![]() |
ལྷུན་རྩེ་རབ་སྡེ་གྲྭ་ཚང་གི་ བླམ་གནས་བརྟན་གསརཔ་ ངག་དབང་བསྟན་འཛིན། པར་-འབྲུག་རྒྱང་བསྒྲགས། |
དགུང་ལོ་༤༦ ལང་མི་ བླམ་གནས་བརྟན་ངག་དབང་བསྟན་འཛིན་དེ་ ཀུར་སྟོད་སྟག་མོ་ཆུ་ལས་ཨིནམ་ད་ ཁོ་གིས་ དགུང་ལོ་༥ ལས་ ལྷུན་རྩེ་གྲྭ་ཚང་ནང་ འཛུལ་ཞུགས་འབད་བའི་ཤུལ་ལུ་ ཐིམ་ཕུ་བདེ་ཆེན་ཕོ་བྲང་དགེ་འདུན་སློབ་གྲྭ་ནང་ ཤེས་ཡོན་སྦྱང་བརྩོན་འབད་ཡོདཔ་ཨིན་པས།
དེ་གི་ཤུལ་ལས་ རྟ་མགོ་ནང་པའི་མཐོ་རིམ་སློབ་གྲྭ་ལས་ མཐོ་རིམ་ཤེས་ཡོན་མཐར་འཁྱོལ་ཏེ་ མཐོ་རིམ་སློབ་གྲྭ་དེ་ནང་ སློབ་དཔོན་སྦེ་ ཕྱག་ཞུ་ཡོདཔ་ད་ སྤྱི་ལོ་༢༠༠༠ ལུ་ མོང་སྒར་སྔ་ཚང་གྲྭ་ཚང་གི་ དབུ་འཛིན་སྦེ་ བཞུགས་པའི་ཤུལ་ལུ་ སྐྱིད་བདེ་མཁར་ལུང་རྟོགས་ཆོས་ཀྱི་དགའ་ཚལ་ནང་པའི་འབྲིང་རིམ་བཤད་གྲྭའི་ དབུ་འཛིན་སྦེ་ གནས་སོར་བཏང་ཡོད་པའི་གནས་ཚུལ།
No comments:
Post a Comment