གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

རྩོམ་སྒྲིག་པའི་སྣང་འཆར།

འཕྲུལ་རིག་གོང་འཕེལ་མ་འགྱོ་བའི་ རྟགས་མཚན་ཨིན་ན? ༉ འབྲུག་འདི་ དེང་སང་གོང་འཕེལ་གྱི་ ལམ་ཕྱོགས་ལུ་ཞུགས་མི་ རྒྱལ་ཁབ་ཕྱིས་ཤོས་ཅིག་ཨིན་རུང་ དུས་ཡུན་ལོ་ངོ་བཅུ་ཕྲག་༤ དེ་ཅིག་གི་ ནང་འཁོད་ལུ་ མི་སྡེ་དཔལ་འབྱོར་དང་ འཕྲུལ་རིག་ཡར་རྒྱས་གོང་འཕེལ་མགྱོགས་དྲགས་སྦེ་ འགྱོ་མི་ལུ་ ཧ་ལས་དགོཔ་ཅིག་ཨིན་མས།


ཕྱིའི་རྒྱལ་ཁབ་ཚུ་གིས་ཡང་ འབྲུག་གི་གོང་འཕེལ་མགྱོགས་འགྲོས་ལུ་བལྟ་སྟེ་ ཡིད་ཆེས་ངལ་རངས་དང་གཅིག་ཁར་ ལེགས་བསྟོད་འབདཝ་ལས་ དཔའ་ཉམས་བསྐྱེད་དགོཔ་ཅིག་ཡང་ཨིན་མས།
འདི་འབདཝ་ད་ སྤྱི་ཚོགས་དང་པའི་ཚོགས་ཐེངས་༡༠ པའི་སྐབས་ རྒྱལ་ཡོངས་ཚོགས་འདུ་གིས་ སྤྱི་ཟླ་༢ པའི་ཚེས་༡༨ ལུ་ འབྲུག་གི་གདམ་ཁ་ཅན་གྱི་ འཁོན་འདུམ་དཔྱད་ཡིག་ སྤྱི་ལོ་༢༠༡༣ ཅན་མའི་ ལྷག་ཐེངས་༣ པའི་ གསུང་གྲོས་གནང་པའི་སྐབས་ གློག་/སྒྲ་ཆས་ མ་ཡེཀ་ལན་ཐེངས་གཉིས་མེདཔ་ཤོར་མི་ལུ་བརྟེན་ གསུང་གྲོས་མཚམས་འཇོག་འབད་དགོཔ་བྱུང་ནུག།
ད་རུང་ ཉིན་གྲངས་༤ གི་རྒྱབ་ལས་ ཁ་ཙ་ ཐིམ་ཕུ་ལྕང་གླིང་མི་ཐང་ནང་ མི་དབང་མངའ་བདག་རིན་པོ་ཆེ་མཆོག་གི་ འཁྲུངས་སྐར་དུས་ཆེན་བརྩི་སྲུང་ནང་ སྐུ་མགྲོན་གཙོ་བོ་ བློན་ཆེན་མཆོག་གིས་ གསུང་བཤད་གནང་པའི་སྐབས་ལུ་ཡང་ མ་ཡེཀ་ལེགས་ཤོམ་སྦེ་ ལཱ་འབད་མ་བཏུབ་མི་ལུ་བརྟེན་ མང་ཤོས་ཅིག་གིས་ར་ གསུང་བཤད་ཀྱི་ གནད་དོན་ཚུ་ ཧ་གོ་མ་ཚུགས་པའི་ མངོན་གསལ་བྱུང་ཡི།
