གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

ཁྲིམས་སྲུང་འགག་པའི་ འགོ་དཔོན་ཅིག་ དོ་དམ་ཁང་ནང་བཞག་ཡོདཔ།

༢༣/༢/༢༠༡༣   དེ་ཡང་ ལོ་ན་མ་སྨིན་པའི་གཡོགམོ་ལུ་ དབང་བཙོང་ལུས་འབྲེལ་འབད་བའི་ ཁ་ཉེས་ཕོག་མི་ལུ་བརྟེན་ཨིན་མས།
༉ ཁྲིམས་སྲུང་འགག་པའི་ འགོ་དཔོན་ཅིག་གིས་ ཁོ་རའི་ཁྱིམ་ནང་ གཡོག་ལཱ་འབད་མི་ བུམོ་སྐྱེས་ལོ་༡༦ ལང་མི་ལུ་ དབང་བཙོང་འདོད་སྤྱོད་འབད་བའི་ ཁ་ཉེས་བཀལ་མི་ལུ་བརྟེན་ དགེ་ལེགས་ཕུག་གི་ ཁྲིམས་སྲུང་འགག་པ་གིས་ འགོ་དཔོན་དེ་ སྤྱི་ཟླ་༢ པའི་ཚེས་༡༩ ལས་ཚུར་ དམག་མིའི་དོ་དམ་ཁང་ནང་ བཞག་ཡོདཔ་ཨིན་པས།


