གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

དམངས་རྩིས་ཚོགས་ཆུང་གི་ གྲུབ་འབྲས་ལུ་ངལ་རངས།

༢༡/༢/༢༠༡༣   ༉ ཁ་ཙ་ རྒྱལ་ཡོངས་ཚོགས་འདུ་ནང་ དམངས་རྩིས་ཚོགས་ཆུང་གིས་ སྤྱི་ལོ་༢༠༠༨ ལས་༢༠༡༠ ཚུན་གྱི་ རྩིས་ཞིབ་སྙན་ཞུ་ཕུལ་བའི་སྐབས་ གྲུབ་འབྲས་ཚུ་ ལེགས་ཐོན་བྱུང་ཡོད་པའི་ མངོན་གསལ་བྱུང་མི་ལུ་བརྟེན་ འཐུས་མི་ཚུ་གིས་ ཚོགས་ཆུང་ལུ་ བཀའ་དྲིན་དགའ་ཚོར་ཞུ་ཡི།


དེ་བསྒང་ དམངས་རྩིས་ཚོགས་ཆུང་གི་ཁྲི་འཛིན་ སྐྱེངས་མཁར་དང་ ཝེ་རིང་ལའི་འཐུས་མི་ བསོད་ནམས་དཔལ་འབྱོར་གྱིས་ སྤྱི་ལོ་༢༠༠༨ དང་༢༠༠༩ དེ་ལས་༢༠༡༠ གྱི་ གྲུབ་འབྲས་སྙན་ཞུ་དང་ རྩིས་ལོ་༢༠༡༠ དང་༢༠༡༡ གི་འཆར་དངུལ་ཚུ་ ཡོངས་རྫོགས་སྤྱོད་མ་ཚུགས་པར་ཡོད་པའི་སྙན་ཞུ་ ཚོགས་ཐེངས་༩ པའི་ རྩིས་ཞིབ་གྲོས་ཆོད་སྙན་ཞུ་དང་ དང་ལེན་བསྐྱར་ཞིབ་སྙན་ཞུ་ དེ་ལས་ རྒྱལ་གཞུང་རྩིས་ཞིབ་དབང་འཛིན་གྱིས་ ལས་སྡེའི་རྩིས་ཞིབ་སྙན་ཞུ་གསརཔ་༣ དེ་ཅིག་ གསརཔ་བཙུགས་མི་དང་ སྤྱི་ཚོགས་དང་པའི་ནང་ དམངས་རྩིས་ཚོགས་ཆུང་གི་ གྲུབ་འབྲས་བཏོན་ཡོད་མི་ སྙན་ཞུ་ཚུ་ཕུལ་ཡི།
སྤྱི་ལོ་༢༠༠༨ དང་༢༠༠༩ དེ་ལས་༢༠༡༠ གྱི་ གྲུ་འབྲས་བསྐྱར་ཞིབ་སྙན་ཞུ་ཚུ་ སྤྱི་ཚོགས་ཀྱི་ ཚོགས་ཐེངས་༩ པའི་ནང་ གསུང་གྲོས་གནང་ཡོདཔ་བཞིན་དུ་ སྤྱི་ཚོགས་ཀྱི་ཧོངས་ལས་ སྤྱིས་ལོ་༢༠༠༨ དང་༢༠༠༩ གི་ རྩིས་རྙོགས་ཚུ་ ག་དེ་དྲག་དྲག་བསལ་དགོཔ་སྦེ་ རྒྱལ་གཞུང་རྩིས་ཞིབ་དབང་འཛིན་ལུ་ གནང་སྟེ་ཡོད་ཟེར་ བསོད་ནམས་དཔལ་འབྱོར་གྱིས་ཞུ་ཡི།
