གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

སྦྱོང་བརྡར་འཕྲོ་མཐུད་འབད་ནིའི་དོན་ལུ་ ན་གཞོན་༣༠ དེ་ཅིག་ལུ་ ལག་ཁྱེར་བྱིན་ཡོདཔ།

༡༦/༧/༢༠༡༣   ༉ འབྲུག་ཊེ་བཱལ་ཊེ་ནིསི་ཚོགས་པ་གིས་ ན་གཞོན་བུཚ་དང་བུམོ་བསྡོམས་༣༠ དེ་ཅིག་ལུ་ སློབ་སྟོན་དང་ སྦྱོང་བརྡར་འཕྲོ་མཐུད་བྱིན་ནིའི་དོན་ལུ་ ལས་རྟགས་ཚུ་བྱིན་ཡོདཔ་ལས་ ན་གཞོན་ཚུ་ སེམས་དགའ་ཡོདཔ་ཨིན་པས།
རྩེད་འགྲེན་པ་ བུམོ་ཅིག་གིས་ ངོ་སྦྱོར་ལག་ཁྱེར་ལེན་པའི་བསྒང་།


དེ་ཡང་ གནམ་བྱཱར་སློབ་ཕྲུག་ཚུ་གི་ ངལ་གསོའི་སྐབས་ལུ་ འགོ་འདྲེན་འཐབ་མི་ ཊེ་བཱལ་ཊེ་ནིསི་སྦྱོང་བརྡར་ལས་རིམ་དེ་ ཁ་ཙ་ མཇུག་བསྡུ་ཡོདཔ་ད་ སྦྱོང་བརྡར་ལས་རིམ་དེ་ སྤྱི་ཟླ་༧ པའི་ཚེས་༡ ལས་འགོ་བཙུགས་མིའི་ནང་ སློབ་གྲྭ་ཁག་གི་ བློ་གསར་སློབ་རིམ་ལས་ སློབ་རིམ་༡༠ པ་ཚུན་ བསྡོམས་ཀྱིས་ སློབ་ཕྲུག་༥༢ ཀྱིས་ བཅའ་མར་གཏོགས་ཡོདཔ་ཨིན་པས།
སྐྱེས་ལོ་༡༢ ལང་མི་ ལས་སྐྱིད་རྡོ་རྗེ་གིས་ སླབ་མི་དང་འཁྲིལཝ་ད་ སྤྱི་ལོ་༢༠༠༦ ལས་འགོ་བཙུགས་ ལོ་བསྟར་བཞིན་དུ་ སྦྱོང་བརྡར་ལས་རིམ་ནང་ བཅའ་མར་གཏོགས་རུང་ ད་རིས་ལས་བརྒལ་ འཕྲོ་མཐུད་སྦྱོང་བརྡར་འབད་ནིའི་དོན་ལུ་ ལས་རྟགས་ཐོབ་མ་ཚུགས་ཟེར་ཨིནམ་ད་ ད་ལས་ཕར་ སློབ་གྲྭའི་སློབ་སྟོན་མཇུག་བསྡུཝ་ཅིག་ སྦྱོང་བརྡར་ནང་ སྤྲོ་བ་དང་ བརྩོན་ཤུགས་སྦོམ་བསྐྱེད་དེ་ ལྷབ་སྦྱང་འབད་ནི་ཟེར་ཨིན་པས།
ལྕང་སྒང་ཁ་འབྲིང་རིམ་སློབ་གྲྭ་བར་མའི་སློབ་རིམ་༡༠ པའི་སློབ་ཕྲུག་ བསོད་ནམས་གཡང་སྐྱིད་ཀྱིས་འབད་བ་ཅིན་ སྤྱི་ལོ་༢༠༠༥ ལས་ར་ སྦྱོང་བརྡར་ལས་རིམ་ནང་ འབྲེལ་གཏོགས་འབད་ཡོདཔ་བཞིན་དུ་ རྩེད་ཐང་དང་ ལྕོགས་གྲུབ་དང་ རིག་རྩལ་ དེ་ལས་ ཉམས་མྱོང་ཚུ་ གསརཔ་འཛུལ་ཞུགས་འབད་མི་དང་ཕྱདཔ་ད་ ལེ་ཤ་གིས་ ཡར་དྲག་སོང་ཡོད་ཟེར་ཨིན་པས།
