གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

སྣུམ་འཁོར་ཊི་པར་ཊཱག་ཅིག་ལས་ འཁོར་ལོ་ཆ་༡ ཨར་རྐུན་འབད་ཡོདཔ།

༢༢/༢/༢༠༡༣   ༉ མོང་སྒར་གྱི་ ཁྲིམས་སྲུང་འགག་པ་གིས་ སྤྱི་ཟླ་༢ པའི་ཚེས་༢༠ ལུ་ སྣུམ་འཁོར་ཊཱག་ཅིག་ འཕྱོག་བཟུང་འབད་ཡོད་མིའི་ ཇོ་བདག་དང་ དེད་གཡོགཔ་དེ་ འཚོལ་བའི་བསྒང་ཡོདཔ་ད་ ཊཱག་དེ་ ད་ལྟོའི་བར་ན་ཡང་ མོང་སྒར་ཁྲིམས་སྲུང་འགག་པ་གིས་ བདག་འཛིན་འོག་ལུ་ཡོདཔ་ཨིན་པས།
ཞིབ་དཔྱད་འབད་ནིའི་དོན་ལུ་ འཕྱོག་བཟུང་འབད་མི་ སྣུམ་འཁོར་ཊཱག།


དེ་ཡང་ སྣུམ་འཁོར་ཊཱག་གི་ དེད་གཡོགཔ་དེ་གིས་ སྤྱི་ཟླ་༢ པའི་ཚེས་༡༩ གི་ནུབ་མོ་ མོང་སྒར་སྟོང་ཤིང་ལུ་བཞག་ཡོད་པའི་ སྣུམ་འཁོར་ཊི་པར་ཊཱག་ཅིག་ལས་ འཁོར་ལོ་ཆ་༡ བཏོན་འབག་ཡོདཔ་མ་ཚད་ སྣུམ་འཁོར་ནང་ལས་ མར་ཁུ་ཡང་ བཏོན་འབག་ཡོདཔ་ད་ བྱ་ངན་དེ་ནང་ འབྲེལ་གཏོགས་ཡོད་པའི་སྐོར་ལས་ ཁྲིམས་སྲུང་འགག་པའི་སྣུམ་འཁོར་ལྟ་རྟོག་སྡེ་ཚན་ལུ་ སྙན་ཞུ་ལྷོད་པའི་ཤུལ་ལུ་ འཕྱོག་བཟུང་འབད་ཡོདཔ་ཨིན་པས།
འཁོར་ལོ་ཨར་རྐུན་ཤོར་མི་ དེད་གཡོགཔ་དེ་གིས་ ཀུན་གསལ་ལུ་སླབ་མིའི་ནང་ ཁོ་གི་ སྣུམ་འཁོར་ཊི་པར་ཊཱག་གི་ འཁོར་ལོ་དེ་ སྤྱི་ཟླ་༢ པའི་ཚེས་༡༩ ལུ་ དངུལ་ཀྲམ་༩,༤༠༠ སྤྲོད་དེ་ སོར་ཡོདཔ་མ་ཚད་ མར་ཁུ་ཡང་བླུགས་ཏེ་ དེ་གི་ནངས་པར་ ལཱ་སར་འགྱོ་ནི་སྦེ་ གྲ་སྒྲིག་བཞག་སྟེ་ དྲོ་པ་ལྟ་བའི་བསྒང་ལས་ འཁོར་ལོ་༢ དང་ མར་ཁུ་ཚུ་ བཏོན་འབག་ནུག་ཟེར་ཨིན་པས།
ཁོ་གིས་ དེ་འཕྲོ་ལས་ ཞིབ་དཔྱད་རྐྱབ་ནིའི་དོན་ལུ་ ཁྲིམས་སྲུང་འགག་པའི་སྣུམ་འཁོར་ལྟ་རྟོག་སྡེ་ཚན་ལུ་ སྙན་ཞུ་འབད་ཡོདཔ་མ་ཚད་ མོང་སྒར་ཁྲོམ་ཁར་ གླ་འཁོར་བཏང་སྡོད་མི་ ཁོ་རའི་ ནུ་གཅུང་ལུ་ཡང་ སྣུམ་འཁོར་ཆེ་བ་ཚུ་ ལྟ་དགོཔ་སྦེ་ སླབ་ཡོདཔ་ལས་ སྣུམ་འཁོར་ཊཱག་དེ་ ཁོ་གིས་ བདའ་ཟུན་པའི་ཤུལ་ལུ་ ཞིབ་དཔྱད་མཐིལ་ཕྱིན་འབད་ནིའི་དོན་ལུ་ སྣུམ་འཁོར་ལྟ་རྟོག་འབད་མི་ ཁྲིམས་སྲུང་འགག་པ་ཚུ་ འབོ་ཡི་ཟེར་ཨིན་པས།