ཁོ་གིས་ སྙན་ཞུ་ཕུལ་མི་དང་འཁྲིལཝ་ད་ སྤྱི་ལོ་༢༠༠༨ ཀྱི་རྩིས་རྙོགས་ དངུལ་ཀྲམ་ས་ཡ་༡༡ ལྷགཔ་ཅིག་ ཐོན་ས་ལས་ དངུལ་ཀྲམ་ས་ཡ་༡༠.༩ རྩིས་གྲུབ་བྱུང་ཡོདཔ་ད་ གྲུབ་འབྲས་དེ་ བརྒྱ་ཆ་༩༩ ཨིན་མས་ཟེར་ཞུ་ཡི།
སྤྱི་ལོ་༢༠༠༩ གི་ རྩིས་རྙོགས་དངུལ་ཀྲམ་ས་ས་ཡ་༨༡ ལྷགཔ་ཅིག་ཡོད་མི་ལས་ དངུལ་ཀྲམ་ས་༦༨ རྩིས་གྲུབ་བྱུང་མི་དང་འཁྲིལ་བ་ཅིན་ གྲུབ་འབྲས་བརྒྱ་ཆ་༨༤ ཨིནམ་ད་ སྤྱི་ལོ་༢༠༡༠ གྱི་ཐད་ལུ་ལྷོདཔ་ད་ དེ་གི་སྐོར་ལས་ ཚོགས་ཁང་ནང་ སྙན་ཞུ་ཕུལ་ཏེ་ ལོ་༡ ལས་མ་ལང་རུང་ རྩིས་རྙོགས་དངུལ་ཀྲམ་ས་ཡ་༤༡༥ ཡོད་ས་ལས་ ད་ལྟོ་ཚུན་ དངུལ་ཀྲམ་ས་ཡ་༡༥༠ རྩིས་གྲུབ་ཚར་མི་དེ་ ལེགས་ཤོས་ཅིག་ཨིནམ་མ་ཚད་ དེ་གི་དོན་ལུ་ ལཱ་ཚུ་འཕྲོ་མཐུད་དེ་འབད་བའི་བསྒང་ འདུག་ཟེར་ཞུ་ཡི།
དེ་བཟུམ་སྦེ་ རྩིས་ལོ་༢༠༡༠ དང་༢༠༡༡ གི་དོན་ལུ་ འཆར་དངུལ་ དངུལ་ཀྲམ་དུང་ཕྱུར་༡༦ ལྷགཔ་ཅིག་ གནང་བ་གྲོལ་ས་ལས་ དངུལ་ཀྲམ་དུང་ཕྱུར་༡༤.༧ དེ་ཅིག་ ལག་ལེན་འཐབ་ཚར་ཡོདཔ་ད་ འཆར་དངུལ་ལག་ལེན་འཐབ་མ་ཚུགས་པར་ ལུས་མི་ཚུ་ གནད་དོན་ག་ཅི་ལུ་བརྟེན་ཏེ་ཨིན་ན་ མི་སེར་ཚུ་གིས་ ཧ་གོ་དགོཔ་འདུག་ཟེར་ཞུ་ཡི།
དངུལ་ཀྲམ་དུང་ཕྱུར་༡.༥ དེ་ཅིག་ སྤྱོད་མ་ཚུགས་པར་ ལྷག་ལུས་ཡོདཔ་ད་ དེ་ལུ་ ཚོགས་ཆུང་གིས་ དབྱེ་ཞིབ་འབད་བའི་སྐབས་ ཕྱི་རྒྱལ་ལས་ གྲོགས་རམ་ཁས་བླངས་གནང་ཡོད་མི་ཚུ་ དུས་ཚོད་ཁར་ གནང་མ་ཚུགས་མི་ལུ་བརྟེན་ ཨིན་མས་ཟེར་ཞུ་ཡི།
ཨིན་རུང་ གྲོགས་རམ་མ་དངུལ་ཚུ་ ཤུལ་མའི་ འཆར་ལོའི་དོན་ལུ་ འཕྲོ་མཐུད་དེ་ གནང་ནུག་ཟེར་ཞུ་ཡི།
