གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

འབྲུག་པའི་སློབ་ཕྲུག་བུམོ་ཅིག་ ས་མཚམས་ཀྱི་ཕྱི་ཁར་ ཁྱིད་སོང་ཡོདཔ།

༢༦/༢/༢༠༡༣   ཕམ་ཚུ་ཚ་གྱང་ལང་སྟེ་ འབྲེལ་ཡོད་དབང་འཛིན་ཚུ་ལས་ རྒྱབ་སྐྱོར་ལེན་ཡོད་རུང་ ངོས་ལེན་མེདཔ་ཨིན་པས།
༉ དགེ་ལེགས་ཕུག་ཁྲོམ་ཁར་སྡོད་མི་ བུམོ་སྐྱེས་ལོ་༡༦ ལང་མི་ཅིག་ རྒྱ་གར་གྱི་ ས་མཚམས་ཁྲོམ་སྡེ་ ཨ་སམ་དཱད་ག་རི་ལུ་ དགའ་མཐུན་གྱི་ འབྲེལ་བ་ཡོད་མི་ མེ་ཅི་ཕོ་སྐྱེས་ཅིག་གིས་ ཁྱིད་སོང་སྟེ་ བདུན་ཕྲག་ལྷག་སོ་རུང་ ལོག་འོང་ནི་མེད་པར་ མོ་གི་ཕམ་སྤུན་ཆ་ཚུ་ ཚ་གྱང་ལང་སྟེ་ཡོདཔ་ཨིན་པས།


