གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

རྩི་ནག་ལོག་བཏང་རུང་ ལམ་གྱི་གནས་སྟངས་ སྐྱོ་དྲགས་ལུ་གྱུར་ཡོདཔ།

༢༧/༠༢/༢༠༡༣    ༉ བསམ་རྩེ་ཁྲོམ་གྱི་ འཁོར་ལམ་ཧོ་ཀ་ལེ་ཤ་ཐོན་ཏེ་ ཐབས་སྐྱོ་དྲག་ལུ་གྱུར་ཡོད་མི་དེ་ཡང་ ཁྲོམ་ཁར་སྡོད་མི་ཚུ་གིས་ བཤད་དོ་བཟུམ་འབད་བ་ཅིན་ འཁོར་ལམ་གུ་ལུ་ རྩི་ནག་ཧེང་བཀལ་བཏང་པའི་ཤུལ་ལས་ ཧོ་ཀ་འཐོན་ནི་ འགོ་བཙུགས་ཅི་ཟེར་ཨིན་པས།
ད་རེས་ནངས་པ་ སྣུམ་འཁོར་བཏང་སྟེ་ བསམ་རྩེ་ཁྲོམ་བདའ་འགྱོ་བའི་སྐབས་ ཆུ་འཁྱིལ་སྡོད་མིའི་ཧོ་ཀ་ཚུ་ མཐོང་དོ་ཡོད་པའི་ཁར་ གནམ་བྱཱར་འཐོན་རན་དོ་ཡོདཔ་ལས་ ཁྲོམ་ཁར་སྡོད་མི་ཚུ་ལུ་ ཚ་གྱང་ཐེབས་ཅིག་ར་ ཕོག་དོ་ཡོདཔ་ཨིན་པས།