སྣུམ་འཁོར་ཊཱག་དེ་ མོང་སྒར་ཁྲོམ་གྱི་ སྒོ་ར་ཁའི་ སྦོ་ལོགས་ཁར་ཡོད་པའི་ སྣུམ་འཁོར་ཆེ་བ་བཞག་སའི་ ས་ཁོངས་ནང་ མ་བཞག་པར་ ས་ཁོངས་གཞན་ཅིག་ནང་ བཞག་མི་ལུ་བརྟེན་ ནུ་གཅུང་དེ་གི་སེམས་ཁར་ དོགས་པ་ཆགས་མི་ལུ་བརྟེན་ ཊཱག་དེ་ནང་ འཁོར་ལོ་ལྟ་བའི་བསྒང་ལས་ ཨར་རྐུན་ཤོར་མི་འཁོར་ལོ་དེ་ ཊཱག་དེ་ནང་ བཙུགས་ཡོདཔ་མཐོང་བའི་ཤུལ་ལུ་ སྙན་ཞུ་འབད་ཡི་ཟེར་ཨིན་པས།
སྣུམ་འཁོར་ཊཱག་གི་ དེད་གཡོགཔ་དེ་ མོང་སྒར་ཁྲོམ་ཁར་འགྱོ་བའི་ཤུལ་ལུ་ ཨར་རྐུན་ཤོར་མི་ ཇོ་བདག་དང་ ཁྲིམས་སྲུང་འགག་པའི་ སྣུམ་འཁོར་ལྟ་རྟོག་པ་ཚུ་གིས་ ག་དེམ་ཅིག་ བསྒུགས་སྡོད་རུང་ དེད་གཡོགཔ་དེ་ལུ་ འགྲུལ་འཕྲིན་ག་དེ་ཅིག་བཏང་རུང་ འོང་མ་བཏུབ་ཟེར་ཨིན་པས།
དེ་མ་ཚད་ ཡུདཔ་ཅིག་ལས་ འགྲུལ་འཕྲིན་ཡང་ སུ་ཡིཆ་ཨོཕ་རྐྱབ་བཞག་ཞིནམ་ལས་ རྩ་ལས་ར་ ཁོ་རའི་ཊཱག་བཞག་སར་ འོང་མ་བཏུབ་ད་ སྣུམ་འཁོར་དེ་ ཉིན་མའི་ཆུ་ཚོད་༢ དེ་ཅིག་ལུ་ འཕྱོག་བཟུང་འབད་ཡོད་རུང་ ཕྱི་རུའི་ཆུ་ཚོད་༦ དེ་ཅིག་ལང་རུང་ དེད་གཡོགཔ་དེ་གིས་ འོང་མ་བཏུབ་ཨིན་པས།
སྣུམ་འཁོར་དེ་ ཁྲིམས་སྲུང་འགག་པ་གིས་ བདའ་ཞིནམ་ལས་ ཁྲིམས་སྲུང་འགག་པའི་ཡིག་ཚང་གི་ས་ཁོངས་ནང་ བཞག་ཡོདཔ་ཨིན་པས།
མོང་སྒར་ཁྲིམས་སྲུང་འགག་པའི་ འགོ་དཔོན་ཚུ་གིས་ སླབ་མིའི་ནང་ དེ་བཟུམ་གྱི་ བྱ་ངན་འབད་མི་དེ་ དུས་ཅི་གི་ལོ་ནང་ ཐེངས་༢ པ་ཨིན་ཟེར་ཨིན་པས།
འཛིན་བཟུང་འབད་ཡོད་མི་ སྣུམ་འཁོར་ཊཱག་གི་ ཇོ་བདག་དང་ དེད་གཡོགཔ་དེ་ ལམ་འགྲུལ་ཉེན་སྲུང་དང་སྐྱེལ་འདྲེན་དབང་འཛིན་གྱི་ ཡིག་ཚང་དང་ འབྲེལ་བ་འཐབ་དགོཔ་ཨིན་པའི་གནས་ཚུལ།

མོང་སྒར་ལས་ བདེ་ཆེན་ཚེ་རིང་།

No comments:

Post a Comment