གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

མགྲོན་འབྲེལ་གན་འཛིན་ཆིངས་ཡིག་ ཆ་འཇོག་གྲུབ་ཡོདཔ།

༢༦/༢/༢༠༡༣   ༉ བརྡ་དོན་དང་བརྒྱུད་འབྲེལ་བློན་པོ་ ནཱན་ད་ལཱལ་ རའེ་གིས་ འགུལ་ཅན་མཁོ་ཆས་་དང་འབྲེལ་བའི་ རྒྱལ་སྤྱིའི་མཐུན་གྲོས་ནང་ བཅའ་མར་གཏོགས་དགོ་པའི་ཁུངས་དེ་ ཡར་རྒྱས་འགྱོ་བའི་བསྒང་ཡོད་མི་ འབྲུག་རྒྱལ་ཁབ་བཟུམ་ནང་ གནམ་གྲུ་ལག་ལེན་འཐབ་ད་ རྒྱལ་ཁབ་ནང་ མ་དངུལ་ལངམ་མེད་པ་ཅིན་ རྒྱལ་སྤྱིའི་རྒྱབ་སྐྱོར་ཐོག་ལས་ མཁོ་སྒྲུབ་འབད་ཚུགས་པའི་ འོས་འབབ་ཡོད་ཟེར་ ཁ་ཙ་ ཚོགས་དམངས་ལུ་ཞུ་ཡི།