དབུགས་འགམ་སྡོད་མི་ མི་སེར་ཚུ་གིས་འབད་བ་ཅིན་ ཁྲོམ་སྡེ་གིས་ ཁྲོམ་རྒྱ་བསྐྱེད་འབད་མ་ཚུགས་རུང་ འཁོར་ལམ་དེ་ དུམ་གྲ་ཅིག་ ཉམས་བཅོས་འབད་ཚུགས་པའི་ རེ་བ་བསྐྱེད་དོ་ཟེར་ཨིནམ་མ་ཚད་ འཁོར་ལམ་རྩི་ནག་བཏང་ནིའི་ལཱ་དེ་ཡང་ ལོ་ཅིག་གི་ཧེ་མར་ འབད་ཡི་ཟེར་ཨིན་པས།
ཁྲོམ་ཁར་སྡོད་མི་ བསྟན་འཛིན་ཚེ་རིང་གིས་ སླབ་དོ་བཟུམ་འབད་བ་ཅིན་ འཁོར་ལམ་ཧོ་ཀ་ཐོན་མི་གིས་མ་ཚད་ གནམ་ནུབ་མོ་ སྣུམ་འཁོར་བཏང་འགྱོ་བའི་སྐབས་ ཧོ་ཀ་ཡོད་མེད་མཐོང་མི་ཚུགསཔ་ལས་ སྣུམ་འཁོར་ཚུ་ལུ་ རྐྱེན་ངན་འབྱུང་ནིའི་ ཉེན་ཁ་འདུག་ཟེར་ཨིན་པས།
ཁྲོམ་ཁར་སྡོད་མི་ གཞན་མི་ཅིག་གིས་ བཤད་དོ་བཟུམ་འབད་བ་ཅིན་ དེ་བཟུམ་མའི དཀའ་ངལ་བྱུང་མི་དེ་ ལཱ་གི་སྤུས་ཚད་ སྐྱོ་དྲགས་འབད་མི་ལུ་བརྟེན་ཏེ་ཨིན་ན་ ཡངན་ ལག་ལེན་འཐབ་པའི་ཅ་ཆས་ཚུ་ སྤུས་ཚད་དང་མ་ལྡན་མི་ལུ་བརྟེན་ཨིན་ན་ སླབ་མི་ཤེས་པས་ཟེར་ཨིན་པས།
ལམ་ཉམས་བཅོས་ཀྱི་ལཱ་ཚུ་ འབད་བའི་བསྒང་ར་ཡོདཔ་ཨིན་རུང་ མི་སེར་ཚུ་གིས་འབད་བ་ཅིན་ ད་རེས་ཚར་ཅིག་ ཉམས་བཅོས་འབད་རུང་ ལཱ་ཚུ་སྤུས་ཚད་དང་ལྡནམ་སྦེ་ མ་འབད་ནི་དེ་གིས་ མགྱོགས་པ་ར་ མེདཔ་འགྱོ་འོང་ཟེར་ཨིན་པས།
ལས་སྡེ་ཅིག་ནང་ལཱ་འབད་མི་ ཆོས་བཟང་གིས་ སླབ་མིའི་ནང་ ད་རེས་ཀྱི་ གནས་སྟངས་ལུ་ ལྟ་བ་ཅིན་ ཁྲོམ་ལམ་ཁར་ སྣུམ་འཁོར་རེ་ལས་བརྒལ་ འགྲོ་འགྲུལ་འཐབ་མི་ཚུགས་དོ་ཡོདཔ་ད་ འཁོར་ལམ་རྒྱ་བསྐྱེད་འབད་དགོཔ་ ཁག་ཆེ་བས་ཟེར་ཨིན་པས།
བསམ་རྩེ་ཁྲོམ་སྡེའི་ བཟོ་རིག་འགོ་དཔོན་ སངས་རྒྱས་བསྟན་འཛིན་གྱིས་ སླབ་མིའི་ནང་ ན་ཧིང་ གནམ་བྱཱར་གྱི་སྐབས་ ཆརཔ་ཤུགས་སྦེ་རྐྱབ་མི་ལུ་བརྟེན་ཏེ་ཨིནམ་མ་ཚད་ མ་དངུས་ལངམ་སྦེ་མེད་མི་ལུ་བརྟེན་ རྩི་ནག་ཚུ་ སྤུས་ཚད་དང་ལྡནམ་སྦེ་ བཏང་མ་ཚུགས་ཟེར་ཨིན་པས།
སྤྱིར་བཏང་ཆར་ཆུ་གིས་ གནོད་སྐྱོན་མི་རྐྱབ་ནིའི་དོན་ལུ་ འཁོར་ལམ་རྩི་ནག་ སྟུག་ཚད་མི་ལི་མི་ཊར་༧༥ རེ་ བཏང་དོ་ཡོདཔ་ཨིན་རུང་ མ་དངུལ་ལངམ་སྦེ་ མེདཔ་ལས་ སྟུག་ཚད་མི་ལི་མི་ཊར་༢༥ རེ་ལས་བརྒལ་ བཏང་མ་ཚུགས་ཟེར་ བཟོ་རིག་འགོ་དཔོན་གྱིས་སླབ་ཅི།
བསམ་རྩེ་ སྒོ་ར་ཁ་ལས་ ཁྲོམ་ཁར་ཚུན་ རྩི་ནག་ཧེང་སྐལ་བཏང་མིའི་ནང་ ཟད་འགྲོ་དངུལ་ཀྲམ་ས་ཡ་༢.༨ བཏང་ཡི་ཟེར་ ཁོ་གིས་སླབ་ཨིན་པས།
ཨིན་རུང་ ད་ལྟོ་ཡོད་པའི་ ལམ་གྱི་ཧོ་ཀ་ཚུ་ དུས་ཅི་ གནམ་བྱཱར་མ་ཐོན་པའི་སྔ་གོང་ལས་ ལོག་བསུབ་ནི་ཨིན་མི་དེ་གིས་ མི་སེར་ཚུ་ལུ་ གནས་ཚུལ་བཟང་པོ་ཅིག་ ཨིན་པའི་གནསཚུལ།

No comments:

Post a Comment