གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

གནས་ཚུལ་མདོར་བསྡུས།

༡༩/༢/༢༠༡༣
རྒྱ་གར་གྱི་ ལྷོ་ཕྱོགས་ཁྲོམ་སྡེ་ མུམ་བཱ་ཡེ་ལུ་ སྤྱི་ཟླ་༢ པའི་ཚེས་༡༥ ལས་༡༧ ཚུན་འཚོགས་མི་ འཛམ་གླིང་མི་སྟོབས་གོང་འཕེལ་འཛོམས་འདུའི་ ཉིན་མཇུག་དེ་ནང་ སྐུ་མགྲོན་གཙོ་བོ་སྦེ་བྱོན་མི་ ལས་གཡོག་བློན་པོ་ རྡོ་རྗེ་དབང་འདུས་ཀྱིས་ དུས་རབས་གསར་པའི་ནང་ ལས་མི་བདག་སྐྱོང་ལམ་ལུགས་ ལག་ལེན་དྲག་ཤོས་ཀྱི་ རྩ་དོན་ཚུ་ འགྲེལ་བཤད་བསྐྱར་བཀོད་ཀྱི་སྐོར་ལས་ གསལ་བཤད་གནང་ཡོདཔ་ཨིན་པས།
འཛམ་གླིང་རྒྱལ་ཁབ་ཚུ་ལས་ མི་སྟོབས་འགོ་ཁྲིདཔ་དང་ འཛིན་སྐྱོང་པ་༧༠ དེ་ཅིག་གིས་ བཅའ་མར་གཏོགས་མི་ འཛོམས་འདུའི་སྐབས་ལུ་ མི་མང་དང་ སྒེར་སྡེ་ལས་འགུལ་ཚུ་ནང་ མི་སྟོབས་ཀྱི་ འགོ་ཁྲིདཔ་དྲག་ཤོས་དང་ མཁས་མཆོག་ལེ་ཤ་ཅིག་ལུ་ ལེགས་བསྟོད་ཀྱི་ རྟགས་མ་ཚུ་ བྱིན་ཡོདཔ་མ་ཚད་ ལས་གཡོག་བློན་པོ་ རྡོ་རྗེ་དབང་འདུས་ལུ་ འཛམ་གླིང་མཁྱེན་རྒྱ་ཅན་གྱི་ དབུ་ཁྲིད་རྟགས་མ་ཅིག་ཡང་ ཕུལ་ཡོད་པའི་གནས་ཚུལ།

No comments:

Post a Comment