![]() |
མཁའ་འགྲོ་དབང་ཕྱུག། |
ཧཱ་ས་དམར་རྒེད་འོག་ལས་ རྒྱལ་ཡོངས་ཚོགས་སྡེ་ནང་ བཅའ་མར་གཏོགས་མི་ མཁའ་འགྲོ་དབང་ཕྱུག་གིས་ སྤྱི་ལོ་༢༠༠༧ ལུ་ རྒྱ་གར་ ནོརཐི་བེང་གཱལ་གཙུག་ལག་སློབ་སྡེའི་ནང་ལས་ ཚོང་རིག་ཆོས་ཚན་ནང་ མཐར་འཁྱོལ་བའི་ཤུལ་ལུ་ ཁག་འབག་གི་ ལཱ་འབད་ཡོདཔ་ཨིན་པས།
ཁོ་གིས་ སླབ་མིའི་ནང་ མ་གཞི་ རྒྱལ་ཡོངས་ཚོགས་སྡེ་ནང་ བཅའ་མར་གཏོགས་ནི་དེ་ ཁོ་རའི་ སྤྲོ་བ་ཅིག་ཡང་ ཨིན་ཟེར་ཨིན་པས།
མཁའ་འགྲོ་དབང་ཕྱུག་གིས་ སླབ་དོ་བཟུམ་འབད་བ་ཅིན་ སྤྱི་ལོ་༢༠༠༨ ལུ་ བཙག་འཐུ་འགོ་དང་པ་ འབད་བའི་སྐབས་ལུ་ ཧཱ་རྫོང་ཁག་ནང་ལས་ རྒྱལ་ཡོངས་ཚོགས་སྡེའི་ནང་ བཅའ་མར་གཏོགས་མི་ འདེམས་ངོ་ཕུད་རྡོག་༡ ལས་མ་ཐོནམ་ཨིན་རུང་ ད་རེས་ཀྱི་ བཙག་འཐུའི་ནང་ ཁོ་གིས་ཡང་ བཅའ་མར་གཏོགས་ཞིནམ་ལས་ མི་སེར་ཚུ་ལུ་ གདམ་ཁ་བྱིན་ནི་ཟེར་ཨིན་པས།
རང་གི་ རྫོང་ཁག་ནང་འཁོད་ཀྱི་ མི་སེར་ཚུ་གིས་ བློ་གཏད་དེ་ བཅའ་མར་གཏོགས་དགོཔ་སྦེ་ སླབ་ཐོནམ་ད་ རང་གི་ཁ་ཐུག་ལས་འབད་རུང་ མི་སེར་ཚུ་ བློ་མ་ཕམ་ཅིག་ འབད་དགོ་པས་ཟེར་ སླབ་ཨིན་པས།
ཨིན་རུང་ ག་དེམ་ཅིག་སྦེ་ མཁའ་འགྲོ་དབང་ཕྱུག་གིས་ རྒྱལ་ཡོངས་ཚོགས་སྡེའི་ བཙག་འཐུ་ནང་ལས་ རྒྱལ་ཁ་འཐོབ་ཚུགས་པ་ཅིན་ ཁོ་གིས་ གཞུང་དང་ མི་སེར་གྱི་བར་ན་ ཟམ་བཟུམ་ཅིག་སྦེ་ གོ་བ་བརྡ་སྤྲོད་ཚུ་འབད་དེ་ ཕྱག་ཞུ་ནི་ཟེར་ཨིན་པས།
དེ་མ་ཚད་ མི་དབང་མངའ་བདག་རིན་པོ་ཆེ་མཆོག་དང་ གཞུང་ དེ་ལས་ མི་སེར་ཚུ་ལུ་ ཕྱག་ཞུ་ནིའི་ གོ་སྐབས་བཟང་པོ་ཅིག་ཨིན་མས་ཟེར་ མཁའ་འགྲོ་དབང་ཕྱུག་གིས་ བཤདཔ་ཨིན་པས།
ཁོ་གིས་འབད་བ་ཅིན་ དམངས་གཙོའི་རིང་ལུགས་ནང་ ཁག་ཆེ་ཤོས་ཅིག་ བརྡ་བརྒྱུད་ཨིནམ་ལས་ བརྡ་བརྒྱུད་ལུ་ཡང་ གཙོ་བོར་བཏོན་ནི་ཨིན་ཟེར་ ཨིན་པས།
ཁོ་གིས་འབད་བ་ཅིན་ མ་གཞི་ རྒྱལ་ནི་དང་ ཕམ་ནི་དེ་ མི་སེར་ཚུ་ལུ་ རག་ལསཔ་ཨིན་རུང་ ག་དེམ་ཅིག་སྦེ་ ཁོ་གིས་ རྒྱལ་ཁ་འཐོབ་པ་ཅིན་ ཅི་ཤེས་གང་ལྕོགས་ཀྱི་ཐོག་ལས་ ཕྱག་ཕྱིད་ཞུ་ནི་ཟེར་ ཨིན་པའི་གནས་ཚུལ།
ཡེ་ཤེས་སྒྲོལ་མ།
No comments:
Post a Comment