གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

ཨམ་སྲུ་ཅིག་ བསྣད་ཞིནམ་ལས་ བྱོག་སོང་མི་ དེད་གཡོགཔ་འཚོལ་ཞིབ།

༢༢/༢/༢༠༡༣   ༉ སྤྱི་ཟླ་༢ པའི་ཚེས་༡༦ ལུ་ མོང་སྒར་ཀུར་རི་ཟམ་པ་ལུ་ སྣུམ་འཁོར་ཆུང་བ་ཅིག་གིས་ སྐྱེས་ལོ་༢༦ ལང་མི་ ཨམ་སྲུ་ཅིག་བསྣད་དེ་ བྱོག་ཡར་སོ་མི་ དེད་གཡོགཔ་དང་ སྣུམ་འཁོར་དེ་ རྒྱལ་པོའི་ཞིང་གི་ ཁྲིམས་སྲུང་འགག་པ་གིས་ ད་ལྟོའི་བར་ན་ཡང་ འཚོལ་བའི་བསྒང་ཡོདཔ་ཨིན་པས།


རྐྱེན་ངན་དེ་ ཕྱི་རུའི་ཆུ་ཚོད་༧ དེ་ཅིག་ཁར་ བྱུང་བའི་སྐབས་ལུ་ མཐོང་མི་ག་ཡང་མེད་རུང་ གནད་དོན་དེ་གི་སྐོར་ལས་ གླ་འཁོར་གྱི་ དེད་གཡོགཔ་ཅིག་གིས་ རྒྱལ་པོའི་ཞིང་གི་ ཁྲིམས་སྲུང་འགག་པ་ལུ་ སྙན་ཞུ་འབད་བའི་ཤུལ་ལུ་ རྨ་སྐྱོན་བྱུང་མི་ ཨམ་སྲུ་དེ་ རྒྱལ་པོའི་ཞིང་སྨན་ཁང་ནང་ བསྐྱལ་ཡོདཔ་མ་ཚད་ དེ་གི་ནངས་པར་ མོང་སྒར་གཙོ་བསྟེན་སྨན་ཁང་ནང་ བསྐྱལ་བའི་ཤུལ་ལུ་ སྤྱི་ཟླ་༢ པའི་ཚེས་༡༨ ཀྱི་ ཕྱི་རུའི་ཆུ་ཚོད་ཕྱེད་༨.༣༠ དེ་ཅིག་ལུ་ ཤི་སོཔ་ཨིན་པས།
གཙོ་བསྟེན་སྨན་ཁང་ལས་ གསོ་བའི་འགོ་དཔོན་ཚུ་གིས་ སླབ་མིའི་ནང་ ཚེ་འདས་ཀྱི་ གཟུགས་དང་ མགུ་ཏོ་གུ་ རྨ་སྐྱོན་ག་ནི་ཡང་མེད་རུང་ མོ་གི་ དཔྱི་སྨད་རུ་ཏོ་ཅིག་ བཅག་དཀྲུམས་བཏང་ནུག་ཟེར་ཨིན་པས།
ཆང་འཐུང་ཡི་ར་ སྡོད་མི་ཅིག་ཨིན་མི་ ཚེ་འདས་དེ་ མོང་སྒར་འགྱུར་མེད་རྒེད་འོག་ལས་ཨིན་རུང་ གཡུས་ཁ་ལུ་ མ་སྡོད་པར་ རྒྱལ་པོའི་ཞིང་གི་ གཞུང་ལམ་དང་ མོང་སྒར་གཞུང་ལམ་གྱི་ རྒྱ་གྲམ་སྦོ་ལོགས་ཁར་ སྦ་སྒོར་ཅིག་ནང་ མོ་རའི་ཨའི་དང་གཅིག་ཁར་ སྡོད་དོ་ཡོདཔ་ད་ མོ་ལུ་ བུ་ཅིག་ཡོད་མི་དེ་ ད་ལྟོ་ རྒྱལ་པོའི་ཞིང་འབྲིང་རིམ་སློབ་གྲྭ་གོང་མའི་ སློབ་རིམ་༨ པའི་ནང་ དཔེ་ཆ་ལྷབ་དོ་ཡོདཔ་ཨིན་པས།
ས་གནས་ཀྱི་ མི་ཚུ་གིས་ སླབ་མིའི་ནང་ ཚེ་འདས་དེ་ ཆང་འཐུང་པའི་ཤུལ་ལུ་ གཞུང་ལམ་གྱི་ སྦོ་ལོགས་ཁར་ ཉལ་སྡོད་སྲོལ་ཡོད་མི་ལུ་བརྟེན་ སྣུམ་འཁོར་གྱིས་ བསྣད་དཔ་འོང་ནི་མས་ཟེར་ཨིན་པས།
ཁྲིམས་སྲུང་འགག་པའི་ འགོ་དཔོན་ཚུ་གིས་ སླབ་མིའི་ནང་ རྐྱེན་ངན་དེ་གི་སྐོར་ལས་ སྙན་ཞུ་ལྷོདཔ་ཅིག་ དེ་འཕྲོ་ལས་ རྒྱལ་པོའི་ཞིང་དང་ གླིང་མེད་ཐང་ལུ་ཡོད་མི་ སྣུམ་འཁོར་ཚུ་ ཞིབ་དཔྱད་རྐྱབ་ནི་ འགོ་བཙུགས་ཅི་ཟེར་ཨིན་པའི་གནས་ཚུལ།

མོང་སྒར་ལས་ བདེ་ཆེན་ཚེ་རིང་།

No comments:

Post a Comment