དེ་ཡང་ ཁྲིམས་སྲུང་འགག་སྡེའི་(བདག་སྐྱོང)གཙོ་འཛིན་འོག་མ་གིས་ འགོ་ཁྲིད་འབད་མི་ སྡེ་ཚན་ཅིག་གིས་ ཁ་ཉེས་བཀལ་ཡོད་མི་ལུ་ དབྱེ་ཞིབ་འབད་ནི་ འགོ་བཙུགས་མི་དང་འཁྲིལ་ ཁྲིམས་སྲུང་འགག་པའི་ ལིང་དཔོན་དེ་ སྤྱི་ཟླ་དང་པ་ རྫོགས་ཁམས་ཅིག་ཁར་ གནས་སྐབས་ཅིག་གི་དོན་ལུ་ སྒྲིག་གཡོག་ནང་ལས་ དགོངས་ཕོག་བཏོན་བཞག་ཡོདཔ་ཨིན་པས།
ཁྲིམས་སྲུང་འགག་པ་ལས་གོ་བའི་ ལོ་རྒྱུས་དང་འཁྲིལཝ་ད་ དབྱེ་ཞིབ་འབད་མི་སྡེ་ཚན་གྱིས་ ཞིབ་དཔྱད་སྙན་ཞུ་དེ་ ཁྲིམས་སྲུང་འགག་སྡེའི་ གཙོ་འཛིན་ལུ་ ཕུལ་བའི་ཤུལ་ལས་ གཙོ་འཛིན་གྱིས་ ཁྲིམས་སྲུང་འགག་སྡེའི་ ལས་གཡོག་བཀོད་ཚོགས་ལུ་ སྤྲོད་ཡོདཔ་ཨིན་པས།
དེ་དང་འཁྲིལ་ བཀོད་ཚོགས་ཀྱིས་ དགེ་ལེགས་ཕུག་གི་ ཁྲིམས་སྲུང་འགག་པ་ལུ་ འགོ་དཔོན་དེ་ དོ་དམ་འོག་ལུ་ བཞག་དགོ་པའི་ བཀའ་རྒྱ་བྱིན་ཡོདཔ་མ་ཚད་ རྩོད་དཔོན་ཡོངས་ཁྱབ་ཡིག་ཚང་གིས་སྦེ་ དགེ་ལེགས་ཕུག་དྲུང་ཁག་ཁྲིམས་འདུན་ལུ་ ཉེས་བཤེར་འབད་དགོཔ་སྦེ་ སྙན་ཞུ་འབད་ཡོདཔ་ཨིན་པས།
ལོ་རྒྱུས་དང་འཁྲིལཝ་ད་ ལིང་དཔོན་དེ་ ཁྲིམས་ཀྱི་འདུན་ས་ལུ་ཡང་ བཅར་བཅུག་ནུག་ཟེར་ཨིན་པས།
ཁྲིམས་སྲུང་འགག་སྡེའི་གཙོ་འཛིན་ མདོ་འཛིན་སྐྱིབ་ཅུ་རྣམ་རྒྱལ་གྱིས་ སླབ་མིའི་ནང་ རྩོད་དོན་དེ་ལུ་ འབྲེལ་འཛིན་འབད་མི་ ཁྲིམས་སྲུང་འགག་པའི་ དམག་སྲིད་འོག་མ་ཅིག་ལུ་ ཁག་འགན་སྤྲོད་ཡོད་རུང་ ཁྲིམས་འདུན་ལས་ འཁྲུན་ཆོད་མ་བཏོན་ཚུན་ཚོད་ འགོ་དཔོན་དེ་ གཡོག་ནང་ལས་ བཏོན་གཏང་མི་གཏང་གི་ གྲོས་ཐག་བཅད་མི་ཚུགས་ཟེར་ཨིན་པས།
གཞལམ་སྒང་གི་ མཐའ་ཟུར་ས་གནས་ཅིག་ལས་ཨིན་མི་ གཡོགམོ་དེ་ ཁྲིམས་སྲུང་འགག་པའི་ འགོ་དཔོན་དེ་གི་ གནས་ཚང་གིས་ སྤྱི་ཟླ་༡ པའི་ཚེས་༢༣ ལུ་ དགེ་ལེགས་ཕུག་ལུ་ཡོད་པའི་ ཨམ་སྲུ་དང་ཨ་ལུའི་ལྕོགས་གྲུབ་ཡར་སྐྱེད་ལྟེ་བའི་ ཁས་བླངས་ཡིག་ཚང་ནང་ ཁྱིད་སོང་སྟེ་ མོ་རའི་རྨགཔ་གིས་ གཡོགམོ་ལུ་ ན་ཧིང་སྤྱི་ཟླ་༡༢ པའི་ནང་ དབང་བཙོང་ལུས་འབྲེལ་ འབད་ཡོདཔ་སྦེ་ སླབ་ཡོདཔ་ཨིན་པས།
ལྟེ་བའི་ཁས་བླངས་པ་གིས་ གནད་དོན་དེ་ ཁྲིམས་སྲུང་འགག་པ་ལུ་ སྙན་ཞུ་འབད་ཡོདཔ་ད་ བུམོ་དེ་ སྨན་ཁང་ནང་བསྐྱལ་ཏེ་ དབྱེ་ཞིབ་འབད་བའི་སྐབས་ ལུས་འབྲེལ་འབད་བའི་ བདེན་རྟགས་བྱུང་ཡོདཔ་ཨིན་རུང་ རྐྱེན་ངན་བྱུང་སྟེ་ ཟླཝ་༡ དེ་ཅིག་ ལང་སོཔ་ལས་ ག་གིས་འབད་འབདཝ་ཨིན་ན་ སླབ་མི་ཤེས་པས་ཟེར་ གསོ་བའི་ལས་བྱེདཔ་ཚུ་གིས་ སླབ་ཡོདཔ་ཨིན་པས།
ཉམས་རྒུདཔ་བུམོ་དེ་ ད་རེས་ནངས་པ་ ཐིམ་ཕུ་ལུ་ ཨམ་སྲུ་དང་ ཨ་ལུའི་ལྕོགས་གྲུབ་ཡར་སྐྱེད་ལྟེ་བའི་ སྡོད་གནས་ཁང་ནང་ བཞག་ཡོད་པའི་གནས་ཚུལ།
 
རྩོམ་འབྲི་ལས་བྱེདཔ།

No comments:

Post a Comment