སྒེར་སྡེ་ཚུ་གིས་ གནམ་གྲུ་མཁོ་སྒྲུབ་འབད་ནིའི་ རེ་འདོད་ཡོད་པ་ཅིན་ གཞུང་གིས་ མ་དངུལ་གྱི་ རྒྱབ་སྐྱོར་འབད་མ་ཚུགས་རུང་ རྒྱལ་སྤྱིའི་མཐུན་གྲོས་ཀྱི་ འཐུས་མི་སྦེ་ འཛུལ་ཞུགས་འབད་བ་ཅིན་ རྒྱབ་སྐྱོར་འཐོབ་ཚུགས་ཟེར་ཞུ་ཡི།
རྒྱལ་སྤྱིའི་མཐུན་གྲོས་ནང་ བཅའ་མར་གཏོགས་དགོ་པ་ཅིན་ འགོ་དང་པ་ ཟླཝ་༣ གྱི་སྔོན་མ་ ཚོགས་ཁང་གིས་ ཆ་འཇོག་འགྲུབ་དགོཔ་ད་ དེ་གི་ཤུལ་ལས་ མཚན་རྟགས་བཀོད་དེ་ ཚོགས་པ་ནང་ འཛུལ་ཞུགས་འབད་ཆོགཔ་ཨིན་པས།
འཐུས་མིའི་གྲངས་སུ་ བཅའ་མར་གཏོགས་པའི་ཤུལ་ལས་ རྒྱལ་ཁབ་ལུ་ གྲོགས་རམ་དང་ རྒྱབ་སྐྱོར་གཞན་ ག་ཅི་ར་དགོ་རུང་ འཐོབ་ཚུགས་ནི་ཨིནམ་མ་ཚད་ རྒྱལ་ཁབ་ཀྱི་ རང་དབང་རང་བཙན་དང་ མིང་གཏམ་ལེགས་ཤོམ་འཐོབ་ནིའི་ གོ་སྐབས་ཡང་ཡོད་ཟེར་ བརྒྱུད་འབྲེལ་བློན་པོ་གིས་ ཚོགས་དམངས་ལུ་ཞུ་ཡི།
ཁ་ཙ་ མགྲོན་འབྲེལ་གན་འཛིན་གུ་ ལེའུ་༡ པ་ལས་ ལེའུ་༦ པ་ཚུན་ དོན་ཚན་༣༧ གུ་ གསུང་གྲོས་གནང་པའི་ཤུལ་ལས་ གསོ་བའི་བློན་པོ་ བཟང་ལེགས་འབྲུག་པ་གིས་ འབྲུག་གིས་ འཐུས་མི་སྦེ་ འཛུལ་ཞུགས་འབད་བའི་སྐབས་ ཆིངས་ཡིག་གུ་ མཚན་རྟགས་བཀོད་ནིའི་དོན་ལུ་ ལྷན་རྒྱས་གཞུང་ཚོགས་ནང་ གསུང་གྲོས་བྱུང་ཡི་ཟེར་ཞུ་ཡི།
ཆིངས་ཡིག་གུ་ མཚན་རྟགས་དང་ ཆ་འཇོག་མ་གྲུབ་པའི་ཧེ་མར་ དོན་ཚན་ཚུ་ འབྲུག་གི་ ཁྲིམས་ལུགས་གཞན་ཚུ་ ལེགས་ཤོམ་སྦེ་ འབྲེལ་མཐུན་གནང་དགོཔ་ གལ་ཆེ་མི་དེ་ཡང་ ཤུལ་ལས་ བྱ་སྟབས་མ་བདེཝ་ཚུ་ འཐོན་མི་བཅུག་ནིའི་དོན་ལུ་ འབྲུག་མི་ག་ར་གིས་ ཧ་གོ་དགོ་པའི་ཁར་ ལག་ལེན་འཐབ་ད་ལུ་ རྩ་ཁྲིམས་དང་རྟགས་མཐུནམ་སྦེ་ བཟོ་དགོཔ་འདུག་ཟེར་བའི་ བསམ་འཆར་ཕུལ་ཡི།
མགར་སའི་འཐུས་མི་ དམ་ཆོས་རྡོ་རྗེ་གིས་ རྒྱལ་སྤྱིའི་མཐུན་གྲོས་ཀྱི་ ཆིངས་ཡིག་ནང་ དངམ་ཅིག་ལུ་ ཧ་གོ་དགོ་མི་དེ་ ཆིངས་ཡིག་ཆ་མཉམ་ར་ ང་བཅས་ཀྱིས་ བསྒྱུར་བཅོས་འབད་མ་ཆོགཔ་བཟུམ་ཚོར་མི་དེ་ མེན་ཟེར་ཨིནམ་ད་ དེ་ཡང་ ཆིངས་ཡིག་གི་ དོན་ཚན་དང་འཁྲིལ་ འཐུས་མི་སྦེ་ འཛུལ་ཆོགཔ་དང་ ཆིངས་ཡིག་ལ་ལུ་ཅིག་གི་དོན་ཚན་ཚུ་ རྒྱལ་ཁབ་ཀྱི་སྟབས་བདེ་སྡུག་དང་ སྲིད་བྱུས་ དེ་ལས་ ཁྲིམས་ལུགས་ཚུ་དང་འཁྲིལ་ འཛུལ་ཆོག་པའི་ ལམ་ལུགས་ཡོད་ཟེར་ཞུ་ཡི།
དེ་བཟུམ་སྦེ་ རྒྱལ་ཁབ་ཀྱི་ ཁྲིམས་གཙོ་བོ་དེ་ རྩ་ཁྲིམས་ཨིནམ་ལས་ ཆིངས་ཡིག་དེ་ རྩ་ཁྲིམས་དང་འཁྲིལ་དགོ་ནི་དང་ དེ་གི་འོག་ལས་ རྒྱལ་ཁབ་ཀྱི་ རྒྱལ་སྤྱིའི་ཁྲིམས་ལུགས་ཅིག་འབད་རུང་ ཆིངས་ཡིག་གཞན་ཚུ་ལུ་ གཙོ་བོ་བཏོན་ནི་ གསུམ་པ་ རྒྱལ་ཁབ་ནང་འཁོད་ཀྱི་ ཁྲིམས་ལུགས་ཚུ་ བརྩི་འཇོག་འབདཝ་ཨིན་ཟེར་ཞུ་ཡི།
ཚོགས་དཔོན་གྱིས་ རྒྱབ་སྣོན་གྱི་དོན་ལུ་ རྒྱལ་སྤྱིའི་མཐུན་གྲོས་ཆིངས་ཡིག་དེ་ འཐུས་མི་ག་ར་གིས་ ཕྱག་སེང་ཐོག་ལས་ ཆ་འཇོག་གྲུབ་གནང་ཡོད་པའི་གནས་ཚུལ།

བཀྲིས་ཕུན་ཚོགས།

No comments:

Post a Comment