འདས་པའི་ཚོགས་ཐེངས་ནང་ རྒྱལ་ཡོངས་ཚོགས་འདུ་གིས་ གྲོས་ཆོད་དང་འཁྲིལ་ ཐིམ་ཕུ་ལྕང་ཇི་ཇི་གི་ གློག་བརྙན་ཁང་གི་གནད་དོན་དེ་ ཁྲིམས་འདུན་ལུ་ གཏང་དགོ་པའི་ བཀའ་སྐུལ་གནང་ཡོདཔ་ཨིན་རུང་ རྒྱལ་ཡོངས་ཚོགས་སྡེའི་བཀའ་རྒྱ་དང་འཁྲིལ་ ངན་ལྷན་བཀག་སྡོམ་ལྷན་ཚོགས་ཀྱིས་ དབྱེ་ཞིབ་འབད་དགོཔ་ ཐོན་མི་ལུ་བརྟེན་ ཁྲིམས་འདུན་ལུ་ བཏང་མ་ཚུགས་པས་ཟེར་ གསལ་ཞུ་འབད་ཡི།
ཨིན་རུང་ ད་རེས་ཁམས་ དམངས་གཙོའི་ཚོགས་ཆུང་ལུ་ ངན་ལྷད་བཀག་སྡོམ་ལྷན་ཚོགས་ལས་ གནད་དོན་དེ་ནང་ སྲིད་བྱུས་དང་འགལ་བའི་ ངན་ལྷད་ཀྱི་ ལཱ་བྱ་ཚུ་མེད་པའི་ སྙན་ཞུ་ཐོབ་ཅི་ཟེར་ཨིན་པས།
དེ་བཟུམ་སྦེ་ རྒྱལ་གཞུང་རྩིས་ཞིབ་དབང་འཛིན་གྱིས་ ལས་སྡེ་༣ ནང་ རྩིས་ཞིབ་འབད་ཡོད་པའི་ སྙན་ཞུ་གསརཔ་༣ ཐོབ་ཡོདཔ་ད་ དེ་ཡང་ འོང་འབབ་རྩིས་བཀོད་ཀྱི་ རིམ་ལུགས་ནང་ བརྡ་དོན་འཕྲུལ་རིག་རྩིས་ཞིབ་སྙན་ཞུ་དང་ གློག་ཤུགས་གློག་མེའི་རིམལུགས་ཀྱི་ རྩིས་ཞིབ་སྙན་ཞུ་ དེ་ལས་ འདེམས་ཁོངས་མ་དངུལ་གནང་བྱིན་གྱི་ རྩིས་ཞིབ་སྙན་ཞུ་ཚུ་ཨིན་པས།
བསོད་ནམས་དཔལ་འབྱོར་གྱིས་ ཞུ་མིའི་ནང་ སྙན་ཞུ་༣ ཆ་རང་ ད་རེས་ཁམས་མ་གཏོགས་ ཚོགས་ཆུང་ནང་ མ་ལྷོད་ནི་དེ་གིས་ བསྐྱར་ཞིབ་འབད་མ་ཚུགསཔ་མ་ཚད་ ལམ་ལུགས་དང་འཁྲིལ་རུང་ དེ་བཟུམ་མའི་སྙན་ཞུ་དེ་ གནམ་བྱཱར་གྱི་ཚོགས་ཐེངས་ནང་ ཕུལ་དགོཔ་ཨིནམ་ལས་ ཤུལ་མའི་ཚོགས་ཐེངས་ནང་བཙུགས་ནི་སྦེ་ བཞག་ཅི་ཟེར་ཞུ་ཡི།
དེ་དང་གཅིག་ཁར་ འདས་པའི་ལོ་༥ དེ་ཅིག་གི་རིང་ དམངས་རྩིས་ཚོགས་ཆུང་གི་ གྲུབ་འབྲས་ག་བཟུམ་ བཏོན་ཡོདཔ་ཨིན་ནའི་སྐོར་ལས་ཡང་ སྙན་ཞུ་ཕུལ་ཡི།
གྲུབ་འབྲས་ཚུ་གི་གྲས་ལས་གཅིག་ སྤྱི་ལོ་༡༩༨༡ ལས་༢༠༠༦ ཚུན་གྱི་ རྩིས་རྙོགས་ཚུ་ ད་རེས་ཀྱི་ སྤྱི་ཚོགས་ནང་ར་ བསལ་ཚུགས་མི་དེ་ ཨིན་པའི་གནས་ཚུལ།

ཉི་མ་དབང་འདུས།

No comments:

Post a Comment