་འབད་ནི་མེདཔ་མ་ཚད་ ཕབ་ཆའི་གནས་སྟངས་དེ་ རྒྱ་གར་ནང་འཁོད་ཀྱི་ ལོ་རྒྱུས་ཨིནམ་ལས་ འབྲུག་གི་འོང་འབབ་ལུ་ ཐོ་ཕོག་དགོ་པའི་གནད་དོན་མེན་ཟེར་ཨིན་པས།
མེ་རླུང་གེསི་རྒྱ་རྫི་དང་ ས་མར་ཁུའི་ གོང་ཚད་ཕབ་ཆ་མེདཔ་སྦེ་ བཟོ་མི་དེ་ཡང་ བཙག་འཐུའི་དུས་ཚོད་ཁར་ ཕོག་ཡོདཔ་མ་གཏོགས་ རྒྱ་གར་གྱིས་ འབྲུག་གི་བཙག་འཐུ་ནང་ ལགཔ་རྐྱབ་ནིའི་དམིགས་གཏད་བསྐྱེད་དེ་ འབད་འབདཝ་མེན་ཟེར་ཨིནམ་ད་ གཙོ་བོ་ར་ཕབ་ཆ་ནང་ བྱ་སྟབས་མ་བདེ་བའི་ གནད་དོན་ཡོད་མི་ཚུ་བསལ་ཞིནམ་ལས་ དེ་འཕྲོ་ལས་ གཞུང་གསརཔ་དང་གཅིག་ཁར་ ག་དེ་མགྱོགས་མགྱོགས་ ལོག་རྒྱབ་སྐྱོར་འབད་ནི་གི་དོན་ལུ་ ལཱ་ཚུ་འབད་བའི་བསྒང་ཡོད་ཟེར་ཨིན་པས།
གཞན་ཡང་ འབྲུག་ཕུན་སུམ་ཚོགས་པ་དང་ རྒྱ་གཞུང་གི་བར་ན་ མཐུན་ལམ་ལེགས་ཤོམ་མེདཔ་ལས་ ལོ་༥ འི་འཆར་གཞི་༡༡ པའི་མ་དངུལ་ཡང་ མ་ཐོབ་ཟེར་མིའི་ཐད་ཁར་ གཞུང་ཚབ་ཀྱིས་འབད་བ་ཅིན་ འབྲུག་གི་འཆར་གཞི་༡༡ པ་དེ་ ད་ལྟོ་ ཆ་འཇོག་མ་འབད་བར་ཡོདཔ་ལས་ མ་དངུལ་གྱི་ རྒྱབ་སྐྱོར་དེ་ཡང་ མཐའ་བཅད་མ་འབད་ཟེར་ཨིན་པས།
གཞུང་གསརཔ་གིས་ འཆར་གཞི་༡༡ པ་ ཆ་འཇོག་འབད་ཞིནམ་ལས་རྐྱངམ་གཅིག་ རྒྱ་འབྲུག་༢ ཀྱིས་ མ་དངུལ་གྱི་ རྒྱབ་སྐྱོར་སྐོར་ལས་ གསུང་གྲོས་གནང་སྟེ་ མཐའ་བཅད་འབད་འོང་ཟེར་ཨིན་པས།
ཨིན་རུང་ དེ་ཚུ་བཙག་འཐུའི་ ཚོགས་རྒྱན་མ་བཙུགས་པའི་ཧེ་མར་ རྒྱ་གར་གཞུང་གིས་ འབྲུག་མི་ཚུ་ལུ་ དོགས་སེལ་མ་འབད་བར་ བཙག་འཐུ་མཇུག་བསྡུཝ་ད་རྐྱངམ་གཅིག་ དོགས་སེལ་འབད་མི་དེ་ལུ་ འབྲུག་མི་ལེ་ཤ་ཅིག་གི་ དོགས་པ་སེལ་མ་ཚུགས་མི་དེ་ཡང་ རྒྱ་གར་གྱིས་ འབྲུག་གི་སྲིད་དོན་ནང་ ལགཔ་མ་རྐྱབ་པ་ཅིན་ ཚོགས་རྒྱན་མ་བཙུགས་པའི་ཧེ་མར་ ད་ལྟོ་ དོགས་སེལ་འབད་མི་ཚུ་ དེ་བསྒང་ལས་ར་ འབད་འབདཝ་འོང་ཟེར་ཨིན་པས།
འབྲུག་ཕུན་སུམ་ཚོགས་པ་གིས་ རྒྱ་ནག་དང་གཅིག་ཁར་ མཐུན་ལམ་འགོ་བཙུགས་མི་ལུ་ རྒྱ་གར་གྱིས་ ཕུན་སུམ་ཚོགས་པ་ལུ་ མ་དགའཝ་བསྐྱེད་མི་དེ་ བདེན་ག་ཟེར་ དྲི་མིའི་ལན་ལུ་ གནད་དོན་དེ་ཚུ་གིས་ རྒྱ་འབྲུག་༢ ཀྱི་བར་ན་ དོགས་སེལ་འབདཝ་ལས་ སྲིད་འབྲེལ་གྱི་བཙག་འཐུ་ནང་ ལོ་རྒྱུས་ཐོན་དགོཔ་མེད་ཟེར་ཨིན་པས།
ཨིན་རུང་ ཁོ་གིས་འབད་བ་ཅིན་ རྒྱ་གར་དང་ འབྲུག་ཕུན་སུམ་ཚོགས་པའི་བར་ན་ མཐུན་ལམ་ལོགས་ཤོམ་དགོཔ་མ་ཚད་ གལ་སྲིད་ ཕུན་སུམ་ཚོགས་པའི་གཞུང་ ལོག་འོང་སྟེ་འབད་རུང་ རྒྱ་གར་གྱིས་ ཧེ་མ་བཟུམ་སྦེ་ར་ གྲོགས་རམ་འབད་འོང་ཟེར་ སླབ་པའི་ཁར་ བཙག་འཐུ་དེ་ འབྲུག་མི་ཚུ་གི་ལག་པར་ཨིནམ་ལས་ རྒྱ་གར་གྱིས་ བར་འཛུལ་འབད་དགོཔ་མེད་ཟེར་ བཤད་པའི་གནས་ཚུལ།

བསམ་གཏན་ཡེ་ཤེས།

No comments:

Post a Comment