དེ་ཡང་ སྤྱི་ཟླ་༢ པའི་ཚེས་༡༦ ལུ་ དབང་འདུས་ཕོ་བྲང་སློབ་གྲྭ་ཅིག་ནང་ འཛུལ་ཞུགས་འབདཝ་ཅིག་ཨིན་མི་ སློབ་རིམ་༧ པའི་སློབ་ཕྲུག་བུམོ་དེ་ སྐྱེས་ལོ་༢༤ ལང་མི་ མེ་ཅི་ཕོ་སྐྱེས་ཀྱིས་ མི་ཅིག་བཏང་སྟེ་ ཁྱིད་སོང་ཡོད་པའི་ དོགས་པ་ཡོདཔ་ཨིན་པས།
བུམོ་དེ་གི་ ཕམ་དང་སྤུན་ཆ་ཚུ་གིས་ ས་མཚམས་སྒོ་ར་ཁའི་ཕྱི་ཁར་ དཱད་ག་རི་ལུ་ མེ་ཅི་ཕོ་སྐྱེས་དེ་གི་ ཨ་ཞེམོ་དང་གཅིག་ཁར་ཚོང་རྐྱབ་སྡོད་མི་ ཨ་བཱ་ར་ཧམ་ཟེར་མི་ བུཚ་དེ་གིས་ བུམོ་ཁྱིད་སོང་ཡོད་པའི་ ཤེས་རྟོགས་བྱུང་བའི་ཤུལ་ལུ་ དགེ་ལེགས་ཕུག་གི་ ཁྲིམས་སྲུང་འགག་པ་ལུ་ སྙན་ཞུ་འབད་ཡོདཔ་མ་ཚད་ བུཚ་དེ་དང་ ཨ་ཞེམོ་ལུ་ འགྲུལ་འཕྲིན་ཐོག་ ཚར་ག་དེམ་ཅིག་ འབྲེལ་བ་འཐབ་རུང་ ལོག་བཏང་མ་བཏུབ་ཨིན་པས།
བུམོ་དེ་གི་ཨ་ཞེམོ་ སྐྱེས་ལོ་༡༩ ལང་མི་གིས་ སླབ་མིའི་ནང་ ནུམོ་ལོག་འཐོབ་ནིའི་དོན་ལུ་ འདས་པའི་རེས་གཟའ་པ་སངས་ལུ་ ཁྲིམས་སྲུང་འགག་པ་ལུ་ སྙན་ཞུ་འབད་བའི་ཤུལ་ལུ་ མོ་དང་མོ་གི་སྤུན་ཆ་༡ ཕོ་སྐྱེས་དེ་གི་ཁྱིམ་ནང་ ནུམོ་ལེན་པར་སོང་ཡོད་རུང་ ཕོ་སྐྱེས་ཀྱི་ སྤུན་ཆ་དང་ ས་གནས་ཀྱི་ མི་ཚུ་གིས་ སྡེ་ཚན་བཟོ་སྟེ་ བསད་ནི་ཟེར་ འཇིགས་སྐྲག་སྟོན་མི་ལུ་བརྟེན་ ལོག་འོང་དགོཔ་ཐོན་སོ་ཡི་ཟེར་ཨིན་པས།
བུམོ་གི་ ཕམ་དང་ སྤུན་ཆ་ཚུ་ ཚ་གྱང་ལང་སྟེ་ འབྲུག་གི་ཁྲིམས་སྲུང་འགག་པ་ལུ་ སྙན་ཞུ་འབད་རུང་ ས་མཚམས་ཀྱི་ཕྱི་ཁར་འབད་ནི་དེ་གིས་ འབད་ཐབས་མིན་འདུག་ཟེར་ སླབ་ཡོདཔ་མ་ཚད་ རྒྱ་གར་གྱི་ ཁྲིམས་སྲུང་འགག་པ་ལུ་ སྙན་ཞུ་འབད་རུང་ ངོས་ལེན་འབད་མ་བཏུབ་ཟེར་ སླབ་ཨིན་པས།
སློབ་རིམ་༡༠ པའི་ནང་ལྷབ་མི་ ཨ་ཞེམོ་གིས་འབད་བ་ཅིན་ གནད་དོན་དེ་གི་སྐོར་ལས་ རྒྱ་འབྲུག་མཐུན་འབྲེལ་ཚོགས་པའི་ འཐུས་མི་ཚུ་ལུ་ ཆ་རོགས་འབད་གནང་ཟེར་ ཞུ་བ་འབད་ཡོད་རུང་ ཕོ་སྐྱེས་དེ་གི་ ཨ་ཞེམོ་དང་ འབྲེལ་བ་ཡོད་མི་ལུ་བརྟེན་ ཆ་རོགས་འབད་མ་བཏུབ་ཟེར་ཨིན་པས།
མོ་གིས་ སླབ་མི་དང་འཁྲིལཝ་ད་ མེ་ཅི་གི་ ཕོ་སྐྱེས་དེ་ དུས་རྒྱུན་དུ་ འབྲུག་པའི་ས་ཁོངས་ནང་ འཁྱམས་སྡོད་མི་ཅིག་ཨིནམ་མ་ཚད་ ལོ་གཅིག་གི་ཧེ་མར་ དགེ་ལེགས་ཕུག་ལུ་ དཔེ་ཆ་ལྷབ་སྡོད་མི་ མོ་གི་ནུམོ་དང་གཅིག་ཁར་ དགའ་མཐུན་བཟོ་བའི་ཤུལ་ལུ་ དུས་ཅི་ སྤྱི་ཟླ་༡ པའི་ནང་ཡང་ ཚར་གཅིག་ ཕོ་སྐྱེས་དེ་གི་ ཁྱིམ་ནང་ ཁྱིད་སོང་བའི་ཤུལ་ལུ་ བདུན་ཕྲག་ལྷགཔ་ཅིག་གི་རྒྱབ་ལས་མ་གཏོགས་ བཏང་མ་བཏུབ་ཟེར་ཨིན་པས།
དེ་ཡང་ ཨ་ཞེམོ་མོ་ར་དང་ སྤུན་ཆ་ཅིག་གིས་ གནས་སྐབས་ཀྱི་ཐོག་ལས་ ནུམོ་དེ་ ལོག་ཁྱིད་འོང་ཡོད་རུང་ ཕོ་སྐྱེས་དེ་དང་ ཁོ་གི་ཨ་ཞེམོ་ དེ་ལས་ མི་སྡེ་ཚན་ཅིག་ རྟིང་བདའ་ཁོང་གི་ཁྱིམ་ནང་འོང་སྟེ་ དབང་བཙོང་གི་སྒོ་ལས་ ལོག་འཁྱིད་འགྱོ་ནི་འབདཝ་ད་ ཁྲིམས་སྲུང་འགག་པ་ལུ་ སྙན་ཞུ་འབདཝ་ལས་ ལུས་སོ་ཡི་ཟེར་ ཨ་ཞེམོ་གིས་ སླབ་ཨིན་པས།
དེ་གི་ཤུལ་ལས་ ཁྲིམས་སྲུང་འགག་པ་གིས་ བར་ན་བློ་སླབ་སྟེ་ ཁོང་གཉིས་ཀྱི་བར་ན་ འབྲེལ་བ་འཐབ་ནི་མེདཔ་སྦེ་ བཟོ་ཞིནམ་ལས་ བུམོ་དེ་ དབང་འདུས་ཕོ་བྲང་ལུ་ གནས་སོར་ཐོག་ ཁྱིད་འོང་ཡོདཔ་ཨིན་པའི་གནས་ཚུལ།

རྩི་རང་ལས་ ཚེ་རིང་རྣམ་རྒྱལ།

No comments:

Post a Comment