གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

སློབ་རིམ་༡༠ པའི་ ཆོས་རྒྱུགས་ནང་ལས་ དར་དཀར་དཔལ་ལའི་ སློ་ཕྲུག་གིས་ ཨང་དང་པ་ཐོན་ཡོདཔ།

༡༥/༢/༢༠༡༣  གཞུང་གི་སློབ་གྲྭ་ཚུ་ནང་ འཛུལ་ཞུགས་ཀྱི་དོན་ལུ་ སྐུགས་ཚད་བརྒྱ་ཆ་༦༡.༤༠ དགོཔ།


སློབ་རིམ་༡༠ པའི་ ཆོས་རྒྱུགས་ནང་ སྐུགས་བརྒྱ་ཆ་༩༥ ཐོབ་སྟེ་ ཨང་དང་པ་ཐོན་མི་ འཇམ་དཔལ་ཀུན་ལེགས།
༉ དར་དཀར་ནང་རྫོང་ཁག་ དར་དཀར་དཔལ་ལ་འབྲིང་རིམ་སློབ་གྲྭ་བར་མའི་སློབ་ཕྲུག་ འཇམ་དཔལ་ཀུན་ལེགས་ཀྱིས་ སྤྱི་ལོ་༢༠༡༢ ཀྱི་ སློབ་རིམ་༡༠ པའི་ཆོས་རྒྱུགས་ནང་ སྐུགས་བསྡོམས་བརྒྱ་ཆ་༩༥ ཐོབ་སྟེ་ ཨང་དང་པ་ཐོན་ཡོདཔ་ཨིན་པས།
དེ་ལས་ དབང་འདུས་ཕོ་བྲང་རྫོང་ཁག་ བསན་གཏན་སྒང་འབྲིང་རིམ་སློབ་གྲྭ་བར་མའི་སློབ་ཕྲུག་ ཤེས་རབ་རྡོ་རྗེ་གིས་ སྐུགས་བརྒྱ་ཆ་༩༤.༦༠ ཐོབ་སྟེ་ ཨང་གཉིས་པ་ཐོན་ཡོདཔ་ད་ ཐིམ་ཕུ་མུ་ཏིག་ཐང་ འབྲིང་རིམ་སློབ་གྲྭ་གོང་མ་ལས་ བསོད་ནམས་མཚོ་མོ་དང་ ཌི་བི་ཡ་ ཆེ་ཏི་རི་གཉིས་ཀྱིས་ སྐུགས་བརྒྱ་ཆ་༩༤ རེ་ཐོབ་སྟེ་ ཨང་གསུམ་པ་ཐོན་ནུག།
སློབ་རིམ་༡༠ པའི་ཆོས་རྒྱུགས་ཀྱི་དོན་ལུ་ སློབ་གྲྭ་༨༤ ལས་ སློབ་ཕྲུག་༡༠,༥༤༧ གྱིས་ ཐོ་བཀོད་འབད་མིའི་གྲས་ལས་༣༢༧ གྱིས་ མཐར་འཁྱོལ་མ་ཚུགས་པའི་ཁར་༡༤༦ ཆོས་རྒྱུགས་རྐྱབ་པར་ མ་འོང་པས་ཟེར་ ཁ་ཙ་ འབྲུག་སློབ་གྲྭའི་ཆོས་རྒྱུགས་དང་ བརྟག་ཞིབ་ཚོགས་སྡེ་ལས་ གནས་ཚུལ་གསར་བཏོན་འབད་མིའི་ནང་བཀོད་ནུག།
སྤྱིར་བསྡོམས་མཐར་འཁྱོལ་དེ་ བརྒྱ་ཆ་༩༦.༨༦ ཨིནམ་ལས་ ལོ་ཧེ་མ་དང་ཕྱདཔ་ད་ བརྒྱ་ཆ་༠.༡༨ དེ་ཅིག་ མར་བབས་སོང་ཡོདཔ་ཨིན་པས།
དུས་ཅི་ གཞུང་གི་སློབ་གྲྭ་ཚུ་གི་ སློབ་རིམ་༡༡ པའི་ནང་ འཛུལ་ཞུགས་ཀྱི་ སྐུགས་ཚད་དེ་ བརྒྱ་ཆ་༦༡.༤༠ འབདཝ་ད་ ཨིང་ལིཤ་ཆོས་ཚན་དང་ སྐུགས་མཐོ་ཤོས་ཐོབ་མི་ ཆོས་ཚན་གཞན་༤ བསྡོམས་ཏེ་ སྐུགས་བསྡོམས་༣༠༧ དགོ་ཟེར་ སློབ་གྲྭའི་ཤེས་རིག་ལས་ཁུངས་ཀྱིས་ གསལ་བསྒྲགས་འབདཝ་ཨིན་པས།
དུས་ཅི་ སློབ་རིམ་༡༡ པའི་ནང་ སློབ་ཕྲུག་༤,༤༣༥ དེ་ཅིག་ ལེན་ནི་ཨིན་པའི་གནས་ཚུལ།

No comments:

Post a Comment