འདི་བཟུམ་མའི་ འཕྲུལ་ཆས་ཀྱི་ དཀའ་ངལ་བྱུང་མི་དེ་ མ་ཡེག་ལེགས་ཤོམ་མེད་པའི་ སྐྱོན་ཨིན་ན་ ཡང་ཅིན་ འཕྲུལ་ཆས་མགུ་རྙོགས་དྲགས་སྦེ་ཡོད་མི་ལུ་བརྟེན་ ལག་ལེན་འཐབ་མ་ཤེསཔ་ཨིན་ན? ཡང་ཅིན་ འཕྲུལ་ཆས་རྙིངམ་ཐལ་ནི་དེ་གིས་ཨིན་ན? འདི་བཟུམ་འཐུས་ཤོར་བྱུངམ་ད་ ག་ལུ་འགན་འཁྲི་ཕོག་ནི་ཨིན་ན?
དེང་སང་འཕྲུལ་རིག་གི་ དུས་རབས་ནང་ འདི་བཟུམ་མའི་ དཀའ་ངལ་བྱུང་མ་དགོཔ་ཅིག་ཨིནམ་ད་ ག་འཆརཔ་ཟེར་བ་ཅིན་ ད་རེས་ནངས་པ་ འཕྲུལ་ཆས་གཅིག་བ་གཅིག་དྲགཔ་སྦེ་ ཐོན་དོ་ཡོདཔ་ལས་ རྫུས་མ་མཁོ་སྒྲུབ་འབད་བ་ཅིན་རྐྱངམ་གཅིག་ ལཱ་འབད་མི་བཏུབ་འོང་ཟེར་མནོཝ་མས།
མ་ཡེཀ་གི་ དཀའ་ངལ་དེ་ དུས་ཅི་རྐྱངམ་གཅིག་མིན་པར་ སྤྱི་ལོ་༢༠༡༡ ཟླཝ་༡༢ པའི་ཚེས་༡༧ ལུ་ རྒྱལ་ཡོངས་དུས་ཆེན་བརྩི་སྲུང་ཞུ་བའི་སྐབས་ལུ་ཡང་ བྱུང་ཡོདཔ་ལས་ འབྲེལ་བ་ཅན་ཚུ་གིས་ འདས་པའི་ཉམས་མྱོང་ཚུ་ སེམས་ཁར་བཞག་སྟེ་ འཐུས་ཤོར་མེདཔ་ བཟོ་དགོཔ་འདི་ ག་ནི་བ་གལ་ཆེ།
དཀའ་ངལ་ཆུང་ཀུ་ཅིག་ལུ་བརྟེན་ ང་བཅས་རའི་ དགའ་སྟོན་དང་ དུས་སྟོན་ཚུ་ ག་དེ་སྦེ་ར་ མཐར་འཁྱོལ་བྱུང་རུང་ མཐའན་མཇུག་ལུ་ འཐུས་ཤོར་སྦོམ་བྱུང་པའི་གྲངས་སུ་ ཚུད་ནི་གིས་མ་ཚད་པར་ དེ་གིས་ འབྲུག་རྒྱལ་ཁབ་འདི་ འཕྲུལ་རིག་ནང་ ཡར་རྒྱས་མ་འགྱོ་བའི་གྲངས་སུ་ མཐོང་སྣང་འབྱུང་ནི་གི་ འོས་འབབ་ཡང་ཡོདཔ་ཨིན།
འདི་འབདཝ་ལས་ ད་ཚུན་གྱི་བར་ན་ འཐུས་ཤོར་བྱུང་མི་ཚུ་ ཤུལ་མའི་དོན་ལུ་ ལམ་སྟོན་ལེགས་ཤོམ་ཅིག་ཨིནམ་སྦེ་ ངོས་ལེན་འབད་ཐོག་ལས་ མ་ཡེཀ་དང་འབྲེལ་བའི་ དཀའ་ངལ་ཚུ་ ག་དེ་དྲག་དྲག་མེདཔ་ བཟོ་ནི་དང་ འཕྲུལ་ཆས་ཚུ་ཡང་ སྤུས་ཚད་དང་ལྡནམ་སྦེ་ མཁོ་སྒྲུབ་འབད་ཞིནམ་ལས་ གནད་དོན་འདི་ནང་ ཉམས་མྱོང་ཡོད་མི་དང་ ཁྱད་རིག་ཡོད་མི་ཚུ་ལུ་ ལག་ལེན་འཐབ་དགོ་ཟེར་ ཞུ་ནི་ཨིན།

No comments:

Post a Comment