གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

རྒཔོ་དྲང་མི་བུཚ་ཅིག་ འཛིན་བཟུང་འབད་ཡོདཔ།

༢༢/༢/༢༠༡༣   ༉ དགེ་ལེགས་ཕུག་ཁྲིམས་སྲུང་འགག་པ་གིས་ མི་སྡེ་འགོ་ཁྲིདཔ་ཅིག་ལུ་ བརྡུང་རྫོབ་འབད་མི་ སྐྱེས་ལོ་༢༣ ལང་མི་ སློབ་གྲྭ་ནང་ལས་ཐོན་སྡོད་མི་བུཚུ་ཅིག་ འཛིན་བཟུང་འབད་ཡོདཔ་ད་ ད་རུང་ ཆ་རོགས་གཞན་མི་ཅིག་ འཚོལ་བའི་བསྒང་ཡོདཔ་ཨིན་པས།


དེ་ཡང་ སྤྱི་ཟླ་༢ པའི་ཚེས་༡༨ ཀྱི་ནུབ་མོར་ དགེ་ལེགས་ཕུག་ཁྲོམ་ལས་ གཞལམ་སྒང་ཁ་ཐུག་ལུ་ ཀི་ལོ་མི་ཊར་༥ དེ་ཅིག་གི་ས་གནས་ དཔལ་རི་ཐང་ བསྟོད་སྤྱི་འོག་ལུ་སྡོད་མི་ སློབ་ཕྲུག་བུཚ་ཅིག་གིས་ དགེ་ལེགས་ཕུག་གི་རྒཔོ་ལུ་ བརྡུང་རྫོབ་འབད་ནིའི་དཔའ་བཅམ་འབདཝ་ད་ གཅིག་གིས་ མཛོག་བླུགས་བྱིན་ཡོདཔ་ཨིན་པས།
དགེ་ལེགས་ཕུག་རྒཔོ་ བཀྲ་ཤིས་ཀྱིས་སླབ་མིའི་ནང་ དེ་ཚེ་ནུབ་མོ་ ཆུ་ཚོད་ཕྱེད་དང་༡༢ དེ་ཅིག་ཁར་ ཁོ་གི་ ཁྱིམ་གྱི་ལྟག་ལས་ སྐད་མ་འདྲཝ་ཅིག་གོ་ནི་དེ་གིས་ བཙན་ཁྲིད་རེ་འབདཝ་མེན་ན་མནོ་སྟེ་ ཁྱིམ་ནང་ལས་ཐོན་ཏེ་ བལྟ་བ་སོང་བའི་བསྒང་ལས་ བུཚུ་༢ སྐད་རྐྱབ་སྡོད་ནུག་ཟེར་ཨིན་པས།
ཁོ་གིས་ ད་རེས་ནངས་པའི་ དགེ་ལེགས་ཕུག་གི་ སྲུང་སྐྱོབ་གནས་སྟངས་སྐོར་ལས་ སླབ་པའི་སྐབས་ སྐྱེས་ལོ་༢༣ ལང་མི་བུཚ་དེ་གིས་ ཁོ་ལུ་ ངོ་རྒོལ་འབད་མི་ལུ་བརྟེན་ ཁོ་གིས་ བཟུང་བཞག་ཡོད་རུང་ ཕྱི་རུང་ ནག་དུང་ནང་ བུཚ་གཞན་མི་དེ་གིས་ རྒྱབ་ཁ་ལས་སྦེ་ ཁོ་གི་ལྷ་པ་གུ་ མཛོག་ཕོག་ཅིག་བླུགསཔ་ལས་ གདོང་ག་ར་ཁྲག་གིས་ གང་སོ་ཡི་ཟེར་ཨིན་པས།
རྒཔོ་བཀྲ་ཤིས་ཀྱིས་ སླབ་མིའི་ནང་ ཁོ་གིས་ དེ་འཕྲོ་ལས་ ཁྲིམས་སྲུང་འགག་པ་ལུ་ སྙན་ཞུ་འབད་ཡི་ཟེར་ཨིན་པས།
ཁྲིམས་སྲུང་འགག་པའི་སྡེ་ཚན་གྱིས་ ནུབ་མོའི་ཆུ་ཚོད་༡༢ དེ་ཅིག་ཁར་ བྱ་ངན་འབད་མི་ སྐྱེས་ལོ་༢༣ ལང་མི་བུཚུ་དེ་ འཛིན་བཟུང་འབད་ཡོདཔ་ཨིན་རུང་ ཁོ་གི་ ཕོ་སྤུན་སློབ་རིམ་༩ པ་ལས་ ཐོན་སྡོད་མི་དེ་ བྱོག་ཡར་སོཔ་ཨིན་པས།
ཁྲིམས་སྲུང་འགག་པའི་འགོ་དཔོན་ཅིག་གིས་ སླབ་མིའི་ནང་ གནད་དོན་དེ་གི་སྐོར་ལས་ གོ་རྟོགས་བྱུངམ་ཅིག་ ཁྲིམས་སྲུང་འགག་པའི་སྡེ་ཚན་གྱིས་ དེ་འཕྲོ་ལས་སོང་སྟེ་ བུཚུ་ཅིག་བདའ་བཟུན་ཡོད་རུང་ བྱ་ངན་ངོ་མ་འབད་མི་བུཚ་དེ་ ནག་དུང་ནང་འབད་ནི་དེ་གིས་ བྱོག་ཐལ་ཡོདཔ་ཨིན་པས།
བསམ་རྩེ་རྡོ་རོ་ཁ་ལས་ཨིན་མི་ བུཚུ་༢ པོ་དེ་ འཕྲལ་ཁམས་ཅིག་ཁར་ ཁོང་གི་སྤུན་ཆ་དང་གཅིག་ཁར་ དགེ་ལེགས་ཕུག་ལུ་ སྡོད་ཡོདཔ་ཨིན་པས།
ཁྲིམས་སྲུང་འགག་པ་གིས་ སླབ་མིའི་ནང་ བུཚུ་༢ ཆང་འགྲངས་ནུག་ཟེར་ཨིནམ་ད་ བྱོག་འགྱོ་མི་བུཚུ་དེ་ ད་ལྟོ་འཚོལ་བའི་བསྒང་ཡོདཔ་ལས་ འཕྲལ་མགྱོགས་ར་ བཟུང་ཚུགས་པའི་རེ་བ་ ཡོད་ཟེར་ཨིན་པས།
དགེ་ལེགས་ཕུག་རྒཔོ་ བཀྲ་ཤིས་ཀྱིས་སླབ་མིའི་ནང་ བྱ་ངན་ལུ་བརྟེན་ ཁོ་ལུ་གནོད་པ་སྦོམ་མ་བྱུང་སྟེ་འབད་རུང་ ད་རེས་ནངས་པ་ མི་ངན་ཚུ་གིས་ མི་སྡེའི་འགོ་ཁྲིདཔ་ཚུ་ལུ་ ཉེན་སྲུང་གི་གནས་སྟངས་དེ་ འཚུབས་དྲགས་བཟོ་ཡོདཔ་ལས་ གཞུང་གི་ཁ་ཐུག་ལས་ རྒྱབ་སྐྱོར་གནང་དགོཔ་ གལ་ཆེ་བའི་དུས་ཚོད་ལུ་ ལྷོད་དེ་འདུག་ཟེར་ ཨིན་པའི་གནས་ཚུལ།

རྩི་རང་ལས་ ཚེ་རིང་རྣམ་རྒྱལ།

No comments:

Post a Comment