སྤྱིར་བཏང་ འབྲུག་ཊེ་བཱལ་ཊེ་ནིསི་ཚོགས་པ་གིས་ འབྲུག་པའི་ན་གཞོན་ བུམོ་ཚུ་ལུ་ ཕྱི་རྒྱལ་གྱི་བུམོ་ཚུ་དང་ འགྲན་བསྡུར་འབད་ནིའི་གོ་སྐབས་བྱིན་པ་ཅིན་ འབྲུག་པའི་ན་གཞོན་བུམོ་ཚུ་གིས་ཡང་ དོ་འགྲན་ནང་ བཅའ་མར་གཏོགས་ཚུགས་པའི་ འོས་འབབ་ཡོད་མེད་ ཤེས་ཚུགས་པའི་ཁར་ ཕྱི་རྒྱལ་གྱི་ རྩེད་འགྲན་འབད་མི་ན་གཞོན་བུམོ་ཚུ་ལུ་ལྟ་སྟེ་ རིག་རྩལ་དང་ ཡོན་ཏན་ དེ་ལས་ བློ་སྤོབས་འཐོབ་ནི་ལུ་ ཁེ་ཕན་སྦོམ་ཡོདཔ་ཟེར་ བསོད་ནམས་གཡང་སྐྱིད་ཀྱིས་ སླབ་ཨིན་པས།
སློབ་རིམ་༡༠ པའི་ སློབ་ཕྲུག་བུམོ་ཅིག་གིས་འབད་བ་ཅིན་ དུས་ཅི་འགོ་ཐོག་བཅའ་མར་གཏོགས་པའི་སྐབས་ལུ་ ཉམས་མྱོང་དང་ ཡོན་ཏན་སྦོམ་ཐོབ་ཡོདཔ་མ་ཚད་ གཟུགས་སྟོབས་སྒྲིང་སྒྲིང་བཞག་ནི་ལུ་ ཁེ་ཕན་བྱུང་རུང་ འབྲུག་རྒྱལ་ཁབ་ནང་ ད་ཚུན་ལུ་ ཨམ་སྲུའི་ རྒྱལ་ཡོངས་རྩེད་འགྲན་འབད་མི་མེདཔ་ལས་ འབྲེལ་གཏོགས་འབད་རུང་ མ་འོངས་པའི་ནང་ ལྷན་ཐབས་མེདཔ་ལས་ སེམས་ཕམ་མས་ཟེར་ཨིན་པས།
འགོ་འདྲེན་འཐབ་མི་ འབྲུག་ཊེ་བཱལ་ཊེ་ནིསི་ཚོགས་པའི་ སློབ་སྟོན་པ་ དགྲ་ལྷ་འཕྲིན་ལས་ཀྱིས་ སླབ་མི་དང་འཁྲིལཝ་ད་ གནམ་བྱཱར་སློབ་གྲྭའི་ངལ་གསོའི་རིང་ འགོ་འདྲེན་འཐབ་དགོ་པའི་ དམིགས་ཡུལ་གཙོ་བོ་ར་ སློབ་ཕྲུག་ཚུ་ དུས་ཚོད་ལེགས་ཤོམ་སྦེ་ ལག་ལེན་འཐབ་བཅུག་ནི་དང་ ན་གཞོན་ཚུ་གི་ རིག་རྩལ་དང་ ལྕོགས་གྲུབ་གཏོན་ནིའི་གོ་སྐབས་ དེ་ལས་ ཚོགས་པ་ལུ་ རྒྱལ་ཡོངས་རྩེད་འགྲན་པ་སྦེ་ གདམ་འཐུ་འབད་ཚུགས་ནིའི་དོན་ལུ་ ཨིན་ཟེར་ཨིན་པས།
ད་ཚུན་ རྒྱལ་ཁབ་ནང་ ཨམ་སྲུའི་ཁ་ཐུག་ལས་ རྒྱལ་ཡོངས་རྩེད་འགྲན་པ་སྦེ་ གདམ་འཐུ་འབད་དེ་མེད་རུང་ ད་ལས་ཕར་ རྒྱལ་ཡོངས་ཨམ་སྲུ་རྩེད་འགྲན་པ་ བཙག་འཐུ་འབད་ནིའི་འཆར་གཞི་ཡོདཔ་ལས་ གོ་སྐབས་དེ་ རིག་རྩལ་ཅན་དང་ ལྕོགས་གྲུབ་ཅན་ལུ་ གོ་སྐབས་བྱིན་ནི་ཟེར་ཨིན་པས།
སྤྱི་ཟླ་༧ པའི་ཚེས་༢༠ ལས་༢༣ ཚུན་ རྒྱ་གར་ནིའུ་ལྡི་ལི་ལུ་ འགོ་འདྲེན་འཐབ་ནི་ཨིན་མི་ ལྷོ་ཨེ་ཤེ་ཡེན་ ཊེ་བཱལ་ཊེ་ནིསི་འགྲན་བསྡུར་ནང་ རྒྱལ་ཡོངས་བུཚ་སྡེ་ཚན་ཚུ་ འགྱོ་ནི་ཨིན་པའི་གནས་ཚུལ།

བཀྲིས་ཕུན་ཚོགས།

No comments:

Post a Comment